མཚོ་སྔོན་ས་ཡོམ་ཅུའུ་ཡི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས7པ།
2021.05.27 ཁུངས། ཀློག་གྲངས། 14


གཅིག  འཕྲོ་ཡོམ་གནས་ཚུལ།

མཚོ་སྔོན་ཞིང་ཆེན་ས་ཡོམ་ཚད་འཇལ་དྲ་བའི་དཔྱད་འབྲས་ལྟར་ན། 2021ལོའི་ཟླ5པའི་ཚེས27ཉིན་གྱི་ཆུ་ཚོད12བར་ཁྱོན་བསྡོམས་འཕྲོ་ཡོམ་ཚད་རིམ3.0ཡན་ཐེངས49བྱུང་བ་ཡིན་ལ། དེའི་ནང་ཚད་རིམ3.0ནས3.9བར་གྱི་འཕྲོ་ཡོམ་ཐེངས35དང་། ཚད་རིམ4.0ནས4.9བར་གྱི་འཕྲོ་ཡོམ་ཐེངས13 ཚད་རིམ5.0ནས5.9བར་གྱི་འཕྲོ་ཡོམ་ཐེངས་1བཅས་བྱུང་། མིག་སྔའི་འཕྲོ་ཡོམ་གྱི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། འཕྲོ་ཡོམ་ཁྱབ་ཚུལ་གྱི་རིང་ཚད་སྤྱི་ལེ170དང་། རྒྱུན་ལྡན་ལས་ཇེ་ཉུང་དུ་འགྲོ་བའི་རང་བཞིན་མངོན།

གཉིས། ཡུལ་དངོས་འཕྲལ་བསྟུན་གནས་ཚུལ།

མཚོ་སྔོན་རྨ་སྟོད5.22ཉིན་གྱི་ཚད་རིམ7.4ཡི་ས་ཡོམ་གྱིས་གུང་ཡུས་མྱུར་ལམ་རྨ་སྟོད་ཁོངས་ཀྱི་རྐྱང་གཞུང་ཟམ་ཆེན་དང་པོ་དང་གཉིས་པ་བརྡིབས་ལ། བརྡིབས་པའི་ཟམ་ཆེན་གཉིས་ཀྱི་བར་སྤྱི་ལེ3ཡོད་པ་རེད། རྐྱང་གཞུང་ཟམ་ཆེན་དང་པོའི་ཕྱོགས་གཉིས་ཀ་བརྡིབས་པ་དང་། ཟམ་གདུང་བརྡིབས་པ་དང་ཟམ་གདན་ལའང་གནོད་སྐྱོན་ངེས་ཅན་ཐེབས་ཡོད། འདི་ནི་རྒྱུན་ལྡན་དུ་མཐོང་རྒྱུ་ཡོད་པའི་གཏོར་བཤིག་རྣམ་པ་ཡིན་ཞིང་། ས་ཡོམ་གྱི་གནོད་ཐེབས་དང་ཡན་ལག་གཏོར་བརླག  ས་འོག་གི་གྲུབ་ཚུལ་དང་རྨང་གཞིའི་གཏོར་བརླག་སོགས་ལས་གཞིགས།

ས་ཡོམ་ཅུའུ་ཡུལ་དངོས་ལས་བྱེད་པས་ས་སྟོང་བརྟག་དཔྱད་དང་ས་ཡོམ་གཏོར་ཚད་དཔྱད་བསྡུར་གཏན་འབེབས་ཐོག་མའི་མཇུག་འབྲས་གཞིར་བཟུང་ནས། ཟམ་ཆེན་གཉིས་ལ་ས་ཡོམ་གཏོར་ཚད་ཏུའུVIIIཡི་ཤུགས་རྐྱེན་ཐེབས་ཡོད། རྐྱང་གཞུང་ཟམ་པ་དང་པོའི་ཡོམ་མཚམས་བར་ཐག་ཧ་ཅང་ཉེ་བའི་ས་ཡོམ་མང་པོའི་ས་ཁུལ་ཏུ་གཏོགས་ལ་གཏོར་བཤིག་ཆེས་ཆེ་བའི་ས་ཁོངས་ཡིན། རྐྱང་གཞུང་ཟམ་པ་གཉིས་པའིི་ཡོམ་མཚམས་ལ་བར་ཐག་ཅུང་ཡོད་པའི་གཏོར་བཤིག་ཆེན་པོ་ཐེབས་མེད། ཟམ་ཆེན་གཉིས་པོའི་ས་ཡོམ་གྱི་གཏོར་ཚད་ཀྱི་ཤུགས་རྐྱེན་ཚང་མ་དེ་སྔའི་ཡོམ་འགོག་གི་ཇུས་འགོད་དཔྱད་གྲངས་ལས་བརྒལ་ཡོད་པ་དང་། མཐོང་དཀོན་པའི་དོན་རྐྱེན་གྱི་ཁོངས་སུ་གཏོགས། ཟམ་པ་དེ་ཇུས་འགོད་ཀྱི་ཚད་གཞི་ལས་བརྒལ་བའི་ས་ཡོམ་ཆེན་པོའི་ནང་བརྡིབས་པའམ་ཡང་ན་གཏོར་སྐྱོན་ཕོག་པའི་སྣང་ཚུལ་རྒྱལ་ཁབ་ཕྱི་ནང་དུའང་རྒྱུན་མཐོང་རེད། དཔེར་ན། 1971ལོར་ཨ་རིའི་ཅཱ་ཀྲིག་ས་ཁུལ་དུ་ས་ཡོམ་ཚད་རིམ6.5བྱུང་པའི་ནང་གཞུང་ལམ་གྱི་ཟམ་པ་བརྡིབས་པ་དང་། 1976ལོར་ཐང་ཧྲན་ས་ཁུལ་གྱི་ས་ཡོམ་ཚད་རིམ7.6བྱུང་པའི་ནང་ཟམ་པ་གཏོར་སྐྱོན་བྱུང་། ཆེས་དཔེ་མཚོན་ཅན་ཞིག་ནི1995ལོར་འཇན་པན་གྱི་པཱན་ཧྲིན་བཟོ་ཁུལ་གྱི་ཚད་རིམ7.2ཡི་ས་ཡོམ་ཆེན་པོའི་ཁྲོད། མྱུར་བགྲོད་གཞུང་ལམ་གྱི་ཟམ་ཆེན་ལའང་གཏོར་སྐྱོན་ཕོག་པ་དང་། 2008ལོར་བུན་ཁྲོན་ས་ཆའི་ཚད་རིམ8ཀྱི་ས་ཡོམ་ཁྲོད་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཁག་ཅིག་གི་ཟམ་པ་སོགས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་གཏོར་བརླག་ཚབས་ཆེན་ཐེབས་པས། འཕྲལ་བསྟུན་རོགས་སྐྱོབ་ལས་དོན་སྤེལ་རྒྱུར་འགོག་རྐྱེན་བཟོས།