“ཏང་གི་འཛུགས་སྐྲུན་ལེགས་པར་སྒྲུབ། ལོ་བརྒྱའི་འཁྲུངས་སྐར་དགའ་བས་བསུ”ཞེས་པའི་ལས་གནས་དང་པོའི་སྐོར་ཞིབ་དྲིལ་བསྒྲགས་བྱ་འགུལ་ལས་“གསར་བརྗེའི་གཞིས་ཁུལ་ཞབས་ཞུས”ཁྱད་ལྡན་ཞབས་ཞུའི་ལམ་བུ་བསྐྲུན་པའི་ལོ་ཟླ།
2021.05.07 ཁུངས། ཀློག་གྲངས། 94

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཐུབ་བསྟན།) གསར་འགོད་པས་ཟི་ལིང་ཅིན་ཧོས་གཞིས་ཁུལ་ཞབས་ཞུའི་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཅིན་ཧོས་གཞིས་ཁུལ་ཞབས་ཞུ་ཀུང་ཟིས་ཟི་ལིང་གྲོང་ཁྱེར་མངའ་ཁོངས་ཀྱི་མཁར་ཤར་དང་མཁར་དཀྱིལ། མཁར་ནུབ་སོགས་ས་ཁུལ་གྱི་གཞིས་ཁུལ་རྙིང་བ་བརྒྱ་དང་ལྔ་བཅུའི་ཁྱིམ་ཚང་ཁྲི་གསུམ་ལྷག་གི་ཞབས་ཞུ་དང་དོ་དམ་གྱི་འགན་ཁུར་ཡོད་ཅིང་། 2019ལོའི་ཟླ་ལྔ་བར། “གསར་བརྗེ་གཞིས་ཁུལ་ཞབས་ཞུ་བ”ཞེས་པའི་དཔུང་སྡེ་གསར་འཛུགས་བྱེད་ཆེད། གོང་རིམ་ཏང་རྩ་འཛུགས་ཀྱི་མཛུབ་སྟོན་འོག ཟི་ལིང་ཅིན་ཧོས་གཞིས་ཁུལ་དོ་དམ་ཞབས་ཞུ་ཚད་ཡོད་ཀུང་ཟིས་སྣེ་ཁྲིད་དེ། གཞིས་ཁུལ་ཞབས་ཞུ་ཀུང་ཟིའི་ཏང་ཡོན་དང་གཞིས་ཁུལ་ཏང་ཡོན། གཞིས་ཁུལ་རྙིང་བའི་སྡོད་དམངས་ཏང་ཡོན་སོགས་ཀྱིས་དམངས་ཀྱི་ཆེད་དུ་གདོང་ལེན་བྱེད་པའི་ཏང་རྩ་འཛུགས་བཙུགས་ཤིང་། ཁོར་སྲུང་དང་གདོང་ལེན། བདེ་སྲུང་སོགས་ལ་མི་གྲངས་ལྔ་བཅུ་ཡིས་གྲུབ་པའི་དང་བླངས་ཞབས་ཞུ་ཚོགས་པ་བཞི་བཙུགས། དེའི་ཁྲོད་དུ་ཏང་ཡོན་བཅུ་གཉིས་ཡོད་པར་མ་ཟད། གྲོང་ཁྱེར་ཡོངས་ནས་ཐེངས་དང་པོའི་གཞིས་ཁུལ་ཞབས་ཞུ་བའི་ཏང་འཛུགས་ཞབས་ཞུ་བཙུགས་ཏེ། “གསར་བརྗེ་གཞིས་ཁུལ་ཞབས་ཞུས”གྲོང་ཁྱེར་བཅོས་སྐྱོང་དང་དམངས་ལ་བདེ་སྐྱིད་བར་ལ་འབྲེལ་ལམ་གསར་བ་ཞིག་བཙུགས།

ཞིན་ཧེ་ལམ་ཁུལ་ཁོངས་དང་ཁད་ཉེ་བའི་ཧོང་ཧི་ལམ་གྱི་ནོང་ཙི་གཞིས་ཁུལ་དུ་སྡོད་པའི་སུང་ཕིན་གྱིས་གཞིས་ཁུལ་ཞབས་ཞུ་བ་གཞིས་ཁུལ་དུ་བསྡད་དེ་དོ་དམ་བྱས་པའི་སྔ་ཕྱིའི་འགྱུར་ལྡོག་ཐད་ནས་ཁ་བརྡ་བྱེད་སྐབས་བཤད་རྒྱུར། “དངོས་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་འདུག གཞིས་ཁུལ་རྙིང་བ་ནི་ནམ་རྒྱུན་གྲོང་ཁྱེར་དོ་དམ་གྱི་དཀའ་གནད་ཅིག་ཡིན་ལ། རྨང་གཞིའི་སྒྲིག་ཆས་ཞན་པ་དང་སྙིགས་རོ་གང་སར་འཕེན་པ། ལེགས་བཅོས་བྱེད་དཀའ་བ་སོགས་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་མོད། གཞིས་ཁུལ་ཞབས་ཞུ་བ་གཞིས་ཁུལ་དུ་བསྡད་པ་ནས་བཟུང་། ཕྱིའི་ཁོར་ཡུག་ལེགས་བཅོས་དང་ནང་གི་སྒྲིག་ཆས་ཆ་ཚང་ཅན་དུ་བསྒྱུར་ཏེ།  གཞིས་ཁུལ་རྙིང་བར་ཡང་ཕྱི་ནང་གཉིས་ཀའི་ཆ་ནས་ལེགས་བཅོས་ཆེན་པོ་བྱུང་འདུག” ཟེར།

ཏང་འཛུགས་ཞབས་ཞུ་ས་ཚིགས་ཀྱིས་སྲང་ལམ་དང་སྡེ་ཁུལ། གཞིས་ཁུལ་ཞབས་ཞུ་སོགས་ཏང་འཛུགས་བྱ་བར་མཉམ་འབྲེལ་མཉམ་མཐུད་ཀྱི་རྣམ་པ་གསར་བ་གསར་འབྱེད་བྱས་ཏེ། གཞིས་ཁུལ་རྙིང་བའི་སྡོད་དམངས་ཀྱིས12345བརྒྱུད་ནས་གཏུག་བཤེར་བྱེད་ཚད་དུས་མཉམ་ལས་བརྒྱ་ཆའི་ལྔ་བཅུའི་ཡས་མས་མར་ཆག་ཡོད་ཅིང་། ཅིན་ཧོས་གཞིས་ཁུལ་ཞབས་ཞུ་ཀུང་ཟིའི་་ཏང་ཀྲི་པུའུ་ཧྲུའུ་ཅི་སོན་ཧོས་ཀྱིས་བཤད་རྒྱུར། “ད་ལྟ་སྡོད་དམངས་ཀྱི་ཡིད་ཚིམ་པའི་ཚད་བརྒྱ་ཆའི་གོ་ལྔ་ལས་བརྒལ་ཡོད། གཞིས་ཁུལ་ཞབས་ཞུ་བའི་བྱ་བ་མགོ་བརྩམ་རྒྱུ་དེ་ཡང་ལས་སླ་བོ་ཞིག་གཏན་ནས་མ་རེད། ཆེ་ས་ནས་གཞིས་ཁུལ་དུ་གློག་འཐེན་པ་དང་ས་འོག་སྦུག་ལམ་ལེགས་བཅོས་བྱེད་པ། གླ་སྡུད་དོ་དམ་གྱི་འགལ་འདུ་སོགས་ཀྱི་དཀའ་གནད་དང་། ཆུང་ས་ནས་ཆུ་ཚོད་འཁོར་ལོ་ཙམ་ཞིག་བརྗེས་ན་ཡང་ཁྱིམ་བདག་འཐད་མིན་ལ་འདྲི་དགོས་མོད། འོན་ཀྱང་ང་ཚོས་བློ་བརྟན་འགྱུར་མེད་ཀྱི་ངང་ནས་གོམ་གང་མདུན་སྤོས་སྒོས་རེ་རེ་བཞིན་ཐག་གཅོད་བྱས་པ་ཡིན།”ཟེར།

ཉེ་བའི་ལོ་འགའི་རིང་དམངས་ཀྱི་ཆེད་དུ་གདོང་ལེན་བྱེད་པའི་ཏང་རྩ་འཛུགས་ཀྱིས་གསར་བརྗེའི་རྩ་འཛུགས་དང་གསར་བརྗེའི་གཡུལ་ས། གསར་བརྗེའི་དཔུང་སྡེ། གསར་བརྗེའི་ཞབས་ཞུ་སོགས་ཕྱོགས་ལྔའི་ཐད་ལ་ཤུགས་ཆེན་པོ་བརྒྱབ་ནས། 12345བྱ་བའི་བྱེད་ཕྱོགས་མཐོར་འདེགས་དང་། “ཕྱོགས་བཞིའི་མཉམ་འབྲེལ+n”ཁྲོད་དུ་ཞུགས་ནས།“རིམ་ལྔའི་མཉམ་སྒུལ”གྱི་ཁོངས་མི་དང་དཔལ་ཡོན་ལས་ཁུངས་སོགས་གཞིས་ཁུལ་ཏང་ཨུ་དང་གཞིས་ཁུལ་ཀྲི་པུའུ།  གཞིས་ཁུལ་ཞབས་ཞུ་བའི་དོ་དམ་ཨུ་ཡོན་ལྷན་ཁང་། གཞིས་ཁུལ་ཞབས་ཞུ་བ་སོགས་ཕྱོགས་བཞིའི་མཉམ་འབྲེལ་ཁྲོད་ཞུགས་པ་དང་།  རྩོད་གླེང་བར་འདུམ་དང་རིག་གནས་ལ་སྐུལ་འདེད། མེ་གསོད་འཁྲབ་སྦྱོང་། སྤྱི་ཕན་ཞབས་ཞུ་སོགས་བྱ་འགུལ་མང་དུ་སྤེལ་ཏེ་ཏང་ཡོན་མང་ཚོགས་དྲུག་བརྒྱ་དགུ་བཅུར་ཞབས་ཞུ་བྱས།

རིམས་ནད་སྔོན་འགོག་གི་སྐབས་སུ་ཅིན་ཧོས་གཞིས་ཁུལ་ཞབས་ཞུ་ཀུང་ཟིའི་གདོང་ལེན་པས་ཧུར་བརྩོན་སྒོས་ཆུ་གློག་དྲོད་གསུམ་ཞིག་གསོ་དང་བདེ་སྲུང་སོགས་ཀྱི་ཐད་ནས་ནུས་ཤུགས་བཏོན་ཞིང་། ལས་གནས་ཏང་ཡོན་གྱིས་གྲུབ་པའི“གུང་ཁྲན་ཏང་ཡོན་ཞབས་ཞུ་ཚོགས་པ”བཙུགས་ཤིང་། ཆུ་ཚོད་ཉེར་བཞིའི་རིང་ལས་གནས་བརྟན་སྲུང་བྱེད་པའི་ལམ་ལུགས་ལག་བསྟར་བྱས། རང་གྲབས་ཀྱི་མ་དངུལ་སྒོར་ཁྲི་བརྒྱད་ལྷག་གིས་སྨན་ཆུ་གཏོར་ཆས་དང་མེ་གསོད་སྒྲིག་ཆས་ཆ་ཚང་བསྒྲིགས་པ་དང་། དུག་སེལ་མང་དུ་བྱས་ཏེ་ནད་ཡམས་སྔོན་འགོག་ཐད་ལ་འགན་སྲུང་གང་ལེགས་བྱས་ལ། སྡོད་དམངས་ཀྱི་སེམས་ལ་ཡལ་བ་མེད་པའི་སྣང་བརྙན་ལེགས་པོ་བཞག་འདུག

ཀུང་ཟིའི་ཀྲི་པུའུ་ཧྲུའུ་ཅི་སོན་ཧོས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་དུ་ཏང་འཛུགས་ཀྱི་སྣེ་ཁྲིད་ལ་བརྟེན་ནས་ཀུང་ཟིས་ནམ་རྒྱུན་ཏང་ཡོན་རྣམས་རྩ་འཛུགས་བྱས་ཏེ་གཞི་རིམ་དུ་ཤེས་བྱ་དྲིལ་སྒྲོག་དང་འབྲེལ་ཡོད་ཀྱི་བྱ་འགུལ་གང་མང་ཞིག་བསྒྲུབས་པ་དང་། ཀྲི་པུའུ་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། དམངས་ཀྱི་ཆེད་དུ་གདོང་ལེན་བྱེད་པའི་ཏང་ཀྲི་པུའུ་ལ་ཟི་ལིང་གྲོང་ཁྱེར་གྱི་སྐར་ལྔ་རིམ་པའི་ཏང་རྩ་འཛུགས་ཀྱི་མིང་བཏགས་བསྩལ། སོན་ཧོས་ཀྱིས་བཤད་རྒྱུར། “ད་ལྟ་གཞིས་ཁུལ་མང་ཆེ་བའི་ནང་དུ་ཚ་གཡོལ་ལྡིང་ཁང་སོགས་གང་སར་མཐོང་ཐུབ་པ་དང་། ཁོར་ཡུག་ལྗང་བསྒྱུར་དང་མཛེས་བཟོའི་ཐད་ནས་ཀྱང་མཐོར་འདེགས་ཆེན་པོ་བྱུང་ཡོད་པར་མ་ཟད། ཁང་བརྩེགས་དང་སྒོའི་ཕྱི་ངོས་སུ་དྲོད་སྲུང་དང་བར་ཁྱམས་སོགས་སུ་དཀར་རག་བྱུག་ཅིང་། གཞིས་ཁུལ་ཞབས་ཞུ་བ་སོགས་ཀྱི་ཐད་ནས་ཀྱང་དུས་ལྟར་ཐོན་ངེས་པས། མང་ཚོགས་ཀྱི་ཡིད་ཚིམ་པའི་ཚད་སྔར་ལས་ཇེ་མཐོར་སོང་ཡོད”ཟེར།

ཅིན་ཧོས་གཞིས་ཁུལ་ཞབས་ཞུ་ཀུང་ཟིའི་སྤྱི་གཉེར་བའི་ལག་རོགས་པ་ཁྲིན་ཆི་རོང་ལ་མཚོན་ན་ལས་ཀ་འདིར་ཞུགས་ནས་ལོ་ངོ་བཅུ་ལྷག་འགོར་ཡོད། ཁོས་ཕྱིར་དྲན་བྱས་ནས་བཤད་རྒྱུར། “གཞིས་ཁུལ་ཞབས་ཞུ་མེད་པའི་སྐབས་སུ་ཁང་རྙིང་མང་པོར་དུས་ཡུན་རིང་བོར་དོ་དམ་དང་རོགས་འདེགས། ཞིག་གསོ་སོགས་མེད་པའི་རྣམ་པར་གནས་ཡོད་པས། སྡོད་དམངས་ཀྱི་འཚོ་བའི་སྤུས་ཀར་ཤན་ཤུགས་ཆེན་པོ་ཐེབས་ཡོད། ཅིན་ཧོས་གཞིས་ཁུལ་ཞབས་ཞུ་ཀུང་ཟི་ཡོད་པ་ནས་བཟུང་། ཁང་རྙིང་མང་པོ་ཞིག་གི་རྣམ་པར་འགྱུར་བ་བྱུང་འདུག སྔོན་ཆད་དམག་མི་ཡིན་པའི་ཁྲིན་ཆི་རོང་གིས་ཏང་འཛུགས་ཀྱི་སྣེ་ཁྲིད་ལ་བརྟེན་ནས་རང་གི་དཔུང་སྡེ་དང་མཉམ་དུ་འབད་འབུངས་བྱས་མཐར། ད་ལྟ་སྡོད་དམངས་རྣམས་ཀྱིས་སྔར་ལས་ལྷག་པའི་འཚོ་བ་གསར་བ་རོལ་བཞིན་འདུག་ཟེར་ལ། ཏང་ཡོན་ཞིག་ཡིན་པའི་ཆ་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ང་ཚོའི་ཐོག་མའི་སེམས་འདུན་ཡིན་ཟེར།