དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་པའི་ཉིན་ཞྭ་སྡེ་བ།
2021.06.03 ཁུངས། ཀློག་གྲངས། 98

——“ཏང་གི་འཛུགས་སྐྲུན་ལེགས་པར་སྒྲུབ། ལོ་བརྒྱའི་འཁྲུངས་སྐར་དགའ་བས་བསུ”ཞེས་པའི་ལས་གནས་དང་པོའི་སྐོར་ཞིབ་དྲིལ་བསྒྲགས་བྱ་འགུལ།


གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ།  དབང་རྒྱལ་ཚེ་རིང་།)ཐོན་ལས་འཕེལ་རྒྱས་ནི་དབུལ་ཐར་མཁྲེགས་གཏོར་གྱི་རྩ་བའི་ཐབས་ཇུས་ཡིན་ལ། ཐོན་ལས་དར་རྒྱས་སུ་གཏོང་བ་ནི་གྲོང་གསེབ་དར་སྤེལ་གྱི་དངོས་པོའི་རྨང་གཞི་ཡིན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མངོན་འགྱུར་དང་གྲོང་གསེབ་དར་སྤེལ་འབྲེལ་མཐུད་ནུས་ལྡན་བྱས་ཏེ། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཧ་ཅང་གལ་འགངས་ཆེ། ཚོང་ར་ཁྲིད་ཕྱོགས་སུ་བཟུང་ནས་རྒྱ་ཆེའི་ཞིང་སྡེའི་དུད་ཁྱིམ་ལ་ཁྱད་ལྡན་འདེབས་གསོ་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་གཏོང་དགོས་ལ། ཆ་རྐྱེན་ལྡན་པའི་ས་ཆ་དག་གིས་གྲོང་གསེབ་ཡུལ་སྐོར་དར་རྒྱས་སུ་བཏང་ནས་སྔར་ལས་མང་བའི་ལས་གཉེར་དང་ཡོངས་འབབ་ཀྱི་གོ་སྐབས་སྐྲུན་པ་དང་། མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། འདུག་གནས་བརྗེ་སྤོར་རྗེས་ཀྱི་འདེགས་སྐྱོར་བྱ་བ་ལེགས་པར་སྒྲུབ་པ་དང་། ལས་གཉེར་རོགས་འདེགས་དང་ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་འཛུགས་སོགས་མཐུས་ཚང་དུ་གཏོང་བའི་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་རྣམ་པ་གསར་བ་སྐྲུན་དགོས།

རྐང་ཚ་རྫོང་མཚོ་འཁྱིལ་ཞང་ཉིན་ཞྭ་སྡེ་བ་ནི་འབྲོག་ལས་རྐྱང་བའི་སྡེ་བ་ཞིག་ཡིན་པ་དང་། དེའི་ཁོངས་གཏོགས་སུ་འབྲོག་ལས་ཐོན་སྐྱེད་བྱེད་བཞིན་པའི་མཉམ་ལས་ཁང2ཡོད།  ཁྱིམ་ཚང93དང་ངལ་རྩོལ་ནུས་ཤུགས་ལྡན་པའི་མི་གྲངས226དང་ཁྱོན་བསྡོམས་པའི་མི་གྲངས443ཡོད། དེའི་ཁྲོད་ཏང་ཡོན25དང་བེད་སྤྱོད་བཏང་ཆོག་པའི་རྩྭ་ར་མུའུ་ཁྲི་21.44ཡོད་པ་རེད།

ཉིན་ཞྭ་སྡེ་བས་དོན་དངོས་ལ་གཞི་བཙུགས་པ་དང་། ཏང་གི་ཡང་དག་པའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ། ཏང་རྩ་འཛུགས་ཚད་ལྡན་ཅན་དུ་གཏོང་བ། རྨང་གཞི་འཛུགས་སྐྱོང་ལེགས་པར་སྒྲུབ་སྟེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་རྣམ་པ་གསར་བ་རྒྱུད་ཆད་མེད་པར་ལག་བསྟར་བྱས་ཏེ་དབུལ་ཐར་ཕྱུག་འགྱུར་གྱི་བགྲོད་ལམ་གསར་བ་ཡངས་པོར་ཕྱེས་ཡོད།

སྡེ་བའི་དབུལ་ཐར་ཕྱུག་འགྱུར་གྱི་བྱ་བའི་ཁྲོད་མགོ་ཁྲིད་ཀྱི་ནུས་པ་སྲོག་ཤིང་དུ་བཟུང་སྟེ། སྡེ་བའི་ཏང་ཡོན་རྩ་འཛུགས་བྱས་ཤིང་། རང་ཉིད་ནས་མགོ་བརྩམས་ཏེ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ལས་དོན་ནི་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོ་ཡིན།

རྐང་ཚ་རྫོང་མཚོ་འཁྱིལ་ཞང་ཉིན་ཞྭ་སྡེ་བར་མཚོན་ན། “ཏང་ཡོན་གྱིས་དབུལ་ཕོངས་ཁྱིམ་ཚང་ལ་ཉེ་འབྲེལ་འཛུགས་པ་དང་། ཏང་ཀྲི་པུའུ་ཡིས་ཐུན་མོང་དཔལ་འབྱོར་འཕེལ་བར་སྣེ་ཁྲིད་པ”ཞེས་པའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། སྡེ་བ་འདིའི་ཏང་ཡོན་རྣམས་ཀྱིས་མ་སྐུལ་དང་བླངས་སྒོས་སྣེ་ཁྲིད་དེ་རོགས་དངུལ་སྒོར་ཁྲི10.06བསྡུས་ཏེ་ཚེར་མོ156ཉོས་པ་དང་། “མ་གཏོང་བུ་འཇོག་དང་འཁོར་སྐྱོད་འཕེལ་རྒྱས”ཀྱི་རྣམ་པའི་སྒོ་ནས་དབུལ་ཕོངས་ཁྱིམ་ཚང་གསུམ་ལ་རོགས་སྐྱོར་བྱས་པ་རེད།

ང་ཚོས་རྒྱུས་ལོན་བྱུང་བ་ལྟར་ན། དབུལ་ཐར་བྱུང་ཟིན་པའི་དགྲ་འདུལ་གྱིས“ང་ནི་སྔོན་ཆད་ནད་པ་ཞིག་ཡིན་ལ། ཁྱིམ་གྱི་དཔལ་འབྱོར་ཡོད་ཚད་སྨན་བཅོས་ཀྱི་ཕྱོགས་སུ་བཏང་ཟིན།  སྡེ་བའི་ཨུ་ཡོན་གསུམ་གྱིས་བཀའ་དྲིན་དང་། སྡེ་མི་ཡོངས་ཀྱིས་བརྩེ་སེམས་ལ་བརྟེན་ནས་ད་སྔ་ངེད་ཚང་དབུལ་ཐར་བྱུང་ཡོད། མ་འོངས་པར་ངེད་ཚང་གིས་མུ་མཐུད་དུ་འབད་པ་ཆེན་པོ་བྱས་ཏེ། ཚང་མའི་རེ་བ་སྟོང་ཟད་དུ་མི་གཏོང”ཞེས་གདོང་ལ་ཡིད་ཆེས་དང་སྤོབས་པས་ཁེངས་བཞིན་དེ་ལྟར་བཤད། 2018ལོའི་ལོ་གཅིག་གི་འབད་བརྩོན་བརྒྱུད། སྤྱི་ཚོགས་ཀྱི་བརྩེ་སེམས་དང་རོགས་སྐྱོར་ཐོབ་པའི་དགྲ་འདུལ་ཚང་གིས་དཀའ་སྤྱད་འབད་བརྩོན་བྱས་ཏེ། “འཁོར་སྐྱོད་མ་མོ”ལས་ལུ་གུ126འཕེལ་བར་བྱས་ཤིང་། ད་ལྟ་ཁྱིམ་ཚང་གི་འཚོ་བའི་ཆུ་ཚད་དང་ཕྱུགས་ཟོག་འཚོ་སྐྱོང་གི་ནུས་པ་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་ཚེ་བྷོས“ད་སྔ་ང་ཚོ་སྡེ་བའི་ཆུ་གློག་ལམ་གསུམ་གྱི་རྨང་གཞི་སྒྲིག་ཆས་ཇེ་ལེགས་སུ་སོང་ཡོད་པ་མ་ཟད། འཚོ་བ་དཀའ་ངལ་ཅན་གྱི་ཁྱིམ་ཚང་གཅིག་ཀྱང་མེད”ཅེས་རྒྱལ་ཁ་དང་སྤོབས་པས་བཤད། མ་འོངས་པའི་འཕེལ་རྒྱས་སྐོར་གླེང་སྐབས། ཚེ་བྷོས“ང་ཚོས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི’གོ་སྐབས་བཟང་པོ་དམ་འཛིན་དང་། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ལེགས་པོ་བེད་སྤྱད་དེ། སྐྱེ་ཁམས་ཕྱུགས་གསོ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཟུང་འབྲེལ་གྱི་སྒོ་ནས་དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ལམ་ཆེན་སྟེང་དུ་འབད་བརྩོན་ལྷོད་མེད་ཀྱིས་བསྐྱོད་རྒྱུ་ཡིན”ཟེར།