“ཏང་གི་འཛུགས་སྐྲུན་ལེགས་པར་སྒྲུབ། ལོ་བརྒྱའི་འཁྲུངས་སྐར་དགའ་བས་བསུ”ཞེས་པའི་ལས་གནས་དང་པོའི་སྐོར་ཞིབ་དྲིལ་བསྒྲགས་བྱ་འགུལ་ལས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་པའི་གཞིས་གསར_བདེ་སྐྱིད་སྡེ་བ།
2021.06.03 ཁུངས། ཀློག་གྲངས། 31

           

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ།  ཐུབ་བསྟན་རྡོ་རྗེ།)"ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་མི་རྣམས་གསོ་མི་ཐུབ་པ"ནི་སྔོན་ཆད་ཀྱི་ཐ་མ་སྡེ་བའི་འཚོ་བའི་དངོས་བཤུས་ཡིན། དཔའ་ལུང་རྫོང་ཁྲའོ་མ་ཞང་ཐ་མ་སྡེ་བའི་ས་གཤིས་དང་ནམ་ཟླའི་ཆ་རྐྱེན་མི་བཟང་བ། ཞིང་ལས་རྨང་མི་བརྟན་པ། ཐོན་ལས་སྣ་གཅིག་ཅན་ཡིན་པ། ཆ་སྙོམས་མི་རེར་ས་ཞིང་སྤྱི་ཆིང་0.11ལས་མི་འདང་བ་རེད། སྔོན་ཆད་ཀྱི་ཐ་མ་སྡེ་བར་དཀའ་ཁག་ཆེན་པོ་དྲུག་ཡོད་དེ། བཟའ་བཏུང་དཀའ་བ། ལམ་མི་བདེ་བ། སློབ་གྲྭར་འགྲོ་དཀའ་བ། ནད་བཅོས་བྱེད་དཀའ་བ། སྡོད་ཁང་དཀའ་བ། ཡོང་འབབ་ཉུང་བ་བཅས་རེད།

                                                   བདེ་སྐྱིད་སྡེ་བའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས།

           2016ལོའི་ཟླ་6པར། ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་དཔའ་ལུང་རྫོང་ཁྲའོ་མ་ཞང་ཐ་མ་སྡེ་བའི་གནས་སྤོར་ལས་གཞི་དངོས་སུ་འགོ་བརྩམས་ཏེ་རྨ་ཆུའི་འགྲམ་རྒྱུད་ཀྱི་ཀ་མདོ་གྲོང་བརྡལ་ཧྲན་ཧྲོས་ཁུལ་"བདེ་སྐྱིད་སྡེ་བར"་གནས་སྤོར་བྱས་བ་རེད།

                                                     བདེ་སྐྱིད་སྡེ་བའི་མཱ་ཧྥི་ཁྲིན་བཟའ་ཟླ་གཉིས།

            བདེ་སྐྱིད་སྡེ་བས་དབུལ་སྐྱོར་མཁྲེགས་གཏོར་གྱི་འབད་འཐབ་ཁྲོད་ངོ་མཚར་བའི་རྒྱལ་ཁ་ཞིག་བླངས་བ་རེད། ཀ་མདོ་གྲོང་བརྡལ་བདེ་སྐྱིད་སྡེ་བའི་ཧྲུའུ་ཅི་དང་པོ་ཞི་ཧེ་ཕིན་གྱིས་བཤད་རྒྱུར། གུང་ཁྲན་ཏང་མི་རེ་ནི་དར་ཆ་རེ་ཡིན་ལ། ཏང་གི་རྩ་འཛུགས་རེ་ནི་འཐབ་འཛིང་གི་འཐབ་ར་རེ་ཡིན། ང་ཚོའི་སྡེ་བའི་ཏང་ཀྲི་པུའུ་ཡིས་གཙོ་བོ་མང་ཚོགས་ལ་ཕོགས་བྱིན་ནས་ལག་རྩལ་སློབ་སྦྱོང་བྱེད་དུ་འཇུག་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་སྣེ་ཁྲིད་དེ་འོ་མའི་གསོ་སྤེལ་ཐོན་ལས་ལྟ་བུའི་དམངས་ཕན་གྱི་བྱེད་ཐབས་བཀོལ་ནས། གུང་ཁྲན་ཏང་མིས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་། ཕྱུག་འགྱུར་གྱི་སྣེ་ཁྲིད་པ་གུང་ཁྲན་ཏང་མི་ཞིག་ཏུ་གསོ་སྐྱོང་བྱེད་པ།  གུང་ཁྲན་ཏང་མིས་མི་དམངས་ཀྱི་སྣེ་ཁྲིད་དེ་མཉམ་དུ་བདེ་སྐྱིད་ཀྱི་ལམ་ཁ་ཡངས་པོར་བསྐྱོད་པ་དང་། ཞིང་སྡེ་དཔལ་འབྱོར་ཇེ་བཟང་དང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་དགོས་ཞེས་བཤད།

                                                                  སྡེ་བའི་བཤམས་སྟོན་ཁང་།

 "རི་གྲོང་ནས་གཞིས་གསར་ལ་གནས་སྤར་རྗེས། བདེ་སྐྱིད་ཀྱི་འཚོ་བ་ནི་ཅི་ཞིག་རེད" འདྲི་ཚིག་འདི་དྲིས་རྗེས་སྡེ་མི་མཱ་ཧྥི་ཁྲུན་བགོད་ཞོར་དུ་བཤད་རྒྱུར། "སྔོན་ཆད་རང་ཉིད་ལྟ་བུར་མཚོན་ན་སློབ་གྲྭར་འགྲོ་མ་ཐུབ། ད་ལྟ་བུ་ཕྲུག་ཚོ་སློབ་གྲྭར་སོང་ནས་སློབ་འབྲས་བཟང་པོ་ལེན་པ་དེ་ནི་བདེ་སྐྱིད་རེད།" "གནས་སྤར་བའི་རྗེས་སུ་ང་ཚོའི་ཆར་ཆུ་འཐུང་མི་དགོས། སྨན་ཁང་དུ་བསྡད་ན་ཡང་སྟབས་བདེ་རེད། ངས་བསམ་ན་ད་ལྟའི་འཚོ་བ་བདེ་སྐྱིད་ཀྱིས་ཁེངས་ཡོད "ཟེར།

                                                      བཟོ་ཁང་དུ་ལས་སྒྲུབ་ཀྱི་རྣམ་པ།

              སྔར་ལས་ལྷག་པའི་སྒོ་ནས་བདེ་སྐྱིད་སྡེ་བའི་གཞི་རིམ་ཏང་རྩ་འཛུགས་ཇེ་བརྟན་དུ་གཏོང་ཆེད་གུང་ཁྲན་ཏང་མིའི་བྱ་འགུལ་ཁང་འཛུགས་སྐྲུན་བྱས་ཏེ། དཔའ་ལུང་རྫོང་ཨུའི་རྩ་འཛུགས་ཀྱིས་བདེ་སྐྱིད་སྡེ་བའི་ས་གནས་ཁྱད་ཆོས་དང་བསྟུན་ནས "ཏང་གི་བཀའ་དྲིན་དྲན་པ"བརྗོད་གཞི་ཡིན་པའི་བྱ་འགུལ་སྣ་མང་སྤེལ་བ་རེད། དཔའ་ལུང་རྫོང་དབུལ་སྐྱོར་ཅུའུ་ཡིས་བདེ་སྐྱིད་སྡེ་བའི་བཤམས་སྟོན་ཁང་འཛུགས་སྐྲུན་བྱས་པ་དང་།ནང་དུ་ཏང་གི་དབུལ་སྐྱོར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་སྣེ་ཁྲིད་འོག་འཚོ་བ་གསར་བ་ཞིག་གི་འགོ་བརྩམས་ཏེ་བདེ་སྐྱིད་འཚོ་བའི་ཉི་མ་འཆར་བའི་རྗེས་དྲན་འདྲ་པར་བཤམས་ཡོད་པ་རེད། བཤམས་སྟོན་ཁང་འཛུགས་སྐྲུན་བྱེད་སྐབས་ཐ་མ་སྡེ་བའི་ཏང་ཨུ་ཡིས་"བདེ་སྐྱིད་འཚོ་བ་ནི་དཀའ་སྤྱད་ལས་བྱུང་བ་ཡིན"ཞེས་པའི་སྒོ་བྱང་ཞིག་སྐྱེལ་ཡོང་བ་རེད། སྒོ་བྱང་འདི་ནི་སྡེ་བ་ཡོངས་ཀྱི་བརྗེད་མི་སྲིད་པའི་སྒོ་བྱང་ཞིག་དང་མདུན་སྐྱོད་ཀྱི་བློ་སྤོབས་བསྐྱེད་པའི་སྒོ་བྱང་ཞིག་གོ།།