“སྣེ་ཁྲིད་གཉིས”ཀྱི་རྣམ་པས་ཆོས་ཚ་སྡེ་བ་བདེ་ལ་བཀོད།
2021.06.04 ཁུངས། ཀློག་གྲངས། 113

——“ཏང་གི་འཛུགས་སྐྲུན་ལེགས་པར་སྒྲུབ། ལོ་བརྒྱའི་འཁྲུངས་སྐར་དགའ་བས་བསུ”ཞེས་པའི་ལས་གནས་དང་པོའི་སྐོར་ཞིབ་དྲིལ་བསྒྲགས་བྱ་འགུལ།

གངས་ལྗོངས་མེ་ལོང་དྲ་བའི་གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་བཀོད་པའི་གསར་འགྱུར།

མཚོ་ལྷོ་ཁུལ་ཐོག་ནས་སྤྱི་ལེ་སུམ་ཅུའི་མཚམས་ཀྱི105 གཞུང་ལམ་འགྲམ་ན་ཆགས་པའི་སྡེ་བ་འདི་ནི་གུང་ཧོ་རྫོང་ཨེར་སྟི་ཞང་གི་ཆོས་ཚ་སྡེ་བ་སྟེ། གཙང་ཞིང་གྲལ་དག་ལ། རྨང་གཞིའི་སྒྲིག་ཆས་ཆ་ཚང་བའི་ཕྱིའི་བཀོད་པ་མཐོང་བ་ཙམ་གྱིས་སྡེ་བ་འདི་ནི་གདོད་མ་ནས་ཡོད་པ་ཞིག་མ་ཡིན་པར་གསར་དུ་ཆགས་པ་ཞིག་ཡིན་པ་ཐེ་ཚོམ་མི་དགོས་པར་ཐག་གཅོད་ཐུབ།

སྔོན་ཆད་ཀྱི་ཆོས་ཚ་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་དབུལ་ཕོངས་སྡེ་བ་ཞིག་ཡིན་ལ། རང་བྱུང་ཁོར་ཡུག་གི་སྤུས་ཀ་ཞན་ཅིང་། འཕེལ་རྒྱས་སུ་གཏོང་རྒྱུའི་ཐོན་ལས་མེད་སྟབས། མི་རབས་ནས་མི་རབས་བར་ཕྱུགས་ལས་ཁོ་ནར་བརྟེན་ནས་འཚོ་བ་རོལ་བ་དང་། ཁྱིམ་ཚང་དག་ཕྱོགས་བཞི་མཚམས་བརྒྱད་ཀྱི་རི་ལུང་ཐང་གསུམ་ན་ཐར་ཐོར་གྱིས་གནས་ཡོད་པས། སྤྱི་ལེ་དུ་མའི་སར་ཆུ་ལེན་དུ་འགྲོ་དགོས་པ་དང་། ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་བེད་སྤྱོད་བྱེད་མི་ཐུབ་པ།  ལམ་གྱི་ཆ་རྐྱེན་ཞན་པས་འགྲོ་འདུག་སྟབས་བདེ་མིན་པ་སོགས་ནི་རྒྱུན་ལྡན་གྱི་ལས་ཤིག་ཏུ་གྱུར་ཡོད། དེ་ལྟ་བུའི་རང་བྱུང་ཁོར་ཡུག་དང་དཀའ་སྡུག་གི་འཚོ་བའི་བར་ནས་ཁོ་ཚོས་དབུལ་ཕོངས་ཀྱི་འཚོ་བ་མི་རོལ་ཀ་མེད་དུ་གྱུར་ཡོད།

ཆོས་ཚ་སྡེ་བའི་སྡོད་ཁང་གསར་བ།

2018ལོར།  ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག  ཆོས་ཚ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང101གིས་ནོར་ལུག་དང་ས་ཁང་སོགས་བསྐྱུར་ནས་གནས་སྤར་ཏེ་ཆབ་ཆ་གྲོང་བརྡལ་མཁར་བྱང་གཞིས་གསར་ཁུལ་གྱི105གཞུང་ལམ་འགྲམ་རྒྱུད་དུ་གཞིས་ཆགས་ཤིང་། སྔར་དང་མི་མཚུངས་པའི་འཚོ་བ་གསར་བ་ཞིག་གདོང་གིས་བསུས། དུས་དེ་ནས་བཟུང “སྣེ་ཁྲིད་གཉིས”ཀྱི་རྣམ་པས་སྡེ་བ་འདིའི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཁ་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་བྱིན།

ཆོས་ཚ་སྡེ་བའི་སྡེ་མིའི་ཁྱིམ་གཞི་གསར་བ།


དཔལ་ཡོན་གྱིས་སྣེ་ཁྲིད་ནས་སྲོལ་བཟང་དར་སྤེལ་བྱས།

གནས་སྤོར་བྱས་རྗེས། ཆོས་ཚ་སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་ནས་གནས་སྤོར་ཏང་ཚན་ཆུང་བཙུགས་པ་དང་། ཏང་ཡོན་སྔོན་ཐོན་དཔེ་ལེགས་ནུས་པ་འདོན་སྤེལ་བྱས་ནས། སྡེ་བ་ཁག་གསུམ་དུ་བགོས་ཏེ་ཁག་རེ་རེར་ཏང་ཡོན་དང་སྡེ་མི་དང་བླངས་པ5རེ་བཀོད་སྒྲིག་གིས་སྡེ་མིར་ཞབས་ཞུ་བསྒྲུབས་པའི་ལམ་སྲོལ་གསར་འཛུགས་བྱས། དང་བླངས་པ་དག་གིས་སྡེ་མི་ཚོར་གཉེན་སྟོན་དང་འདས་མཆོད་སོགས་དུས་རྒྱུན་གྱི་ཆོ་ག་སྣ་ཚོགས་སྤེལ་རོགས་བྱེད་པ་དང་། གློ་བུར་བའི་འཕྲལ་རྐྱེན་སེལ་རོགས་བྱེད་པ། འགལ་བ་སྣ་ཚོགས་འདུམ་པ། ལོ་ལོན་ཁེར་འདུག་ལ་བདག་སྐྱོང་བྱེད་པ་སོགས་ཁྱིམ་ཚང་ལ་ཁྱད་པར་མེད་པར།  དོན་དག་ལ་དབྱེ་བ་མེད་པར།  དུས་ཚོད་ལ་ངེས་པ་མེད་པར་ཞབས་ཞུ་བསྒྲུབས།

དང་བླངས་རུ་ཁག་གིས་རྒན་མོ་རིན་ཆེན་སྐྱིད་ལ་རོགས་རམ་གནང་ནས་སྔོ་ཚལ་འབལ་བཞིན་པ།

ལོ་ན་བདུན་ཅུ་ཅན་གྱི་རྒན་མོ་རིན་ཆེན་སྐྱིད་ཀྱིས་བཤད་རྒྱུར། “ང་ལ་མཚོན་ན་རྐང་བ་མི་བདེ་བའི་ཁར་རྣ་བ་ཡང་རྒྱུན་ལྡན་མིན་པས་སྐད་ཆ་གསལ་བོ་མི་གོ  ཁྱིམ་མི་དག་ནམ་རྒྱུན་ཞོར་ལས་ལ་སོང་ཤུལ་དུ། ཁོ་ཚོ(དང་བླངས་པ)ནམ་རྒྱུན་ངེད་ཚང་ལ་ཡོང་ནས་ར་སྐོར་ལ་གཙང་སྦྲ་བྱེད་པ་དང་། ཆུ་རིན་གློག་རིན་སྤྲོད་རོགས་བྱེད་པ། སྨན་ཁང་ལ་འགྲོ་རོགས་བྱེད་པ་སོགས་བྱེད་ཀྱིན་ཡོད།”

ཏང་ཡོན་དང་ལས་བྱེད་པ།  དང་བླངས་པ་སོགས་ཀྱི་སྣེ་འཁྲིད་འོག ཆོས་ཚ་སྡེ་བའི་སྡེ་མི་ཡོངས་ཀྱིས་མཐུན་སྒྲིལ་གྱི་གོང་བུ་གཅིག་ཏུ་སྒྲིལ་ནས་མཛེས་སྡུག་གི་གྲོང་སྡེ་གསར་བ་འཛུགས་སྐྲུན་བྱས་ཤིང་། རྒྱལ་གཅེས་དང་སྲོལ་བཟང་སྲོག་ཤིང་ཡིན་པའི་སྡེ་སྲོལ་དང་ཁྱིམ་སྲོལ་གསར་འཛུགས་བྱས་པས། ཉེ་བའི་ལོ་འགའི་རིང་།  ཆོས་ཚ་སྡེ་བའི་ནང་ནས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་དང་། ཆེས་མཛེས་སྡུག་ལྡན་པའི་ཁྱིམ་ཚང་། གཟི་བརྗིད་ལྡན་པའི་དབུལ་ཐར་ཁྱིམ་ཚང་སོགས་སྔོན་ཐོན་དཔེ་སྟོན་ཁྱིམ་ཚང24བྱུང་།

ཆོས་ཚ་སྡེ་བའི་འཕྲོད་བསྟེན་ཁང་།


ཐོན་ལས་ཀྱིས་སྣེ་ཁྲིད་ནས་འབྱོར་འབྲིང་གི་ལམ་ཁར་བསྐྱོད།

གནས་སྤོར་བྱས་རྗེས།  ཆོས་ཚ་སྡེ་བའི་ཁྱིམ་ཚང་རེ་རེས་སྡོད་ཁང་དང་ར་སྐོར་གསར་བ་ཡོད་པའི་འཚོ་བ་གསར་བ་རོལ། སྡེ་བའི་ཏང་ཀྲི་པུའུ་ཡིས“གནས་སྤོར་བ། གཞི་བརྟན་པ། འཕེལ་རྒྱས་ཡོད་པ། ཕྱུག་འགྱུར་ཐུབ་པ”བཅས་ཀྱི་དམིགས་འབེན་གཙོ་བོར་བཟུང་ནས། དབུལ་ཕོངས་ཁྱིམ་ཚང་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་སྲིད་ཇུས་དྲིལ་སྒྲོག་སྒོས། ལག་རྩལ་སྦྱོང་བ་དང་ལས་རིགས་གསར་སྐྲུན་བྱེད་པར་སྐུལ་འདེད་བྱས་པར་མ་ཟད། ལག་རྩལ་གསབ་སྦྱོང་འཛིན་གྲྭ་བསྡུས་པ་དང་ལས་རིགས་གསར་སྐྲུན་ཐད་ལ་རོགས་འདེགས་ཀྱིས་འཚེམ་བཟོ་དང་གཙག་གྲུབ། འཕྲུལ་འཁོར་ཞིག་གསོ་སོགས་ལ་བྱང་ཆ་ལྡན་པའི་འཇོན་མི་སྐོར་ཞིག་གསོ་སྐྱོང་བྱས་པས། སྡེ་མི་དག་གི་འཚོ་བ་ཉིན་རེ་བཞིན་གོང་ནས་གོང་དུ་འཕེལ་ཞིང་། སྡེ་མི་ཚོས་ནམ་ཡང་རོགས་སྐྱོར་ལ་སྒུག་པའི་འདུ་ཤེས་བསྐྱུར་ནས་ཚོང་ལས་གཉེར་བ་དང་ཞོར་ལས་བཙལ་བ་སོགས་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་བ་བསྐྲུན།

དེ་ལས་གཞན། ཆོས་ཚ་སྡེ་བས་སྡེ་བས་ཉི་ནུས་གློག་འདོན་རྣམ་གྲངས་ཁྲོད་སྤྱི་དངུལ་དམངས་སྒོར་ཁྲི162.9ཡི་མ་རྐང་བཞག་ཡོད་ཅིང་། དེའི་ལོ་རེའི་ཡོང་འབབ་དམངས་སྒོར་ཁྲི27ཡིན། དེ་མིན་ད་དུང་ཞིང་ཆེན་དང་རྫོང་རིམ་པའི་དབུལ་སྐྱོར་ཆེད་དོན་མ་དངུལ་དམངས་སྒོར་ཁྲི453.69དང་། དབུལ་ཁྱིམ་ཐོན་ལས་མ་དངུལ་དམངས་སྒོར་ཁྲི405བཏང་ནས་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་2715.37ཅན་གྱི་དབུལ་སྐྱོར་ཐོན་ལས་ཐོག་ཁང་གསར་བསྐྲུན་བྱས།  དེས་སྡེ་མི20ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། ལོ་རེའི་ཡོང་འབབ་དམངས་སྒོར་ཁྲི19.55ཡིན།

ཆོས་ཚ་སྡེ་བའི་དབུལ་སྐྱོར་ཐོན་ལས་ཐོག་ཁང་།

གནས་སྤོར་བྱས་པ་ནས་བཟུང་། ཆོས་ཚ་སྡེ་བས “སྣེ་ཁྲིད་གཉིས”ཀྱི་རྣམ་པར་བརྟེན་ནས། དབུལ་ཕོངས་ཀྱི་ཞྭ་མོ་བདེ་བླག་ངང་ཕུད་དེ། སྡེ་དམངས་ཀྱི་འཚོ་བའི་སྤུས་ཀར་མཐོར་འདེགས་ཆེན་པོ་བྱུང་ནས་སྡོད་ཁང་གི་ཆ་རྐྱེན་དང་། སྡེ་བའི་ཕྱིའི་རྣམ་པ། འཚོ་བའི་གོམས་གཤིས་སོགས་གྲོང་ཁྱེར་དང་ཉེ་བར་བཅར་ཡོད་ལ། སློབ་གྲྭ་དང་སྨན་ཁང་སོགས་སྒོ་འགྲམ་ན་ཡོད་པས་ཕྱོགས་གང་ཅིའི་ཐད་ནས་སྟབས་བདེ་བཟོས་ཡོད། 

ད་ལྟའི་ཆར། ཆོས་ཚ་སྡེ་བ་ནི་མེས་རྒྱལ་ལ་དགའ་ཞིང་། ཏང་གི་རྗེས་སུ་འབྲངས་པ། མཐུན་སྒྲིལ་གྱི་དཔུང་རྡང་དམ་པ། འཚོ་བ་ཕུན་སུམ་ཚོགས་པ། ཡ་རབས་སྲོལ་བཟང་དར་བའི་མཛེས་སྡུག་གི་གྲོང་སྡེ་ཞིག་ཏུ་གྱུར་ཡོད།