མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་བའི་ཟི་ལིང་ལ་སྐོར་བ་རྒྱག་པའི་འགྲན་སྡུར་ཁྲོད་ཧོའུ་ཏུང་དབྱི་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་ལིས་ཙི་སིན་ལ་བྱ་དགའ་ཨང་གཉིས་པ་ཐོབ།
2021.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

2021ལོའི་ཐེན་ཡོའུ་ཏི་རྟགས་མའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་བའི་ཟི་ལིང་ལ་སྐོར་བ་རྒྱག་པའི་འགྲན་སྡུར་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་བསྡུས། ད་ལོ་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཐེབས་པའི་རྐྱེན་གྱིས་འགྲན་ཞུགས་རུ་ཁག་བཅུ་དྲུག་པོ་ཚང་མ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བ་ཡིན་ལ། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཀྱང་འགྲན་སྡུར་རྩ་འཛུགས་དང་ལམ་ཕྱོགས་ཐད་ལེགས་བསྒྱུར་བྱས།

དུས་ཚོད་གཉིས་དང་སྐར་མ་ཉེར་གཉིས་རིང་གི་འགྲན་སྡུར་བརྒྱུད་དེ། རུའེ་པའོ་ལྕགས་རྟ་རུ་ཁག་གི་འགྲན་ཞུགས་པ་ཨང་རྟགས་བརྒྱ་དང་ང་གཉིས་པ་ཧོའུ་ཏུང་དབྱི་ལ་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ། མཚོ་སྔོན་ཐེན་ཡོའུ་ཏི་ལྕགས་རྟ་རུ་ཁག་གི་འགྲན་ཞུགས་ཨང་རྟགས་ཉེར་གསུམ་པ་ལིས་ཙི་སུན་ལ་ཨང་གཉིས་པ་ཐོབ་ནས། ཐེན་ཡོའུ་ཏི་ཡི་སྤྱིའི་གྲུབ་འབྲས་མཚོན་པའི་ལྭ་བ་སེར་བོ་དང་ཁ་ཨེར་མེ་ལུས་རྩལ་གྱི་མཆོང་རྒྱུག་གི་གྲུབ་འབྲས་མཚོན་པའི་ལྭ་བ་ལྗང་ཁུ་གོན། ཀྲུང་གོའི་ཞི་ཏི་ཧྲིན་རུ་ཁག་གི་འགྲན་ཞུགས་ཨང་རྟགས་བརྒྱ་དང་རེ་ལྔ་བ་ཧོང་ཅིན་གྱིས་ཨང་གསུམ་པ་བླངས།

2021ལོའི་ཐེན་ཡོའུ་ཏི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་བའི་འགྲན་མཚམས་དང་པོ་སྟེ་ཟི་ལིང་ལ་སྐོར་བ་རྒྱག་པའི་འགྲན་སྡུར་གྱི་སྤྱིའི་ལམ་ཚད་ལ་སྤྱི་ལེ་བརྒྱ་དང་དགུ་ཡོད་ལ། ལམ་བདེ་མཆོང་རྒྱུག་འགྲན་མཚམས་ཡིན་པ་དང་། འགྲན་སྡུར་འགོ་ཚུགས་ས་དང་མཇུག་སྒྲིལ་ས་གཉིས་ཀ་ཧའེ་ཧུའུ་ལུས་རྩལ་ལྟེ་གནས་སུ་བཙུགས་ཡོད། འགྲན་ཞུགས་པ་རྣམས་ཀྱིས་འགྲན་ལམ་བརྒྱུད་དེ་སྐོར་བ་བརྒྱད་བརྒྱབ་པ་དང་སྐོར་བ་རེར་སྤྱི་ལེ་བཅུ་གསུམ་དང་གྲངས་ཆུང་དྲུག་ཡོད། ལམ་བར་དུ་བསྡོམས་པས་མཆོང་རྒྱུག་བྱེད་ས་གསུམ་བཀོད་སྒྲིག་བྱས་ཡོད།

རིན་ཆེན་མཚོས་བསྒྱུར།