དེང་གི་ལ་གཞས་སྒྱུ་རྩལ་ཁྲོད་བྱུང་བའི་བསྲེས་ལྷད། 【ཚེ་དཔལ་སྐྱབས】
2021.05.19 ཁུངས། ཀློག་གྲངས། 437

ཞིང་ཆེན་ཡོངས་ཀྱི་ལ་གཞས་དཔྱད་གླེང་ཚོགས་འདུ་འདི་སྤྱི་ལོ2019ལོའི་ཟླ་བརྒྱད་པར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་ནས་བསྡུས་པ་ཡིན་ལ། ཚོགས་འདུའི་སྟེང་སྐབས་དེའི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་དང་།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། དམངས་སྲོལ་ཆེད་མཁས་པ་གཅན་བཀྲ་བྷོ། དམངས་ཁྲོད་རིག་རྩལ་ཆེད་མཁས་འབྲུག་རྒྱལ་འབུམ། དམངས་ཁྲོད་སྒྱུ་རྩལ་པ་དང་ཁུལ་རིམ་པའི་ལ་གཞས་རྒྱུད་འཛིན་པ་ལྕགས་མོ་རྒྱལ། དམངས་ཁྲོད་སྒྱུ་རྩལ་པ་དང་ཞིང་ཆེན་རིམ་པའི་ལ་གཞས་རྒྱུད་འཛིན་པ་ཚེ་དཔལ་སྐྱབས། དམངས་ཁྲོད་སྒྱུ་རྩལ་པ་དང་ཁུལ་རིམ་པའི་ལ་གཞས་རྒྱུད་འཛིན་པ་སྒྲོལ་མ་ཚེ་རིང་། མཚོ་བྱང་ཁུལ་རྐང་ཚ་རྫོང་རིག་གནས་ཁང་གི་མགོ་གཙོ་ཐུགས་རྗེ་བཅས་གདན་ཞུ་གནང་ལ། གླུ་བ་གླུ་མ་སུམ་ཅུ་ལྷག་ཚོགས་འདུར་ཟུར་ཞུགས་བྱས།

ཚེ་དཔལ་སྐྱབས།

ཚེ་དཔལ་སྐྱབས་ཀྱིས་ལ་གཞས་སྒྱུ་རྩལ་གྱི་གླུ་ཚིག་དང་དབྱངས་ཀྱི་སྟེང་ནས་བྱུང་དང་འབྱུང་བཞིན་པའི་ནོར་འཁྲུལ་འགའ་གླེང་ཞིང་། གསར་རྩོམ་གྱི་ལ་གཞས་འགའ་ཤས་ལ་སྔ་མའི་ལ་གཞས་སྒྱུ་རྩལ་གྱི་ཉིང་བཅུད་མི་འདུག་པའི་སྟེང་ནས་གླུ་བ་གླུ་མ་རྣམས་ལ་གསལ་འདེབས་བྱས།