མཚོ་ལྷོ་འགྲན་ཁུལ་ནས་གླུ་བ་གླུ་མ་བཅུ་བདམས་ཐོན་བྱུང་།
2021.06.07 ཁུངས། ཀློག་གྲངས། 789

མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་རྫོགས།

中国电信“天翼杯”拉伊大赛

ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ལྷོ་འགྲན་ཁུལ་གྱི་གླུ་བ་གླུ་མ་རྣམས་ཀྱིས། ཉིན་གཉིས་རིང་གི་འགྲན་སྡུར་གོ་རིམ་ཁྲོད་སྲིད་པའི་གླུ་དང་ངག་གི་རྩལ་ནུས་ཡོད་དགུ་བཏོན་ཏེ་འགྲན་སྡུར་བྱས་པ་དང་། དཔྱད་འདེམ་པ་ཚེ་དཔལ་སྐྱབས་དང་ལྕགས་མོ་རྒྱལ་གཉིས་ཀྱིས་དྲང་བདེན་དྲང་གཞག་གི་དཔྱད་འདེམ་བརྒྱུད་སྡོམ་པས་གླུ་བ་གླུ་མ་བཅུ་དྲུག་གི་ཁྲོད་ནས་གླུ་བ་ལྔ་དང་གླུ་མ་ལྔ་བཅས་བསྐྱར་འགྲན་ལ་ཞུགས་པར་བདམས་ཐོན་བྱུང་།

འགྲན་སྡུར་གྱི་ཡུལ་དངོས།


ཐེངས་འདིའི་མཚོ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམ་པ་གླུ་བ་ཚེ་དཔལ་སྐྱབས་དང་གླུ་མ་ལྕགས་མོ་རྒྱལ།


གདན་ཐོབ་དཔང་ཡིག་གནང་བཞིན་པ།


གླུ་མ་ཆོས་དབྱངས་སྒྲོལ་མ།


གླུ་མ་བཟང་མོ་ཐར།


གླུ་མ་མཁའ་འགྲོ་མཚོ།


གླུ་མ་ཕག་མོ་སྒྲོལ་མ།


གླུ་མ་ཆོས་མཚོ་རྒྱལ།


གླུ་བ་ཁྲུས་མ་ཐར།


གླུ་བ་པདྨ་རྒྱ་མཚོ།


གླུ་བ་དཔལ་འབུམ་རྒྱལ།


གླུ་བ་ཀླུ་ཐར་རྒྱལ།


གླུ་བ་ཀླུ་བྷ་ཚེ་རིང་།


མཚོ་ལྷོ་འགྲན་ཁུལ་ནས་བསྐྱར་འགྲན་ཁྲོད་ཚུད་པའི་གླུ་བ་གླུ་མ་ཡོངས།

མཇུག་མཐར་ཐེངས་འདིའི་མཚོ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམ་པ་ཚེ་དཔལ་སྐྱབས་དང་དཔྱད་འདེམ་པ་ལྕགས་མོ་རྒྱལ་གཉིས་ཀྱིས་གླུ་བ་གླུ་མ་རྣམས་ལ་འགྲན་སྡུར་ཁྲོད་དུ། ཚིག་དབྱངས་གང་རུང་གི་ཐད་ནས་མཉམ་འཇོག་དགོས་ས་དང་འདང་གི་མེད་སའི་ཕྱོགས་ནས་དཔྱད་འཇོག་བྱས་རྗེས། འགྲན་སྡུར་འདིའི་ཁྲོད་ནས་བསྐྱར་འགྲན་ལ་ཞུགས་པར་འདམ་ཐོན་བྱུང་བའི་གླུ་བ་གླུ་མ་རྣམས་ལ་གདན་ཐོབ་དཔང་ཡིག་སྤྲད་དེ། ཐོག་མའི་འགྲན་སྡུར་ལས་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་རྫོགས།