ས་རེབ་གོང་རིག་པ་འབྱུང་ས་རེད། རོགས་ཆུང་ལོའི་རེ་བ་སྐོང་ས་རེད།
2021.06.25 ཁུངས། ཀློག་གྲངས། 622

(གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གསར་འགོད་པ། དབང་རྒྱལ་ཚེ་རིང་།)གནས་འདི་ནི། རིན་ཆེན་གསེར་ལས་ལྷག་པའི་རིག་པའི་གྲོང་ཁྱེར་ཏེ། ས་ལ་དགེ་བཅུ་ཚང་ཞིང་། ཞིང་ལ་ལོ་ལེགས་སྨིན་ས།  ཆུང་བྱིས་པའི་བློ་རིག་སྨིན་ས། གཞོན་དར་མའི་ལང་ཚོ་རྒྱས་ས། མདོ་སྨད་ས་ཡི་ཐིག་ལེ། ཐང་གཡུང་དྲུང་འདྲ་བའི་དཀྱིལ་དབུས། ཤེལ་དཀར་པོ་མཆོད་རྟེན་བཞེངས་འདྲའི་ཨ་མྱེས་སྟག་ལུང་གི་འདབས་རོལ་དང་། རི་རྒྱལ་སོ་དར་ལྷུན་པོའི་ཨ་མྱེས་བྱ་ཁྱུང་གི་གཡས་ཟུར་ན་ཆགས་པའི་རེབ་གོང་གསེར་མོ་ལྗོངས་ནི་ཀ་དྲོད་མཐོན་པོ་བདེ་མཆོག་ལྷ་ཡི་ཕོ་བྲང་བཞིན། ཕྱི་སྣོད་ཀྱི་འཇིག་རྟེན་གཡུ་ལོ་ཐགས་སུ་བཀྲ་ཞིང་། ནང་བཅུད་ཀྱི་སེམས་ཅན་སྤྲོ་དགའི་དཔལ་ལ་རོལ་བཞིན། གནས་འདིའི་རི་ལུང་ཀུན་ལ་དྲན་པའི་དབྱངས་རྟ་སྙན་མོ་ཞིག་ལྷོད་ཀྱིས་འཁྱིལ་ཞིང་། ག་ལེར་སིམས་ཡོད།

རྨ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམས་པ་དཀར་མཚོ་སྐྱིད་དང་བཙུན་ཐར་ཚེ་རིང་།

འགྲན་ཞུགས་གླུ་བ་གླུ་མས་ཨང་རིམ་རྒྱན་ལེན་བཞིན་པ།

བྱ་ཁུ་ལོ་སྙིང་ལ་རྗེ་བོ།

ཁྱོད་རི་གསུམ་རྩེ་ནས་གྲགས་ན།

ངས་ལུང་གསུམ་མདོ་ནས་གོ་གི

སྟོད་བྲག་དམར་བྱ་ཚང་ནང་ནས།

བྱ་གཉིས་རེ་གཉིས་རེ་འཕུར་གི

ང་འཕུར་གྲོགས་མེད་ལ་བསྡད་ཡོད།

ངའི་འཕུར་གྲོགས་འཇོལ་མོ་ཁྱོད་བྱོས།

ཤར་ཕྱོགས་ཤར་རིའི་རྩེ་ནས།

ངས་ཤྭ་གི་རྭ་ཟིག་རྙེད་ཡོད།

རྭ་གོང་ཆེན་ཡིན་ནོ་ཤེས་ནས།

ས་ཙོང་ཆུའི་ཕྱོགས་ལ་བསྐོར་ཡོད།

སྡེ་ཁ་ཞེང་ཅན་པོ་རིག་ན།།

རོགས་ཁ་ཚིག་ཅན་པོ་དྲན་གི།

རོགས་རྩེད་གི་འགྲོ་ན་རྩེད་གི་འགྲོ།

རོགས་རྩེད་གི་སྡེ་ཆེན་གྲོང་ལ་འགྲོ།

སྡེ་ཆེན་པོ་མྱི་ཁ་རྒོད་ས་རེད།།

རོགས་དེ་ནས་རྩེད་ན་རྩེད་ནི་ཡིན།

རོགས་ཆུང་ལོ་རྩེད་ལ་དགོད་རེད།།

ང་རྩེད་རོགས་ཞི་ལིའི་འདོད་རེད།།

ས་སྤང་དཀར་ཐང་མོ་ཆེ་ནས།།

རྟ་འདོ་བ་གསེར་སྒ་བསྟད་ཡོད།

རྒྱུགས་མ་ཐུབ་སྤང་ན་ལུས་ཡོད།

ཚེ་རིང་ན་ཡུན་གྱིས་ལོས་རྒྱུགས།

ཆུ་དང་ཆུ་མགོ་ཆ་མེད་རེད།།

ཆུ་ཐོམ་གསུམ་བཅུས་ན་ཆ་ཡོད་རེད།།

ལྟད་མོ་བའི་ཟུར་ཞིག

ཡུལ་དངོས་ནས་སྒྲ་ལེན་བཞིན་པ།