རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ།
2021.06.25 ཁུངས། ཀློག་གྲངས། 519

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། དབང་རྒྱལ་ཚེ་རིང་།)ལ་གཞས་ནི་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་ཞིང་། ཕོ་མོ་ཟུང་གི་དྲན་པ་ཐམས་ཅད་སྙན་འགྱུར་ངག་གི་རྩལ་ལ་དྲངས་བའི་ངག་རྒྱུད་རིག་གནས་རྩ་ཆེན་ཞིག་ཡིན་ལ། བོད་ཀྱི་ལ་གཞས་རིག་གནས་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བ་ལ་དམིགས་སྟེ། སྡེ་ཆེན་རྩེད་རའི་གར་སྟེགས་འདི་ནི་རྒྱ་ཆེ་བའི་དམངས་ཁྲོད་གླུ་བ་གླུ་མ་དག་ལ་ཆེད་དུ་སྐྲུན་པའི་གར་སྟེགས་ཤིག་ཡིན་ཅིང་། ད་ལྟའི་བར་སྔ་ཕྱིར་ཐེངས་བདུན་ལ་སྤེལ་ནས་བོད་ཀྱི་ལ་གཞས་དང་ངག་རིག་སྒྱུ་རྩལ་མཐའ་དག་རྒྱུད་འཛིན་དར་སྤེལ་ཀྱི་ཕྱོགས་ལ་སྔར་ན་མེད་པའི་ནུས་པ་བླ་ལྷག་ཅིག་ཐོན་དང་འདོན་བཞིན་ཡོད།


     མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། རྨ་ལྷོ་ཁུལ་རིག་གནས་ཁང་གཉིས་ཀྱིས་རོགས་སྒྲུབ་གནང་བའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་ལས་རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ། 


རྨ་ལྷོ་འགྲན་ཁུལ་གྱི་གླུ་བ་གླུ་མ་ཡོངས།


གླུ་བ། ཕུར་བ་སྐྱབས།


གླུ་བ། བྱང་ཆུབ་ཉི་མ།


གླུ་བ། ལྷུན་འགྲུབ།


གླུ་བ། ཤ་བོ་ཆོས་སྐྱོང་།


གླུ་བ། ཚེ་དཔལ་སྐྱབས།


གླུ་མ། བསམ་འགྲུབ་སྒྲོལ་མ།


གླུ་མ། འཇིགས་བྱེད་མཚོ།


གླུ་མ། བདེ་སྐྱིད།


གླུ་མ། ཚེ་བྷོ།

གླུ་མ། ཤ་བོ་མཚོ།

     འགྲན་ཞུགས་གླུ་བ་གླུ་མ་རྣམས་ཀྱིས་དུངས་བའི་དབྱངས་རྟ་སྙན་མོ་མགྲིན་པའི་ངག་ལ་དྲངས་ཏེ་ཉིན་གསུམ་གྱི་རིང་ཛ་དྲག་གི་འགྲན་སྡུར་བརྒྱུད་མཐར་འགྲན་ཞུགས་པ་ཉེར་གསུམ་གྱི་ཁྲོད་ནས་གླུ་བ་ལྔ་དང་གླུ་མ་ལྔ་བཅས་བསྡོམས་པའི་གླུ་བ་གླུ་མ་བཅུ་བསྐྱར་འགྲན་ལ་ཞུགས་པར་བདམས་ཐོན་བྱུང་། 

མཇུག་མཐར་དཔྱད་འདེམས་པ་གཉིས་ཀྱིས་འགྲན་ཞུགས་གླུ་བ་གླུ་མ་ཚོའི་ཚིག་དབྱངས་གང་རུང་གི་ཐད་ནས་མཉམ་འཇོག་བྱེད་དགོས་སའི་དཔྱད་བརྗོད་དང་སྦྲགས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་རྣམས་ལ་གདན་ཐོབ་དཔང་ཡིག་སྤྲད་དེ། ཐོག་མའི་འགྲན་སྡུར་ལས་རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ།