ལ་གཞས་འགྲན་སྡུར་མཚོ་སྔོན་པོའི་འགྲམ་ངོགས་ནས་བསྡུ་རྒྱུ་རེད།
2021.07.19 ཁུངས། ཀློག་གྲངས། 255

ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པ།

中国电信“天翼杯”第七届拉伊大赛

    བོད་ཀྱི་ལ་གཞས་རིག་གནས་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བ་ལ་དམིགས་ཏེ། གཞི་རྒྱ་ཆེ་བའི་སྡེ་ཆེན་རྩེད་རའི་གར་སྟེགས་འདི་ནི་རྒྱ་ཆེ་བའི་དམངས་ཁྲོད་གླུ་བ་གླུ་མ་དག་ལ་ཆེད་དུ་སྐྲུན་པའི་གར་སྟེགས་ཤིག་ཡིན་ཅིང་། ད་ལྟའི་བར་སྔ་ཕྱིར་ཐེངས་བདུན་ལ་སྤེལ་ནས་བོད་ཀྱི་ལ་གཞས་དང་ངག་རིག་སྒྱུ་རྩལ་མཐའ་དག་རྒྱུད་འཛིན་དར་སྤེལ་ཀྱི་ཕྱོགས་ལ་སྔར་ན་མེད་པའི་ནུས་པ་བླ་ལྷག་ཅིག་ཐོན་དང་འདོན་བཞིན་ཡོད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་བྱང་ཁུལ་རྐང་ཚ་རྫོང་ཏང་ཨུ་དང་རྐང་ཚ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་རྩ་འཛུགས་ཚན་ཆུང་གིས་ཚོགས་ར་གཏན་འཁེལ་བྱས་པ་དང་། འཁྲབ་ཁྲིད་ལས་རིམ། བརྙན་ཕབ་བྱ་བ། སྒྲ་ཕབ་སྒྲིག་སྦྱོར་བཅས་ཀྱི་བྱ་བ་ཐམས་ཅད་ཚགས་སུ་ཆུད་པར་བྱས་ཏེ། སྤྱི་ཟླ7པའི་ཚེས21ཉིན་ཐེངས་འདིའི་ལ་གཞས་འགྲན་སྡུར་གྱི་བསྐྱར་འགྲན་དང་། བསྐྱར་འགྲན་འཕར་མ། རྟིང་རྩོད་འགྲན་སྡུར། མཇུག་མཐའི་རྟིང་རྩོད་བཅས་རིམ་པ་བཞིན་དྲ་གནས་སོ་སོའི་སྐུད་ལམ་བརྒྱུད་དེ་ཐད་གཏོང་བྱ་རྒྱུ་ཡིན།


ལ་གཞས་འགྲན་སྡུར་གྱི་བསྐྱར་འགྲན་དང་རྟིང་རྩོད་རིམ་པའི་ཚོགས་ར་སྟེ།  རྨི་ལམ་དག་ཞིང་ཁམས་བསང་ཡུལ་སྐོར་གནས་མཆོག   

ཐེངས་འདིའི་ལ་གཞས་འགྲན་སྡུར་གྱི་རྩ་འཛུགས་ཚན་ཆུང་གིས་ཚོགས་རའི་ཡུལ་དངོས་གཏན་འཁེལ་བྱས།

ཚོགས་ར། རྨི་ལམ་དག་ཞིང་ཁམས་བསང་ཡུལ་སྐོར་གནས་མཆོག(梦蓝圣境旅游度假村)རྐང་ཚ་རྫོང་ཐོག་ནས་ནུབ་ཕྱོགས་ཀྱི་སྤྱི་ལེ 44 ཡི་མཚམས་སུ་ཡོད།

ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་ནས་བཟུང་ལ་གཞས་འགྲན་སྡུར་གྱི་གོ་རིམ་ཆ་ཚང་གངས་ལྗོངས་མེ་ལོང་དྲ་བ་དང་གངས་ལྗོངས་མེ་ལོངAPP ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།  མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས་བཅས་ནས་ཐད་གཏོང་བྱ་རྒྱུ་ཡིན་ལ། མོས་ལྡན་དག་གིས་དུས་ལྟར་ཐད་གཏོང་ལ་གཟིགས་པར་དགའ་བསུ་ཞུ།།

ཐད་གཏོང་སྟེགས་བུ་དག་ནི།


མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ།

གངས་ལྗོངས་མེ་ལོངAPP

ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།

མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས།


直播平台


青海藏语网络广播电视台(祥云网)

金格桑APP

雪域头条抖音号

青海藏语广播抖音号