སྤེལ་དུས།2021.03.04 ཡོང་ཁུངས།
211
0

ཟླ3ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་རྣམས་བདེ་བླག་ངང་པེ་ཅིན་དུ་འབྱོར།

ཟླ3ཚེས3ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་རྣམས་བདེ་བླག་ངང་པེ་ཅིན་དུ་འབྱོར་བ་དང་ཐོ་འགོད་བྱས།

ད་ལོ་ནི་ཏང་བཙུགས་ནས་ལོ་100ལོན་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་བཏོད་པའི་ལོ་ཞིག་ཀྱང་ཡིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་ནི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་གྲུབ་འབྲས་རླབས་ཆེན་ལ་ཕྱོགས་སྡོམ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཕེལ་རྒྱས་ལ་ཇུས་གཞི་འགོད་པ། ཉིས་སྟོང་སོ་ལྔ་ལོའི་དམིགས་འབེན་རླབས་ཆེན་ཁ་གསལ་བཟོ་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།  ཚོགས་འདུའི་སྔོན་ལ་རང་རེའི་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དག་གིས་རང་གི་འགན་འཁྲི་དང་བླངས་ངང་ཧུར་ཐག་བྱས་པ་དང་། མི་དམངས་ཀྱི་མངགས་བཅོལ་གལ་ཆེན་སྟོང་ཟད་དུ་མ་བཏང་བར། ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བ། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་གྱི་རྒྱུན་རྣམ་བཞི་གསར་འཛུགས་བྱེད་པ་སོགས་ཀྱི་ཆེད་དོན་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གྲོས་གཞི་དང་སྙན་ཞུའི་སྐོར་ལ་གྲ་སྒྲིག་གང་ལེགས་བྱས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མས་བཤད་རྒྱུར། ད་ཐེངས་པེ་ཅིན་དུ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་ཐུབ་པར་དགའ་སྤྲོས་ཁེངས་ཡོད་ལ། དངངས་འཚབ་ཀྱང་སྐྱེས་ཡོད། དགའ་སྤྲོས་ཁེངས་པའི་རྒྱུ་རྐྱེན་ནི་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་བྱེད་ཐུབ་པས་ཡིན་ལ། དངངས་འཚབ་སྐྱེས་པའི་རྒྱུ་རྐྱེན་ནི་འགན་འཁྲི་ཧ་ཅང་ལྕི་བ་དང་ཕ་ཡུལ་གྱི་ཡུལ་མི་ཚོའི་བཅོལ་གདམས་དང་ཡིད་ཆེས་སྟོང་ཟད་དུ་གཏོང་མི་རུང་བས་ཡིན་ཟེར། མོས་མུ་མཐུད་དུ་བཤད་རྒྱུར། ད་ལོའི་གྲོས་གཞིའི་ནང་དོན་དེ་དམངས་ཀྱི་འཚོ་བ་དང་ཁོར་ཡུག་སྲུང་སྐྱོང་། ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད་ལ། གྲོས་གཞིས་ནུས་པ་ཡག་པོ་ཞིག་ཐོན་པར་རེ་བས་ཁེངས་ཡོད་ཅིང་། རང་ཉིད་ཀྱིས་ཀྱང་འཐུས་མི་ཞིག་གི་འགན་འཁྲི་ཧུར་ཐག་གིས་བསྒྲུབ་ནས་མི་དམངས་ཀྱི་མགྲིན་ཚབ་པ་ཡག་པོ་ཞིག་ཡོང་བར་རེ་བ་ཡོད་ཟེར།

འཐུས་མི་རྣམས་ཀྱི་ཆོད་སེམས་བརྟན་ལ་ཡིད་ཆེས་ཀྱིས་ཁེངས་འདུག ཚང་མས་མགྲིན་གཅིག་ཏུ་བཤད་རྒྱུར། ཆབ་སྲིད་ལངས་གནས་མཐོར་འདེགས་དང་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ། ཚོགས་ཆེན་གྱི་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བསམ་འདུན་དང་མངགས་བཅོལ་པེ་ཅིན་དུ་འཁྱེར་ཡོད་ལ། དབུལ་ཐར་མཁྲེགས་གཏོར་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་བླངས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་བརྩོན་ལེན་བྱས་པའི་མཚོ་སྔོན་གྱི་གཏམ་རྒྱུད་ཚོགས་ཆེན་གཉིས་ཀྱི་སྟེང་ཁྱེར་ཡོང་ཡོད། ནུས་ཤུགས་ཡོད་རྒུས་འཐུས་མིའི་འགན་འཁྲི་རླབས་ཆེན་ནན་ཏན་གྱིས་བསྒྲུབ་ནས་ཚོགས་ཆེན་གྱི་ལས་འགན་མཐའ་དག་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱ་རྒྱུ་ཡིན་ཟེར།

                                                                                                 མི་ཕམ་མགོན་པོས་བསྒྱུར། 


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།