སྤེལ་དུས།2021.03.04 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
69
0

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་ཚེས་གསུམ་ཉིན་པེ་ཅིན་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་མགོ་འཛིན་བྱས་ཏེ་གཏམ་བཤད།

ཝང་དབྱང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་འོས་འགན་གཙོ་བོར་ཞབས་འདེགས་ཞུ་རྒྱུ་བཞེད་དོན་དུ་བཟུང་བ་དང་། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ། གྲོས་མོལ་སྒྲིག་ལུགས་ལམ་ལུགས་ཀྱི་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། འགན་སྒྲུབ་བྱེད་ཐབས་བྱེད་ཕྱོགས་གསར་གཏོད་བྱེད་པ། རིམས་ནད་ཀྱི་འགལ་རྐྱེན་ཅི་རིགས་སེལ་བ། གཞུང་ལུགས་སློབ་སྦྱོང་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་བསྡུས་ཕྱོགས་གཉིས་ཀར་ཤུགས་སྣོན་པ། ཕན་ཚུན་སྟོབས་ཤུགས་འབུལ་རེས་བྱེད་པ་བཅས་ལ་འབད་པས། གྲོས་མོལ་བྱེད་ནུས་དང་ལམ་ལུགས་འཛུགས་སྐྲུན་སྔར་ལས་གོ་རིམ་ལྡན་ཞིང་སྟོབས་ཤུགས་ལྡན་པ་དང་སྔར་ལས་ཡར་རྒྱས་བྱུང་ཡོད་ཅིང་། འགན་སྒྲུབ་ལས་དོན་གྱི་གཙོ་གནད་འབུར་དུ་ཐོན་པ་དང་ཕན་འབྲས་མངོན་གསལ་བླངས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་བྱས་རྗེས་གང་ལེགས་བཞག་ཡོད་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་ལུགས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་གནད་འགག་གི་དུས་རིམ་ཞིག་ཡིན། ཆེད་དོན་གྲོས་མོལ་སྒྲིག་ལུགས་ཀྱི་ནང་སྙིང་དང་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་། གྲོས་མོལ་གྱི་གཏིང་ཚད་དང་ཁྱབ་ཚད་སྔར་ལས་རྒྱ་སྐྱེད་དུ་གཏོང་དགོས། ཏང་ནང་ཁུལ་ནས་ཏང་ཕྱིའི་བར་དང་ཨུ་ཡོན་ནས་ལས་རིགས་སོ་སོའི་མང་ཚོགས་བར་གྱི་ཐུན་མོང་ལྟ་བ་གཅིག་གྱུར་བྱེད་པའི་ལས་དོན་འགྲེམ་སྟངས་སྔར་ལས་འཐུས་ཚང་དུ་གཏོང་དགོས། སྲིད་གྲོས་གྲོས་མོལ་རྣམ་པའི་ལྟ་སྐུལ་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་པར་དམ་དམིགས་ཏེ་གནད་དོན་གཙོ་བོར་རྒྱུན་མཐུད་ལྟ་སྐུལ་བྱེད་དགོས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོར་ཤུགས་བསྣན་ཏེ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཏང་གི་སྲིད་གྲོས་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པའི་གོ་རིམ་དུ་འགྱུར་བར་བྱས་ནས། ཐུན་མོང་གི་ལྟ་བ་གཅིག་གྱུར་དང་སྟོབས་ཤུགས་གཅིག་བསྡུས། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་གོ་རིམ་དུ་འགྱུར་བར་བྱེད་དགོས། ཤུགས་ཆེན་པོས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་བཟང་བོར་བསྡུས་ཏེ། བློ་གྲོས་དང་མི་སེམས་གཅིག་བསྡུས་དང་སྤྱོད་བཟང་བབ་གཙང་། བདེན་གཉེར་ཕན་ཆེ་ཡི་ཚོགས་ཆེན་བསྡུ་བར་འགན་ལེན་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་དུ་གྲོས་མོལ་བརྒྱུད་དེ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་འཆར་ཟིན། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞིའི་འབྲེལ་ཡོད་གནས་ཚུལ་སྙན་ཞུ། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་མོལ་བྱ་བའི་སྒྲིག་སྲོལ་སོགས་ལ་གྲོས་འཆམ་བྱུང་། འབྲེལ་ཡོད་འཆར་ཟིན་དང་སྙན་ཞུ་གོ་རིམ་ལྟར་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་སྤྲད་དེ་གྲོས་ཞིབ་བྱེད་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།