རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པས་ཚེས་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པས་ཚེས་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ལ་མི་བརྒྱ་དང་དོན་བཞི་ཞུགས་དགོས་པ་དང་། མི་བརྒྱ་དང་དོན་གཅིག་གྲོས་ཚོགས་ལ་ཞུགས་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན།
གྲོས་ཚོགས་སྟེང་ཐོག་མར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འོས་སྦྱོར་འདེམས་བསྐོ་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱིས་འགན་འཁུར་བཞིན་ཡོད་པ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ལ་མགོ་འཛིན་བྱེད་ཀྱིན་ཡོད།
གྲོས་ཚོགས་སྟེང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཉིན་རིམ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། གྲོས་ཚོགས་ཀྱི་ཉིན་རིམ་ལྟར་ན། ཐེངས་འདིའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར་བསྡུས་ཏེ། ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྲོལ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན་བདུན་རེད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་རིམ་སྒྲིག་སྲོལ་གྱི་གཏན་ཁེལ་ལྟར་ན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རེ་འགའ་བདམས་ནས་ཐེངས་རེའི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞིའི་འགན་ཁུར་བཞིན་ཡོད། བརྡས་ཐག་བཅད་པ་བརྒྱུད་དེ་གྲོས་ཚོགས་སྟེང་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འོས་སྦྱོར་འདེམས་བསྐོ་བྱས།
གྲོས་ཚོགས་སྟེང་བརྡས་ཐག་བཅད་པ་བརྒྱུད་དེ། དབྱང་ཁྲུན་ཝུའུ་དང་ཞིན་ཁྲུན་དབྱིན། ལིས་ཧྥེ། ཞུའུ་ཀྲའོ་ཧྲི། ཀྲང་ཡེ་སུའེ། ཁུང་ཀྲའོ་ཞོན། ལིས་པའོ་རོང་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པར་བདམས། གྲོས་ཚོགས་སྟེང་ཀྲང་ཡེ་སུའེ་ཡིས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པའི་ཞོར་དུ་ཚོགས་ཆེན་གྱི་མགྲིན་ཚབ་པའི་འགན་ཁུར་རྒྱུ་གཏན་འཁེལ་བྱས།
གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་ཐག་གཅོད་བྱེད་ཐབས་གཏན་འཁེལ་བྱས། གྲོས་ཚོགས་སྟེང་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཡུན་ནི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་བཅུ་གཉིས་བར་ཡིན་པ་གཏན་འཁེལ་བྱས། གྲོས་ཚོགས་ཀྱི་སྐབས་སུ་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་འཐུས་ཚབ་ཚོགས་པ་དང་འཐུས་མིས་བཏོན་པའི་གྲོས་གཞིར་ཞིབ་འཇུག་དང་ཐག་གཅོད་བསམ་འཆར་འདོན་པ་དང་། ཀྲུའུ་ཞི་ཚོགས་པར་ཐག་གཅོད་བྱེད་རྒྱུའི་སྙན་ཞུ་འབུལ་རྒྱུ་རེད།
ལོ་ཙཱ་བ་ལྷ་མོ་ཚེ་རིང་།