སྤེལ་དུས།2021.03.06 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
24
0

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གནང་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་སོགས་འཐུས་མིས་གཏམ་བཤད།

ཁྲིན་ཞི་ཡིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་ཡང་བསྐྱར་གྲུབ་འབྲས་བཟང་བོ་བླངས་པ་དང་། ན་ནིང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ནས་ཆེས་སྤྱིར་བཏང་མིན་པའི་གནས་ཚུལ་འོག་རྒྱལ་ཁ་གསར་བ་བླངས་ལ། དེའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་སྣེ་ཁྲིད་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོར་ཐུག་ཡོད། སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ། 2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད་འཆར་ཟིན་ལ་ཧ་ཅང་འཐད་པ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་རྩ་འཛུགས་མ་ལག་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་དུ་བྱེད་པ། བློ་དཀར་དག་གཙང་དང་ཁག་ཁུར་ལྡན་པ་དང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་གནད་འགག་ཏུ་བརྩི་བ། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན། བཀོལ་སྤྱོད་བྱེད་པ་འདེགས་སྐྱོར་དུ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་མགོ་རྩོམ་པ་དང་། འཐབ་ལམ་གསར་པ་འབྱེད་པའི་ཐད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་པ། ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱས་ལ། ཏང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས། སྙན་ཞུས་ཆབ་སྲིད་གླེང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་མངོན་པར་བྱས་ཡོད། ལག་བསྟར་ལ་དོ་སྣང་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཡིད་ཚིམ་པའི་རྒྱུགས་ལན་སྤྲད། བརྩེ་སེམས་ལྡན་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དང་མི་དམངས་སྲིད་གཞུང་གིས་མི་དམངས་བསམ་པའི་སྲིད་འཛིན་འདུ་ཤེས་མངོན་པར་བྱས་ཡོད་ལ། འགྱུར་ལྡོག་ལ་ཁ་གཏད་འཇལ་ནས། གོ་སྐབས་སྐྱེད་སྲིང་བྱེད་པ་དང་མ་དཔེ་གསར་བ་བསྐྲུན་པའི་གསར་གཏོད་ལག་ལེན་གྱི་ལེའུ་གསར་བ་བྲིས། ཞན་ཆ་ཁ་གསབ་བྱས་པ་དང་། དཔལ་འབྱོར་གཏན་འཇགས་སུ་གཏོང་བ་དང་སྤྱི་ཚོགས་བདེ་འཇགས་འཆམ་མཐུན་གྱི་དངོས་གཉེར་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་པ་དང་། བཅོས་སྐྱོང་ལ་ཤུགས་བསྣན་པ་དང་། དུས་རིམ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། མ་དཔེ་གསར་བ་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་ཐབས་ལམ་བཀོད་སྒྲིག་བྱས་ཡོད། སྙན་ཞུ་ལ་འཐད་པ་ཡིན་པ་མ་ཟད་མཐའ་གཅིག་ཏུ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད་ལ། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་པ་དང་། གྲུབ་འབྲས་སྤྱི་སྡོམ་བྱེད་པའི་ཐད་ནས་དངོས་ཐོག་བདེན་འཚོལ་བྱས་ཡོད་ལ། གཏན་ཁེལ་བྱས་པའི་དམིགས་འབེན་ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན། བྱ་བ་བཀོད་སྒྲིག་བྱེད་པའི་ཐད་ནས་གནད་ལ་ཕིགས་ཤིང་ཤུགས་ལྡན་ལ། ལྷག་པར་དུ་ཆེས་སྤྱིར་བཏང་མིན་པའི་ལོའི་རྒྱུགས་ལན་བཟང་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་དགོངས་པ་ཟབ་མོ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ་ཆེན་པོ་དང་། ཐབས་ཇུས་འདོན་པ་དང་ཞུམ་མེད་བློ་བརྟན་གྱི་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ། དུས་དཔག་བབ་བསྟུན་དང་སྤྱི་ཡོངས་ལ་འཆར་འགོད་བྱེད་པའི་ཆབ་སྲིད་མགོ་ཁྲིད་ཀྱི་ནུས་པ་བཅས་མངོན་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དགེ་མཚན་མངོན་པར་བྱས་ཡོད་པས། ང་ཧ་ཅང་འཐད་པ་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས་ལག་བསྟར་དམ་འཛིན་བྱེད་དགོས་ཟེར།

ཐིན་ཅ་ཚའེ་ཡིས་བཤད་རྒྱུར། སྙན་ཞུའི་ནང་ཏང་རླབས་ཆེ་བ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མགོ་ཁྲིད་རླབས་ཆེ་བ། ཀྲུང་གོ་མི་དམངས་རླབས་ཆེ་བ་མྱོང་ཚོར་བྱེད་ཐུབ་ལ། ང་ཧ་ཅང་འཐད་པ་ཡིན། གཅིག་ནས་གྲུབ་འབྲས་བཟང་བོ་དེ་ལེན་སླ་བ་ཞིག་གཏན་ནས་མིན་པས། ཞིང་ཆེན་གོང་འོག་ཡོངས་ཀྱིས་དཀའ་སྤྱད་འབད་འཐབ་བྱེད་པ་དང་། མཚོ་སྔོན་གྱི་མ་དཔེ་དང་མཚོ་སྔོན་གྱི་ཁྱད་ཆོས་བསྐྲུན་ནས། གྲུབ་འབྲས་བཟང་བོའི་ཐད་ནས་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། གཉིས་ནས་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་ཁ་ཕྱོགས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལ་སྦྲེལ་མཐུད་བཟང་བོ་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱས་ཏེ། མཚོ་སྔོན་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ནས་ཆུ་ཚད་གསར་བར་སླེབས་པར་བྱེད་དགོས། གསུམ་ནས་ཆབ་སྲིད་ཀྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་བྱེད་པ། ལྟ་སྐུལ་ལག་བསྟར་འགན་སྲུང་འགན་འཁྲི་ལག་བསྟར་བྱེད་པ། གནད་ཕིགས་ལྟ་སྐུལ་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོན་པོས་འཕེལ་རྒྱས་ཐད་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

འཐུས་མི་པིས་ཧྲིན་ཀྲུང་དང་ཤ་བོ་སྒྲོལ་མ། ཀྲང་ཡུང་ལིས། མཱ་ཧྥུའུ་ཁྲང་། མཱ་དབྱི་སི་ཧྥུའུ་བཅས་ཀྱིས་གཏམ་བཤད།

ལོ་ཙཱ་བ། རིན་ཆེན་མཚོ།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།