ཟླ་གསུམ་པའི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཧྲའན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་ཧྲའན་ཞིའི་འཐུས་ཚབ་ཚོགས་པར་ཕེབས་ཏེ། འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད།
འཐུས་མི་རྣམས་ཀྱི་གཏམ་བཤད་ལ་གསན་རྗེས་ཧན་ཀྲིན་གྱིས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ཡིད་འཐད་ཡིན། ཁོས་བཤད་རྒྱུར། ཉིས་སྟོང་ཉི་ཤུ་ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་ཁག་གདོང་གིས་བསུས་ཏེ། རིམས་ནད་འགོག་བཅོས་ཐད་ནས་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལོན་ཡོད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་གོང་འཕེལ་ཆེན་པོ་བྱུང་ཡོད་ཟེར།
ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཟོལ་མེད་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཤིང་། དཀའ་ཁག་ཁྱད་སེལ་དང་དོན་དངོས་དམ་འཛིན་བྱས་ཏེ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་ལེགས་པོར་རྩོམ་པར་འགན་སྲུང་བྱེད་དགོས། ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་འདོམས་བྱས་ནས་ཉེན་ཁ་དང་འགྲན་རྩོད་ཆེན་པོ་འབྱུང་བར་དོགས་ཟོན་དང་དེ་ཞི་འཇགས་སུ་གཏོང་དགོས། མུ་མཐུད་དུ་རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བ་བཟང་བོར་སྒྲུབ་ནས། རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཟེར།
ཧན་ཀྲིན་གྱིས་ཧྲའན་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དག་གཞི་རྩའི་རྩ་འཛིན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་རེ་བ་ལྔ་དངོས་འབེབས་བྱེད་པ། ཏན་ཏིག་ལྔ་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་ཧྲའན་ཞི་ཡིས་དུས་རབས་གསར་བའི་ནང་རྗེས་འདེད་ཐོལ་བརྒལ་བྱེད་པའི་ལེའུ་གསར་བ་འབྲི་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།