སྤེལ་དུས།2021.03.07 ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་དྲ་བ།
70
0

ཟླ་གསུམ་པའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 


རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚེས་དྲུག་ཉིན་གྱི་སྔ་དྲོར་ཁོ་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་ནན་གྱིས་བསྟན་དོན། ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་མཛུབ་སྟོན་བྱེད་དགོས་ཟེར། 

འཐུས་མིའི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས་ཝང་ཆི་ཧྲན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་མི་དམངས་ཡིད་ཚིམས་པ་དང་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པ། ལོ་རྒྱུས་དེབ་ཐེར་དུ་བཀོད་ཆོག་པའི་གྲུབ་འབྲས་ཐོབ་ཡོད། སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ། ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ་བཅས་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱེ་བྲག་ཏུ་དངོས་འབེབས་བྱས་ཡོད་པས་དེར་མཐའ་གཅིག་ཏུ་ཡིད་འཐད་ཡིན་ཟེར། 

ཝང་ཆི་ཧྲན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བའི་ལོ་ཡིན་པ་དང་། ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་བརྒྱུད་རིམ་ནི་རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་བ་དང་ཏང་གི་གསར་གཏོད་གཞུང་ལུགས་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་མཛུབ་སྟོན་བྱས་པའི་འབད་འཐབ་ལོ་རྒྱུས་ཤིག་ཡིན། དུས་རབས་གསར་བར་བསམ་བློ་གསར་བ་འབྱུང་བ་དང་། བསམ་བློ་གསར་བས་བཞུད་ལམ་གསར་བར་ཁྲིད་སྟོན་བྱེད་དགོས་ཟེར། 

ཝང་ཆི་ཧྲན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཕྱོགས་ཡོངས་ནས་ཡང་དག་པར་བསམ་བློའི་གཞུང་ལུགས་ཀྱི་རྒྱུན་དང་ལོ་རྒྱུས་རིག་གནས་ཀྱི་འབྱུང་ཁུངས་ལ་གོ་བ་ལེན་པ། དེའི་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཕྱོགས་བཅས་ཁོང་དུ་ཆུད་པར་བྱེད་དགོས་ལ། སེམས་རྣལ་མས་སློབ་སྦྱོང་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་འབད་དེ་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ་དང་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཇེ་དྲག་ཏུ་བཏང་སྟེ། བསམ་བློ་དང་ཆབ་སྲིད་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་བར་ཚད་མཐོན་པོས་གཅིག་གྱུར་བྱེད་དགོས་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།



གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།