ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞིང་བཟོ་ཏང་དང་ལུས་རྩལ་ལས་རིགས་ཀྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཞིང་བཟོ་ཏང་དང་ལུས་རྩལ་ལས་རིགས་ཀྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།
ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས་ཀྲའོ་ལི་ཅི་ཡིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ་སེམས་ཤུགས་གཅིག་སྒྲིལ་བྱས་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རིམས་ནད་འགོག་བཅོས་དང་དབུལ་ཐར་མཁྲེགས་གཏོར་སོགས་འགྲན་རྩོད་ཆེན་མོའི་ཁྲོད་བྱས་རྗེས་གལ་ཆེན་བཞག་ཡོད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ལོ་ཡིན་པས། ཨུ་ཡོན་རྣམས་ཀྱིས་སྲོལ་རྒྱུན་བཟང་བོ་དར་སྤེལ་དང་མཉམ་ལས་ཀྱི་ཐོག་མའི་སེམས་འདུན་བརྟན་སྲུང་བྱས་ཤིང་། རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་བར་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་རང་མདངས་སྲུང་འཛིན་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པར་གང་ནུས་ཀྱིས་བློ་འདོན་ཇུས་འབུལ་བྱེད་པ། བསམ་བློའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། འབྲེལ་འདྲིས་བྱེད་པའི་མང་ཚོགས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ངོས་ཟིན་དང་། བསམ་བློའི་ངོས་ཟིན། གཞུང་ལུགས་ངོས་ཟིན། བརྩེ་བའི་ངོས་ཟིན་བཅས་ཇེ་དྲག་ཏུ་འགྲོ་བར་སྣེ་ཁྲིད་བྱེད་དགོས་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།