ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གཅིག་བསྡུས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། ཐིན་ཅཱ་ཚེ། ལིའུ་ཁྲའོ། ཀྲང་ཞའོ་རོང་སོགས་འཐུས་མིས་གཏམ་བཤད། ཀྲང་ཀོང་རོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས།
ཝང་ཅན་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་གོ་དོན་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། བསམ་བློ་རང་བཞིན་དང་འཐབ་ཇུས་རང་བཞིན། སྔོན་དཔག་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཕེལ་རྒྱས་སུ་གཏོང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་པ། ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་བ། བབ་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་གྲུབ་ཚུལ་དང་ཁྱོན་ཡོངས་བཞི་མཐུན་སྦྱོར་ངང་སྤེལ་བའི་འཐབ་ཇུས་གྲུབ་ཚུལ་ཐད་གསལ་འདེབས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་བ་དང་ཡང་དག ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཁ་ཕྱོགས་ཀྱི་སྣེ་ཁྲིད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གོ་དོན་གཙོ་བོར་རྣམ་བཤད་གནད་ལ་ཕིགས་པ་བྱེད་པ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པར་སྐུལ་མ་གཏོང་བ། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་པའི་རེ་སྒུག་བཅས་ཡིན་། ཞིང་ཆེན་ཡོངས་ཀྱི་གོང་འོག་མས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བཟང་བོ་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་རྒྱུན་མ་ཆད་པར་བསྐྲུན་དགོས་ཟེར།
ཞིན་ཁྲང་ཞིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་གོ་དོན་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། ནང་སོག་ལ་བླང་བྱ་བཏོན་ཡོད་པ་མ་ཟད་རྒྱལ་ཡོངས་ལ་བཏོན་པའི་བླང་བྱ་ཡང་ཡིན། སྤྱི་ཡོངས་སུ་འགྲེང་བ་དང་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། ཟུང་འབྲེལ་གནས་དང་ཤུགས་འདོན་ས། རྐང་འཛུགས་ས་འཚོལ་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པར་དམིགས་ནས་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐོན་ལས་གཙོ་བོ་དང་གཅོ་རྒོལ་ཁ་ཕྱོགས་སྔར་ལས་གཏན་ཁེལ་གསལ་བོ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བ་གཉིས་སྦྲེལ་མཐུད་བྱེད་པར་དམིགས་ནས་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱས་ནས། ཞིང་ལས་སྤུས་ཚད་མཐོན་པོ་དང་ཕན་འབྲས་མཐོན་པོ་ཡོང་བ་དང་ཞིང་བ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་འཛུགས་པར་དམིགས་ནས་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱེད་པར་དམིགས་ནས་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་དམིགས་ནས་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་དགོས་ཟེར།
ཐིན་ཅཱ་ཚེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཡང་བསྐྱར་ནན་བཤད་དང་ཡང་བསྐྱར་སྐུལ་སློང་། ཡང་བསྐྱར་བཀོད་སྒྲིག་བྱས་པ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། གཅིག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ནས། ངེས་པར་དུ་ཆ་ཚང་རང་བཞིན་ཁོང་དུ་ཆུད་པར་བྱེད་དགོས། གཉིས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། ངེས་པར་དུ་ཡང་དག་རང་བཞིན་ལ་རྒྱུས་ལོན་བྱེད་དགོས། གསུམ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ནས། ངེས་པར་དུ་ཤུགས་གསུམ་ཇེ་དྲག་ཏུ་བཏང་སྟེ་འགན་སྲུང་བྱེད་དགོས་ཟེར།
དེ་ལས་གཞན། ལིའུ་ཁྲའོ་དང་ཀྲང་ཞའོ་རོང་། པད་རྒྱལ་བཀྲ་ཤིས། མིན་ཧའེ། མ་དབྱི་སི་ཧྥུའུ་སོགས་འཐུས་མིས་སོ་སོར་གཏམ་བཤད། ཚང་མས་མཐའ་གཅིག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། གོ་དོན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གྲུབ་འབྲས་གསར་བ་མངོན་པར་བྱས་ཏེ། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་རྒྱུའི་ཚུལ་བསྟན།
ལོ་ཙཱ་བ། རིན་ཆེན་མཚོ།