ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་དགོང་མོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གཅིག་བསྡུས་སྒོས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག་ལ་བལྟས་པ་དང་། ཚང་འཛོམས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། ཀྲང་ཀོང་རོང་། ཐིན་ཅཱ་ཚེ། ལིའུ་ཁྲའོ། ཀྲང་ཞའོ་རོང་། ཧན་ཞའོ་ཝུའུ། ཁྲིན་ལིས་ཧྥུན་སོགས་འཐུས་མི་དང་གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་ཀྲང་ཙིག་ཅུན་དང་མིན་ཡུང་ཧྲན་བཅས་ཀྱིས་གཏམ་བཤད།
ཝང་ཅན་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པ་རུ་ཕེབས་ནས། རང་ཞིང་གི་འཐུས་མི་དང་མཉམ་དུ་གྲོས་ཞིབ་བྱས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། དེ་ནི་བདེ་སྐྱིད་ཀྱི་དུས་སྐབས་ཤིག་དང་མཛེས་སྡུག་གི་དུས་ཚོད་ཅིག་ཡིན་པ་དང་། བསམ་བློའི་སློབ་ཁྲིད་ཆེན་པོ་ཞིག་དང་སློབ་གསོ་གཏིང་ཟབ་ཅིག་ཡིན་ལ། ལམ་སྟོན་གྱི་སྒྲོན་མེ་ཞིག་ཡིན་པ་དང་། དུས་རབས་གསར་པ་དང་དུས་རིམ་གསར་པའི་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་མངོན་སུམ་གྱི་དོན་སྙིང་གལ་ཆེན། ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་བཅས་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཕུན་སུམ་ཚོགས་པའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་། དེ་ནི་བདེན་ལུགས་ཀྱི་འོད་སྣང་འཚེར་བའི་མར་ཁེ་སི་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་ཡིན། གསུང་བཤད་སློབ་སྦྱོང་བྱེད་པ་དང་དགོངས་པར་རྒྱུས་ལོན་གཏིང་ཟབ་བྱེད་པ། ལག་བསྟར་དམ་འཛིན་བྱེད་པ། ལེའུ་གསར་བ་འབྲི་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཁྲོད་ཞུགས་པ་དང་། དེང་རབས་ཅན་འཛུགས་སྐྲུན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་བརྒྱུད་དེ་བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་བསྐྱོད་དགོས། གསུང་བཤད་སློབ་སྦྱོང་བྱེད་ན་དྲིན་གཟོའི་བསམ་བློ་བཅངས་ནས་སློབ་སྦྱོང་བྱེད་པ་དང་། འགན་འཁྲི་སེམས་ལ་བཅངས་ནས་སློབ་སྦྱོང་བྱེད་པ། ཡིད་རྟོན་སེམས་ལ་བཅངས་ནས་སློབ་སྦྱོང་བྱེད་པ། བློ་སེམས་རྩེ་གཅིག་གིས་སློབ་སྦྱོང་བྱེད་པ། སྲུང་སྐྱོབ་ཀྱི་སེམས་པས་སློབ་སྦྱོང་བྱེད་དགོས། དགོངས་པ་རྒྱུས་ལོན་བྱེད་ན་དེའི་ཁྲོད་འདུ་བའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་ཚུལ་དང་། བྱེད་ཐབས་ལ་རྒྱུས་ལོན་བྱེད་པ་དང་། དེའི་ཁྲོད་ཀྱི་གཅིག་བསྡུས་ནུས་པ་དང་ནང་འགུག་ནུས་པ། སྐུལ་སློང་ནུས་པ་དང་བསམ་བློའི་སྟོབས་ཤུགས་ལ་རྒྱུས་ལོན་བྱེད་པ། དེའི་ཁྲོད་འདུ་བའི་བརྩེ་སེམས་དང་རེ་སྒུག་ལ་རྒྱུས་ལོན་བྱེད་དགོས། ལག་བསྟར་དམ་འཛིན་བྱེད་ན་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དམ་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་བློ་བརྟན་འགྱུར་མེད་ཀྱིས་དམངས་ཚིས་ཀྱི་བདེ་སྐྱིད་འཕར་སྣོན་བྱེད་པ། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་དུས་སྐབས་ཀྱི་རང་རྟོགས། ས་སྲུང་འགན་ཡོད་དང་ས་སྲུང་འགན་སྤྱོད། ས་སྲུང་འགན་ལེན་གྱི་འགུལ་སྐྱོད་རང་རྟོགས། རྟེན་གཞི་འཛུགས་སྐྲུན་དང་། མཐོ་ས་དང་དམིགས་འབེན་ས་ཆ། ཕྱིར་འདྲེན་ས་ཆ་འཛུགས་སྐྲུན་བྱེད་པའི་གསར་གཏོད་རང་རྟོགས་བཅས་དམ་འཛིན་བྱེད་དགོས། ལེའུ་གསར་བ་འབྲི་ན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལེའུ་གསར་བ་འབྲི་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་བ་འབྲི་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་འཛུགས་པའི་ལེའུ་གསར་བ་འབྲི་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཟེར།
ཞིན་ཁྲང་ཞིང་གིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པ་དང་འཐབ་ལམ་གསར་བ་འབྱེད་པའི་གནད་འགག་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་དངོས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་གནང་བ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་ཐུགས་ཁུར་མཛད་པ་མཚོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་དང་། མཚོ་སྔོན་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་སྐྱོད་པའི་སྙིང་སྟོབས་སྒུལ་ཤུགས་དང་སྐུལ་མ་ཡིན་ལ། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཕྱོགས་སྟོན་ཡིན་པ་དང་། མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པའི་ཆབ་སྲིད་ཀྱི་དོན་དག་གལ་ཆེན་ཡིན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་གོ་དོན་མཐིལ་རྟོགས་བྱེད་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པ། དམངས་ཚིས་བདེ་སྐྱིད་འཕར་སྣོན་བྱེད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཀྱི་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ཇེ་བརྟན་དུ་གཏོང་བ་སོགས་ཀྱི་བླང་བྱ་གལ་ཆེན་འདོན་འཁྱོལ་ནན་མོ་བྱས་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ཟེར།
ཀྲང་ཀོང་རོང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཐུགས་ཁུར་ཆེན་པོ་གནང་བ་མཚོན་ལ། སེམས་ཤུགས་བསྐྱེད་པ་དང་སྐུལ་མ་ཐེབས་པར་བྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་མ་ཟད། བླང་བྱ་གལ་ཆེན་གསར་པ་བཏོན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་ཚིས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུལ་འདེད་དང་སྐུལ་ལྕག་ལ་སྔར་ལས་གཅེས་སྤྲས་བྱེད་པ་དང་། གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ། སེམས་ཤུགས་གཅིག་ཏུ་བསྡུ་བ་དང་བབ་བསྟུན་མདུན་སྐྱོད་བྱས་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བ་དང་། འགུལ་སྐྱོད་དངོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་བ། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།
ཐིན་ཅཱ་ཚེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་ན་གཅིག་ནས་དྲོད་ཁོལ་ལྡན་པ་དང་། གཉིས་ནས་སྐུལ་ལྕག་ཐེབས་ཐུབ་ལ། གསུམ་ནས་སློབ་སྦྱོང་བཟང་བོ་དང་ལག་བསྟར་ནན་མོ་བྱེད་དགོས་ཟེར།
ཀྲང་ཙིག་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བྱ་བ་གཙོ་བོ་ནི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྤེལ་བ་དང་། མཚོ་སྔོན་མི་དམངས་ང་རྒྱལ་སྐྱེས་ཆོག་པའི་སྔོ་ལྗང་གི་རི་ཆུར་སྲུང་སྐྱོབ་བྱེད་པ། རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ། མཉམ་དུ་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་དམངས་ཚིས་བདེ་སྐྱིད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་བྱེད་པ་བཅས་ཡིན་པར་ངོས་འཛིན་སྔར་ལས་གསལ་བོ་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་གལ་ཆེན་ལ་རྒྱུས་ལོན་གསལ་བོ་བྱེད་ན། ཏང་ཡོན་ལས་བྱེད་པས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་འཛུགས་པ། འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་དྲག་ཏུ་གཏོང་བ། དཀའ་སྤྱད་འབད་འཐབ་བྱས་ཏེ་་ཕྱིར་བསྣུར་མི་བྱེད་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་དགོས། གསུང་བཤད་ཀྱི་དགོངས་དོན་མི་དམངས་ཁྲིམས་ཁང་གི་བྱ་བའི་ཁྲོད་ལག་བསྟར་བྱས་ནས་དམ་འཛིན་བྱེད་པ་དང་། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་སྡེ་སློབ་གསོ་བཅོས་སྐྱོང་བྱེད་པའི་གཙོ་གནད་དུ་བརྩིས་ནས་དམ་འཛིན་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྤུས་ཚད་མཐོ་བའི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།
དེ་ལས་གཞན། ཟི་ལིང་དུ་ཡོད་པའི་མཚོ་སྔོན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་ཏང་ཕྱིའི་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་། ཞིང་ཆེན་སྲིད་གཞུང་་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་གི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་གཅིག་བསྡུས་སྒོས་གསར་འགྱུར་ལ་བལྟས་པ་དང་། དུས་ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།