ཟླ་གསུམ་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞང་ཀང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཟླ་གསུམ་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཨོ་མིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་སོ་སོར་ཞང་ཀང་འཐུས་ཚབ་ཚོགས་པ་དང་ཨོ་མིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཧན་ཀྲིན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་ཐོབ་ཡོད། ཞང་ཀང་དང་ཨོ་མིན་གྱིས་གཙོ་བོ་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སླར་གསོ། དམངས་ཀྱི་དཀའ་ཁག་སེལ་བ་བཅས་ཀྱི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཀྱི་དགོས་ངེས་ཀྱི་སྙིང་བོ་ཡིན་པ་དང་། ཀྲུང་དབྱང་གི་གནད་དོན་དེའི་ཐད་ཀྱི་རྣམ་འགྱུར་ལ་ནམ་རྒྱུན་དང་འདྲ་བར་འགྱུར་ལྡོག་གཏན་ནས་བྱུང་མེད། ངེས་པར་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། རྒྱལ་གཅེས་མཁན་གཙོ་བྱས་པའི་ཞང་ཀང་བས་ཞང་ཀང་སྐྱོང་བར་ཁག་ཐེག་བྱེད་དགོས་ལ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་པ་དང་ཕན་ནུས་ལྡན་པར་བཅོས་སྐྱོང་བྱེད་པར་ཁག་ཐེག་བྱེད་དགོས་པར་མ་ཟད། ཞང་ཀང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་གསུངས། ཧན་ཀྲིན་གྱིས་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་དག་གིས་འགན་འཁྲི་ལག་བསྟར་ནན་མོ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་དེ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།