ཟླ་གསུམ་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཟླ་གསུམ་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ཁོང་གིས་ན་ནིང་ཅང་སུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཕན་འབྲས་གསར་པ་ཐོབ་ཡོད་ལ། རེ་བ་ཡིན་ན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། མུ་མཐུད་དུ་འབད་འབུངས་ཧུར་སྐྱེད་བྱས་ཏེ། རྒྱལ་ཡོངས་ཀྱི་དཔལ་འབྱོར་རྨང་གཞི་བརྟན་པོའི་ངང་སླར་གསོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་དཔལ་འབྱོར་ཞིང་ཆེན་ཆེན་པོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས་སྒུལ་ནུས་གསར་པ་གསོ་སྐྱོང་རྒྱ་སྐྱེད་བྱེད་དགོས། དམངས་ཚིས་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། འཕེལ་རྒྱས་ཀྱི་ཁྲོད་ནས་དམངས་ཚིས་བདེ་སྐྱིད་མཐོར་འདེགས་གཏོང་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།