སྤེལ་དུས།2021.03.09 ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་དྲ་བ།
24
0

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་བརྙན་ལམ་གྲོས་ཚོགས་བསྡུས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་བརྙན་ལམ་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས། ཨུ་ཡོན་བཅུ་གཉིས་ཀྱིས་ཚོགས་ཆེན་སྟེང་གཏམ་ཤད། གྲོས་ཚོགས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ནས་ཚོགས་ར་གཙོ་བོ་བཙུགས་པ་དང། ཨུ་ཡོན་སྡོད་གནས་ནས་ཡན་ལག་ཚོགས་ར་བཙུགས།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་ཚོགས་འདུར་ཞུགས་ནས་གཏམ་བཤད་ལ་ཉན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དྲ་ལམ་ནས་གྲོས་ཚོགས་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིའུ་ཆི་པའོ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་གུང་། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། པ་ཐིར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཡིས་མགོ་འཛིན་བྱས།

ཨུ་ཡོན་བཅུ་གཉིས་ཀྱིས་དམངས་དོན་ཁྲིམས་གཞུང་སྒྲོག་འགྲེལ་བྱེད་པ་དང་། ས་ཞིང་ཐོན་ཁུངས་ལ་ཚན་རིག་དང་མཐུན་པར་སྲུང་སྐྱོབ་དང་ཕན་འབྲས་མཐོན་པོས་བཀོལ་སྤྱོད་བྱེད་པའི་ལམ་གསར་པར་བསྐྱོད་པ། འཛད་སྤྱོད་རྒྱ་བསྐྱེད་པ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་གཉིས་ཟུང་སྦྲེལ་བྱེད་པ། ཨོ་མིན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཁྱད་སྟོབས་བཟང་བོར་འདོན་པ། དག་གཙང་ཐཱན་ཉུང་གི་ནུས་ཁུངས་མ་ལག་འཛུགས་པ། གཞི་གྲངས་ཆེན་མོའི་སྦྲེལ་ཐག་དང་དཔལ་འབྱོར་སྤྱི་ཚོགས་མཉམ་འདྲེས་གསར་གཏོད་ཀྱིས་འཕེལ་རྒྱས་སུ་གཏོང་བ། ཕྱི་ཕྱོགས་ཉོ་འཚོང་མྱུར་མོར་གཞི་གྲངས་ཅན་དུ་བསྒྱུར་བ། རང་བདག་གསར་གཏོད་ལ་སྔར་ལས་གཙིགས་འཛིན་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་ནུས་པ་སྔར་ལས་བཟང་བོར་འདོན་པ། ན་གཞོན་ལོ་ཆུང་གི་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ། ཨུ་ཡོན་གྱི་དཔེ་ཀློ་བྱ་འགུལ་བཟང་བོར་སྤེལ་བ། པེ་ཅིན་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བཟང་བོར་བསྡུ་བ་སོགས་ཀྱི་ཐད་ནས་གཏམ་བཤད།

ཕྱུག་ལོས་བསྒྱུར། 


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།