སྤེལ་དུས།2021.03.09 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
56
0

ཟླ༣པའི་ཚེས༨ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན་ནས་གྲོས་ཞིབ་བྱས།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ལིས་ཀྲན་ཧྲུའུ་ཡིས་སྙན་ཞུའི་ནང་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་བྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱས་ཏེ། འགན་འཁྲི་ཁུར་ལེན་དང་ཧུར་ཐག་འབད་འཐབ་ཀྱིས་བྱ་བའི་བཀོད་སྒྲིག་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། ཉེན་ཁ་ཆེན་པོར་ཁ་གཏད་འཇལ་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་དབང་ཤུགས་ལས་ཁུངས་ཀྱི་འགན་ནུས་ལེགས་པར་བཏོན་ཡོད་ཟེར།

ཟླ༣པའི་ཚེས༨ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ།

སྙན་ཞུའི་ནང་ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་རྗེས་སུ་འབྲངས་ཏེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བས་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་བཏོན་པའི་རེ་འབོད་དང་དམ་དུ་སྦྲེལ་ཞིང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱིས་བཏོན་པའི་བཅའ་ཁྲིམས་ཀྱི་དགོས་མཁོར་དམ་དུ་སྦྲེལ་ནས། ཁྲིམས་འཛུགས་དང་བཅའ་ཁྲིམས་ལྟ་སྐུལ་ལ་ཤུགས་བསྣན་ཏེ། བྱ་བ་སྣ་ཚོགས་ཀྱིས་དཀྱིལ་སྙིང་དང་ཆེ་ཕྱོགས་ལ་སྔར་ལས་དམ་དུ་དམིགས་པར་བྱེད་རྒྱུ་དང་རྒྱལ་ཁབ་དང་མི་དམངས་ལ་སྔར་ལས་བཟང་བོར་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ཟེར།

སྙན་ཞུའི་ནང་དུ་ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་ལག་བསྟར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པའི་ལོ་དང་པོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱིའི་བླང་བྱ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་ཏུ་འཛིན་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གྱིས་གཅིག་གྱུར་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་ལ་དམ་དུ་དམིགས་ནས་དམངས་ཆེན་གྱི་བྱ་བར་ཇུས་འགོད་བྱེད་པ། ཁྲིམས་ལྟར་ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ལག་བསྟར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགན་ནུས་འདོན་སྤེལ་བཟང་བོ་བྱེད་རྒྱུ་དེ་ཡིན་ཟེར།

ལིས་ཀྲན་ཧྲུའུ་ཡིས་སྙན་ཞུའི་ནང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྗེས་ཕྱོགས་ཀྱི་ལོ་གཅིག་གི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་པ་སྟེ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་དངོས་སུ་ཤུགས་བསྣན་ནས། རྩ་ཁྲིམས་ཀྱི་གཟི་རྔམ་དང་དབང་གྲགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཁྱབ་ཁོངས་གཙོ་བོ་དང་གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་དངོས་སུ་ཤུགས་བསྣན་ནས། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས་པ། ལྟ་སྐུལ་བྱ་བར་དངོས་སུ་ཤུགས་བསྣན་ནས་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་པ། འཐུས་མིའི་བྱ་བར་དངོས་སུ་ཤུགས་བསྣན་ནས་འཐུས་མིའི་ནུས་པ་སྔར་ལས་བཟང་བོར་འདོན་པ། དམངས་ཆེན་གྱི་ཕྱི་དོན་བྱ་བར་དངོས་སུ་ཤུགས་བསྣན་ནས། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཟབ་སྤེལ་དང་རྒྱ་སྐྱེད་བྱེད་དགོས་པ། རང་སྟེང་གི་འཛུགས་སྐྲུན་ལ་དངོས་སུ་ཤུགས་བསྣན་ནས། འགན་སྒྲུབ་ཀྱི་བསམ་བློ་ཆབ་སྲིད་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་བཅས་རེད།

ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་ནང་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། རྩ་ཁྲིམས་དང་བཅས་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་རྣམ་དག་གིས་ལག་བསྟར་བྱས་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་གཏོང་བར་ཁྲིམས་ལྟར་ཞབས་འདེགས་ཞུས་ཏེ། བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་གསར་པ་བླངས་ཡོད་ཟེར།

ཟླ༣པའི་ཚེས༨ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་ཕུལ།

ཀྲིག་ཆང་གིས་སྙན་ཞུའི་ནང་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ། མི་དམངས་ཁྲིམས་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་གཞིར་དམ་དུ་དམིགས་ནས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ་བཅས་ཀྱི་བླང་བྱ་ལ་ངོས་འཛིན་ཡང་དག་བྱེད་པ་དང་། མ་ལག་འདུ་ཤེས་དང་ཁྲིམས་སྐྱོང་བསམ་གཞིགས། རྨང་བརྟན་ཁྲིད་ཕྱོགས་བཅས་ལ་སྔར་ལས་གཙིགས་འཛིན་བྱེད་པ། བརྟན་ཐོག་ཡར་འཕེལ་དང་དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་གི་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲན་ཅུན་གྱིས་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་དང་། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ལྡན་ལྟ་སྐུལ་འོག་ཏུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཚབས་ཆེན་ལ་ཧུར་ཐག་གིས་ཁ་གཏད་འཇལ་ཏེ་བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་གསར་པ་བླངས་ཡོད་ཟེར།

ཟླ༣པའི་ཚེས༨ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན་གྱིས་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ཕུལ།

ཀྲང་ཅུན་གྱིས་སྙན་ཞུའི་ནང་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར་ཞིབ་དཔྱོད་པ་རྣམས་ཀྱིས་སྔར་ལས་རང་རྟོགས་ཀྱིས་ཁག་ཁུར་འབད་འཐབ་བྱས་ཏེ། ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མགོ་བཟང་བོ་རྩོམ་པར་ཁྲིམས་སྐྱོང་གི་འགན་སྲུང་སྟོབས་ཅན་འདོན་སྤྲོད་བྱེད་དགོས་ལ། མི་དམངས་ཀྱི་བདེ་སྐྱིད་དང་རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་ཀྱི་གཏན་འཇགས་བཅས་ལ་འགན་སྲུང་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ང་གསུམ་ཡོད་པ་དང་། འཐུས་མི་སྟོང་གཉིས་དང་བརྒྱད་བརྒྱ་གོ་ལྔ་ཚོགས་ཐོག་ཏུ་འབྱོར་བ་དང་། མི་ང་བརྒྱད་ཚོགས་འདུར་ཞུགས་མ་ཐུབ། ཚོགས་ཞུགས་མི་སྣའི་གྲངས་ཀ་ཁྲིམས་བཀོད་མི་གྲངས་དང་མཐུན།

གྲོས་ཚོགས་ལ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་གྱིས་མགོ་འཛིན་བྱས།

ཟླ༣པའི་ཚེས༨ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་གྱིས་མགོ་འཛིན་བྱས།

ཚེས་བརྒྱད་ཉིན་ནི་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་པས། གྲོས་ཚོགས་སྟེང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོག་ནས། བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ། རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བུད་མེད་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མཱ་ཧྥིན་གོ་དང་ཝང་ཏུང་ཧྥིན། ཧང་ཀོང་ཡ། ཝང་ཅན་ཅུན། དབྱིན་ལིས། ཧྲི་ཐའེ་ཧྥིན། པའེ་ཁྲུན་ལིས། ལིའུ་དབྱི་ལེང་། ལིའུ་གོ་ཀྲུང་། ལིའུ་ཅ་དབྱི། ཞུའུ་ཆི་ལེང་། རོན་ཁྲིན་ཧྥ། ལིས་ཡུས་མཱེ། ལིས་ཝེ། ལིས་ཞུའེ་ཡུང་། ཝུའུ་ཡུས་ལེང་། དབྱིན་ཡུང་། ཧྲིན་ཞའོ་མེན། ཁྲིན་ཆོན་གོ། ཁྲིན་ཞི་ཝུན། ཡོན་ཅ་ཅུན། ཧོང་ཀྲི་ཞན། ཕིན་ཆིན་ཧྭ། ཅང་ཀྲོ་ཆིན། ཅིན་ཅུན་ཧའེ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བསྡད་ཡོད།

ཕྱུག་ལོས་བསྒྱུར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།