སྤེལ་དུས།2021.03.09 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
30
0

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུབ་ཚབ་ཚོགས་པས་མཚོ་སྔོན་དུ་མདོ་དབུས་མཐོ་སྒང་ཕྱུགས་རྩྭའི་སོན་རྒྱུའི་ཐོན་ཁུངས་དང་གསོ་སྤེལ་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་།མདོ་དབུས་མཐོ་སྒང་གི་སོན་རྒྱུའི་ཐོན་ཁུངས་རྒྱ་ཁྱབ་ངང་འཚོལ་བསྡུ་དང་མཐོ་སྒང་གི་གནོད་འགོག་སྐྱེ་ཁམས་ཀྱི་སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་དང་ཉར་ཚགས་བྱ་རྒྱུར་ཤུགས་སྣོན་པ། མེད་པར་འགྱུར་བཞིན་པ་དང་རྩ་ཆེ་ཞིང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རྩྭའི་སོན་རྒྱུའི་ཐོན་ཁུངས་སྔོན་ལ་མྱུར་སྐྱོབ་བྱེད་པ་དང་།ཁྱབ་རྒྱ་ཆེ་ལ་དོན་དངོས་དང་གསར་སྤེལ་གྱི་རིན་ཐང་ལྡན་པའི་རྩྭའི་སོན་རྒྱུའི་ཐོན་ཁུངས་སྔོན་ལ་ཉར་ཚགས་བཅས་བྱས་ཏེ།སྣ་མང་ཤུལ་བཞག་རང་བཞིན་དང་ཚབ་མཚོན་རང་བཞིན་ལྡན་པའི་སོན་རྒྱུར་སྔོན་ལ་སྲུང་སྐྱོབ་བྱེད་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བསྟན་དོན། རྩྭ་སོན་ནི་མདོ་དབུས་མཐོ་སྒང་གི་འབྲོག་ལས་ཐོན་སྐྱེད་དང་རྩྭ་སའི་སྐྱེ་ཁམས་སླར་གསོ་དང་ཞན་འགྱུར་རྩྭ་སའི་སྐྱེ་ཁམས་སླར་གསོ་བྱེད་པར་མེད་དུ་མི་རུང་ཞིང་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་གྲང་ངར་ཆེ་བའི་འབྲོག་ཁུལ་ནི་མདོ་དབུས་མཐོ་སྒང་གི་ལྟེ་བར་གནས་ཤིང་། གནམ་གཤིས་དང་ས་རྒྱུ། ས་དབྱིབས། སྐྱེ་དངོས་ཁེབས་ཚུལ་སོགས་སྣ་མང་ཞིང་རྙོག་འཛིང་ཆེ་ལ། དམིགས་བསལ་གྱི་ས་བབ་དང་གནམ་གཤིས་ཀྱིས་སྐྱེ་དངོས་ཀྱི་རིགས་མང་པོ་ས་ཁུལ་དེར་ཁྱབ་པའི་དམིགས་བསལ་རང་བཞིན་གཏན་འཁེལ་བྱས་ཡོད། ས་བབ་དམའ་བའི་ས་ཁུལ་ནས་ཐད་ཀར་སོན་རྒྱུ་ནང་འདྲེན་བྱས་ན་ལེགས་འགྲུབ་འབྱུང་མི་སྲིད་པ་ལག་ལེན་གྱིས་ར་སྤྲོད་བྱས་ཡོད་མོད། མདོ་དབུས་མཐོ་སྒང་གི་ས་བབ་མཐོ་བའི་ས་ཁུལ་གྱི་སྤུས་ལེགས་གཟན་རྩྭ་དང་སྐྱེ་ཁམས་རྩྭ་སོན་མང་ཆེ་བ་རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དུ་གསོ་སྤེལ་དང་འདེབས་འཛུགས་བྱེད་ཐུབ། མིག་སྔར་མདོ་དབུས་མཐོ་སྒང་དུ་ཐོན་སྐྱེད་དང་ཁྱབ་གདལ་གཏོང་རྒྱུར་འཚམ་པའི་ཕྱུགས་རྩྭ་དང་རྩྭ་རིགས་ཉུང་ལ། གྲངས་འབོར་ཉུང་བ་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་འབྲོག་ལས་ཐོན་སྐྱེད་ཐད་ཀྱི་འགག་རྩའི་གནད་དོན་ཞིག་རེད།

མཚོ་སྔོན་ནི་ས་བབ་མཐོ་བའི་འཁྱགས་ས་གལ་ཆེན་ཞིག་ཡིན་ཞིང་། ལོ་ཧྲིལ་བོར་གྲང་ངར་ཆེ་ཞིང་དབྱང་རླུང་དཀོན་པ། མཁའ་དབུགས་སྐམ་ཤས་ཆེ་བས་ས་བོན་ཡུན་རིང་ལ་གསོག་ཉར་བྱེད་སའི་རང་བྱུང་འཁྱག་མཛོད་ཅིག་རེད། དེར་བརྟེན་རྒྱལ་ཁབ་རིམ་པས་མཚོ་སྔོན་ཞིང་ཆེན་དུ་མདོ་དབུས་མཐོ་སྒང་གི་ཕྱུགས་རྩྭའི་སོན་རྒྱུའི་ཐོན་ཁུངས་དང་གསོ་སྤེལ་ལྟེ་གནས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྔར་ལས་ལྷག་པའི་སྲུང་སྐྱོབ་བྱས་ནས། མཚོ་སྔོན་གྱི་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུའི་གྲོས་གཞི་བཏོན་པ་ཡིན་ཟེར།

    མི་ཕམ་མགོན་པོས་བསྒྱུར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།