སྤེལ་དུས།2021.03.09 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
67
0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཁྲོད་ཚུར་སྣང་ཆེན་པོ་ཐོབ། ཨུ་ཡོན་ཚོས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ལས་རིགས་སོ་སོའི་མང་ཚོགས་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ། སྲིད་ཇུས་དྲིལ་སྒྲོག་རྒྱ་ཆེར་བྱེད་པ། རྟོག་ཞིབ་གྲོས་མོལ་ནན་མོ་བྱས་ཏེ། མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བཟང་བོ་བྱེད་པ། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་ཐད་ཐུན་མོང་གི་ལྟ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ཟེར།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་མཚོ་སྔོན་འཐུས་ཚབ་ཚོགས་པར་དངོས་སུ་ཕེབས་ནས་མཛུབ་ཁྲིད་གནང་བ་དང་། གསུང་བཤད་གལ་ཆེན་གྱི་ནང་དོན་ནི2016ལོར་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་ཧ་ཅང་མཐུན་ལ། མཛུབ་སྟོན་དགོངས་པའི་སྟེང་གཅིག་རྒྱུན་གཅིག་འཛིན་བྱས་ཡོད་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་སྒྱུར། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་གནད་དོན་གལ་ཆེན་ནི། ང་ཚོ་མཚོ་སྔོན་མི་དམངས་ལ་ཐུགས་ཁུར་ཆེན་པོ་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལ་རྒྱུས་ལོན་ཟབ་མོ་བྱེད་པ། མཚོ་སྔོན་བྱ་བའི་ཐད་ཀྱི་རེ་སྒུག་ཡིན་པ་ཡང་དང་བསྐྱར་དུ་ནན་སྟོན་བྱས་ཡོད་པས། ང་ཚོར་སེམས་འགུལ་དང་སྐུལ་ལྕག་ཐེབས་པར་བྱས། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་ནན་མོ་བྱེད་པ། ཏང་གི་ལོ་བརྒྱའི་གྲུབ་འབྲས་ཁྲོད་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་དཀའ་སྤྱད་འབད་འཐབ་བྱེད་པ། འགན་འཁྲི་ལག་བསྟར་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་འཐབ་ལམ་གསར་བའི་ཁྲོད་མཚོ་སྔོན་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། བརྩེ་སེམས་ཀྱིས་ཁེངས་ཡོད་པ་དང་། མཚོ་སྔོན་གྱི་བྱ་བ་གལ་ཆེན་གྱི་འཐབ་ཇུས་དབྱེ་ཞིབ་དང་ཚན་རིག་གི་མཛུབ་སྟོན་ཡོད་ལ། མཚོ་སྔོན་རིགས་སོ་སོའི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་ཡང་ལྡན་པས། ང་ཚོར་སྐུལ་སློང་ཆེན་པོ་ཐེབས་པ་དང་དྲོད་ཁོལ་སྦྱིན། ང་ཚོས་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པ་དང། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་སྔོན་དུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་སོ་སོའི་མི་སེམས་གཅིག་ཏུ་བསྡུ་བ་དང་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་དགོས། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཚོ་སྔོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་བཙུགས་ནས། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་རབས་རྗེས་མར་ཕན་འདོགས་དགོས་ཟེར།

ཨུ་ཡོན་ལིས་ཆིན་གྱིས་བཤད་རྒྱུར། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། དེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཧྲིལ་བོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱས་ནས། དཔལ་འབྱོར་རྣམ་པ་བཞི་ལ་བརྟེན་ནས་ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་དགོས་ཟེར།

ཨུ་ཡོན་ཀྲང་ཀྲིག་ཕིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་ཡུན་རིང་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད་པ་དང་། མི་རིགས་ཡུན་རིང་འཕེལ་རྒྱས་སུ་གཏོང་བའི་བསམ་ཚུལ་གྱིས་ང་ལ་བག་ཆགས་ཟབ་མོ་བཞག་ལ། ཕྲག་སྟེང་གི་འགན་འཁྲི་ཧ་ཅང་ལྕི་བའི་ཚོར་བ་བྱིན་སོང་ཟེར།

ཨུ་ཡོན་ཝང་ཅན་གྱིས་བཤད་རྒྱུར། ཚན་རྩལ་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་དགེ་མཚན་ལ་རྐང་འཛུགས་པ་དང་། རྟེན་གཞི་འཛུགས་སྐྲུནདང་ཚད་གཞི་གཏན་ཁེལ་བྱེད་པ། ཚོང་རྟགས་མིང་གྲགས་ཅན་བསྐྲུན་ནས། མཚོ་སྔོན་རང་རྒྱལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་གལ་ཆེན་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།