སྤེལ་དུས།2021.03.09 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
45
0

ཟླ་གསུམ་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་རྩ་འཛུགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།

ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་སྙིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། ཤུགས་ཀྱི་བསྟན་དོན་ཟབ། དེས་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་དང་རེ་ལྟོས་ཆེན་པོ་བཅངས་ཡོད་པ་དང་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་གིན་པ་མཚོན་པས། དུས་རབས་གསར་པ་དང་དུས་རིམ་གསར་པའི་ནང་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་ཁ་ཕྱོགས་གསལ་སྟོན་དང་ཆོས་ཉིད་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་ཉན་རྗེས་སེམས་པ་དྲོད་ལམ་ལམ་བྱེད་ཅིང་ཡིད་སེམས་རྨང་ནས་སྒུལ་བར་བྱེད་ཟེར།

ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུ་ཆབ་སྲིད་འོས་འགན་གལ་ཆེན་ཏུ་བརྩི་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་གནང་བའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དངོས་འབེབས་བྱེད་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་བ་དང་། མིག་སྔར་སྤེལ་བཞིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ནས། བརྩེ་སེམས་དང་བློ་སེམས་དཀར་པོ། འོས་འགན། ཡིད་རྟོན་ཟབ་མོ། ཁག་ཁུར་འདུ་ཤེས་བཅས་ཀྱི་སྒོ་ནས་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ལག་ལེན་ལ་མཛུབ་སྟོན་དང་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།