སྤེལ་དུས།2021.03.09 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
27
0

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་རིམ་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། ཀྲང་ཀོང་རུང་། ཐིན་ཅཱ་ཚའེ། ལིའུ་ཁྲའོ། ཀྲང་ཞའོ་རུང་སོགས་ཀྱིས་གཏམ་བཤད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། བཅའ་ཁྲིམས་ནི་དུས་རབས་ཀྱི་ཐོན་དངོས་ཡིན་ལ། དུས་རབས་འཕེལ་རྒྱས་ཕྱིན་པའི་འགྲོས་དང་བསྟུན་ནས་བཅའ་ཁྲིམས་ཀྱིས་ཀྱང་དུས་བསྟུན་མདུན་སྐྱོད་བྱེད་དགོས། རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་དང་གྲོས་རིམ་སྒྲིག་སྲོལ་ལ་བཟོ་བཅོས་བྱས་པ་དེས། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དངོས་འབེབས་མཐར་ཕྱིན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་པའི་ཁྲིམས་འཛུགས་ལག་ལེན་ཡིན་ལ། ཏང་གི་སྣེ་ཁྲིད་འོག་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་ཚེ་སྲོག་དང་འཐབ་རྩོད་ཀྱི་སྟོབས་ཀུན་ནས་རྫོགས་པ་མཚོན་སྟངས་ཤིག་ཀྱང་ཡིན་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་གྱི་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཇེ་མཐོར་སོང་བའི་མངོན་སྟངས་ཀྱང་ཡིན། རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱིས་ཚགས་དམ་པོའི་བྱེད་ཕྱོགས་མངོན་པར་བསྟན་པ་དང་། གཟབ་ནན་གྱི་ལངས་ཕྱོགས་དེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་གིས་དམངས་ཆེན་བྱ་བར་ཁྱོན་ཡོངས་ནས་སྣེ་ཁྲིད་བྱེད་ཀྱིན་པའི་སྟེང་ཅིག་ཅར་མངོན་ཡོད་ལ། ཚགས་དམ་པོའི་ཆ་དེ་མི་དམངས་འཐུས་མིར་འབྲེལ་གཏུག་དམ་ཟབ་བྱས་པ་དང་། མི་དམངས་འཐུས་མིའི་རང་བདག་གོ་གནས་འབུར་དུ་ཐོན་པར་བྱས་པའི་སྟེང་མངོན་ཡོད། གྲོས་རིམ་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་གྱིས་ཚད་ལྡན་གྱི་ཡི་གེ་གཉིས་འབུར་དུ་ཐོན་པའི་སྒོ་ནས་བསྟན་ཡོད་ཅིང་། སྒྲིག་སྲོལ་ལ་བརྟེན་ནས་དམངས་ཆེན་ལམ་ལུགས་ཀྱི་འཐུས་སྒོ་ཚང་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཚོན་ལ། དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་བསྟན་ཏེ། ས་གནས་ཀྱི་རིམ་པ་སོ་སོའི་དམངས་ཆེན་གྱིས་གོང་དཔེ་འོག་སྟོན་གྱི་སྒོ་ནས་གོམ་སྟབས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ་མཚོན། ང་རང་ངོས་ནས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་འདི་གཉིས་ལ་མོས་མཐུན་ཡོད་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་དང་གྲོས་རིམ་སྒྲིག་སྲོལ་ནི་རྒྱལ་ཡོངས་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་ཡིན། དུས་རིམ་གསར་པར་བསྐྱོད་དེ་འཐབ་ལམ་གསར་པའི་ཕྱོགས་སུ་གོམ་ཁ་བསྒྱུར། དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་དང་གྲོས་རིམ་སྒྲིག་སྲོལ་ལ་བཟོ་བཅོས་འཐུས་ཚང་བྱས་པར་དངོས་ཡོད་ཀྱི་དགོས་མཁོ་དང་ལག་ལེན་གྱི་རྨང་གཞི་ཡོད་པར་མ་ཟད། དོན་སྙིང་གལ་ཆེན་ལྡན་ལ་ཤུགས་རྐྱེན་ཡུན་རིང་ལྡན། བཟོ་བཅོས་འཆར་ཟིན་གཉིས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་སྔར་ལས་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱས་པ་དང་། ཏང་གི་ཁྱོན་ཡོངས་མགོ་ཁྲིད་དམངས་ཆེན་བྱ་བའི་གལ་འགངས་ཆེ་བའི་ཆབ་སྲིད་ཆོས་ཉིད་དུ་བརྩིས་ནས་རྒྱུན་འཁྱོངས་བྱས་པར་མ་ཟད། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལག་ལེན་གྱི་ཉམས་མྱོང་གསར་པ་དང་གྲུབ་འབྲས་གསར་པ་བསྡུ་ལེན་དང་སྤྱི་སྡོམ་བྱས་པ་ལས་གཞན། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་མངོན་པར་མཚོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་ལུགས་བཅོས་སྒྱུར་གྱི་བླང་བྱ་གསར་པ་མཚོན་ཡོད་པས་ང་རང་ངོས་ནས་མོས་མཐུན་ཡོད། ང་ཚོས་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་རྒྱུ་དང་བློ་བརྟན་འགྱུར་མེད་ངང་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་བཀོལ་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་བ་སྙོམ་སྒྲིག་བྱེད་པ། བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ། ཉེན་ཁར་ཁ་གཏད་འཇལ་བ་བཅས་ཀྱི་བྱེད་ནུས་ཇེ་མཐོར་གཏོང་དགོས་ཟེར།

ཀྲང་ཀོང་རུང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་ཆེན་གྲོས་རིམ་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་སྔར་ལས་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཏང་གི་མགོ་ཁྲིད་ཀྱི་གཞི་རྩའི་ཆོས་ཉིད་འབུར་དུ་ཐོན་པའི་སྒོ་ནས་མཚོན་པ་དང་། འཐུས་མིའི་རང་བདག་གོ་གནས་ལ་བརྩི་འཇོག་དང་འཐུས་མིའི་ཁྲིམས་མཐུན་གྱི་འགན་ནུས་ལ་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན་ཡོད་ལ། ནང་དོན་བཟོ་བཅོས་ཀྱིས་ཉམས་མྱོང་གསར་པ་དང་གྲུབ་འབྲས་གསར་པ་བསྡུ་ལེན་བྱས་ཡོད་པས། གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་པར་འཚམ་པར་མ་ཟད། བཅའ་ཁྲིམས་ཁག་གཉིས་ཀའི་བར་སྦྲེལ་མཐུད་གཅིག་བསྡུས་བྱས་ཏེ། དམངས་ཆེན་ལམ་ལུགས་དང་དམངས་ཆེན་བྱ་བ་དུས་བསྟུན་མདུན་སྐྱོད་དང་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པར་བརྟེན། ང་རང་ངོས་ནས་མོས་མཐུན་ཡོད། འཆར་ཟིན་ལ་གྲོས་འཆམ་བྱུང་རྗེས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་དྲིལ་སྒྲོག་གཏིང་ཟབ་བྱེད་རྒྱུ་དང་རྩ་འཛུགས་ལག་བསྟར་ནན་མོ་བྱས་ནས། དུས་ལྟར་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་ལས་དོན་སྤེལ་ཏེ། དུས་རབས་གསར་པའི་དམངས་ཆེན་བྱ་བར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཟེར།

ཐིན་ཅཱ་ཚའེ་ཡིས་བཤད་རྒྱུར། བཟོ་བཅོས་འཆར་ཟིན་གྱིས་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་གྱི་འབྲེལ་ཡོད་ནང་དོན་སྔར་ལས་ཇེ་མང་དུ་བཏང་ནས། ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་ཁྲིམས་འཛུགས། ཁྲིམས་སྐྱོང་འཛུགས་སྐྲུན། ཁྲིམས་འཛུགས་ལྟ་སྐུལ་བཅས་གཞི་གཅིག་ཏུ་སྦྲེལ་བ་ལས་གཞན། ཚོགས་འདུའི་རྣམ་པ་དང་སྒྲིག་ཁྲིམས་ནན་བཤད་བྱས་ཏེ། དམངས་ཆེན་བྱ་བའི་ཆབ་སྲིད་རང་བཞིན་དང་དབང་ཟིལ་རང་བཞིན། གཟབ་ནན་རང་བཞིན་བཅས་མངོན་པར་བསྟན་ཡོད་པས། ང་རང་ངོས་ནས་མོས་མཐུན་ཡོད། བཟོ་བཅོས་འཆར་ཟིན་ནི་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གོང་བུར་འགྲིལ་བའི་ཆབ་སྲིད་ལམ་ལུགས་ཀྱི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན་ལ། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་དགོངས་པ་མཚོན་ཐུབ་པར་ཕན་པ་ཡོད་ཅིང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཁྲིམས་སྐྱོང་གི་ཐུན་མིན་དགེ་མཚན་སྲ་བརྟན་དང་འདོན་སྤེལ་བྱེད་པར་ཕན་པ་ཡོད། དམངས་ཡོངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་ལག་བསྟར་གང་ལེགས་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན། དེའི་ཁར་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མཐོར་བཏང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བར་ཁྲིམས་སྐྱོང་གི་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱས་ཟེར།

ལིའུ་ཁྲའོ་ཡིས་བཤད་རྒྱུར། དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་དང་གྲོས་རིམ་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་གྱིས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་པ་དང་། དེས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཡི་དམངས་ཆེན་རྩ་འཛུགས་ལམ་ལུགས་དང་བྱ་བའི་ལམ་ལུགས་འཐུས་ཚང་ཅན་དུ་གཏོང་བའི་སྐོར་གྱི་བླང་བྱ་མངོན་པར་མཚོན་ལ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱང་མཚོན་པ་དང་། དུས་བསྟུན་མདུན་སྐྱོད་དང་དངོས་ཡོད་དགོས་མཁོའང་མཚོན་པར་མ་ཟད། འཐུས་མིའི་བཅའ་ཁྲིམས་དང་ཁྲིམས་འཛུགས་བཅའ་ཁྲིམས། ལྟ་སྐུལ་བཅའ་ཁྲིམས། སྔོན་རྩིས་བཅའ་ཁྲིམས། ལྟ་ཞིབ་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཅིག་གྱུར་སྦྲེལ་མཐུད་ཀྱང་མཚོན་པས། ང་རང་ངོས་ནས་མོས་མཐུན་ཡོད། མ་འོངས་པར་སློབ་སྦྱོང་ནན་ཏན་དང་སྣེ་ཁྲིད་དངོས་འབེབས་བྱས་ཏེ། འཐུས་མིའི་འགན་ནུས་ལག་བསྟར་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

ཀྲང་ཞའོ་རུང་གིས་བཤད་རྒྱུར། བཅའ་ཁྲིམས་གཉིས་ཀ་ཧ་ཅང་གལ་ཆེན་ཡིན་ལ། བཅའ་ཁྲིམས་ལ་བཟོ་བཅོས་བྱེད་རྒྱུ་ནི་ཉེར་མཁོ་ཡིན་པ་དང་བཟོ་བཅོས་འཆར་ཟིན་གྱི་ནང་དོན་ཆ་ཀུན་ནས་རྫོགས་ཡོད་ཅིང་། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱས་པ་དང་། ཁྱོན་ཡོངས་ནས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལག་ལེན་གྱི་ཉམས་མྱོང་གསར་པ་དང་གྲུབ་འབྲས་གསར་པ་སྤྱི་སྡོམ་བྱས་པའི་རྨང་གཞིའི་སྟེང་དུ། མི་དམངས་འཐུས་མིསི་ཚོགས་ཆེན་ལམ་ལུགས་ཀྱིས་གདོང་གཏོད་དགོས་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་རྒྱུ་དཀྱིལ་སྙིང་དུ་བཟུང་ཡོད་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་ལུགས་གསར་འཛུགས་དང་འགན་ནུས་ལ་འགྱུར་ལྡོག་གསར་པ་བྱུང་བར་བསྟུན་པའི་གྲུབ་འབྲས་གསར་པ་ཡིན་ལ། དུས་བསྟུན་མདུན་སྐྱོད་སྒོས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་འཕེལ་རྒྱས་དང་འཐུས་ཚང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་། ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་། རྒྱལ་ཡོངས་དམངས་ཆེན་གྱི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་མངོན་པར་མཚོན་པས། ང་རང་ངོས་ནས་མོས་མཐུན་ཡོད། བཟོ་བཅོས་འཆར་ཟིན་གཉིས་ཀྱིས་དུས་རབས་གསར་པའི་དམངས་ཆེན་བྱ་བའི་རྣམ་པ་གསར་སྒྱུར་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་ཁྲིམས་སྐྱོང་འགན་སྲུང་ནུས་ལྡན་འདོན་ངེས་པར་ཐེ་ཚོམ་མེད་ཟེར།

ཧན་ཞའོ་ཝུའུ་དང་ཁྲིན་ལིས་ཧྥུན། མིན་ཧའེ། པད་རྒྱལ་བཀྲ་ཤིས། ཀྲང་ཡུང་ལིས། མཱ་དབྱི་ཟི་ཧྥུའུ། ཨ་ཧྲིན་ཆིན། ཧྲ་ཧྥུན། མཱ་ཧྥུའུ་ཁྲང་། ཁུང་ཆིན་ཅུའུ། ཤ་བོ་སྒྲོལ་མ། པིས་ཧྲུན་ཀྲུང་། བཀྲ་ཤིས་རྡོ་རྗེ་སོགས་འཐུས་མིས་གཏམ་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།