སྤེལ་དུས།2021.03.09 ཡོང་ཁུངས།
39
0

ཟླ3པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་ཆེད་དོན་ཚོགས་འདུ་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མཚོ་སྔོན་གྱི་ལོ་གཅིག་རིང་གི་ལས་དོན་དང་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་འཕེལ་རྒྱས་ལ་ཁས་ལེན་གང་ལེགས་བྱས་པ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་རྣམ་པ་གསར་བ་བསྐྲུན་པར་རེ་བ་ནན་མོ་བཅངས་ཡོད་པ་མཚོན་ཐུབ། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེས་ཆེར་ལྡན་པའི་གསུང་བཤད་དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་གཙིགས་ཆེན་བྱེད་བཞིན་པ་མཚོན་ཐུབ་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་ཐུགས་ཁུར་གནང་བ་ནི་མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་གསར་བའི་རྩ་བའི་གཞི་འཛིན་ས་དང་ཁ་ཕྱོགས་ས་རེད།

ཚང་མས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཞུང་སྒྲུང་ཐིན་ནི་ཏང་གི་ཆབ་སྲིད་ལས་ཁུངས་དང་ལག་བསྟར་ལས་ཁུངས། ཞིང་ཆེན་ཏང་ཨུའི་ཕྱོགས་བསྡུས་སྡེ་ཁག་བཅས་ཡིན་པས། གསུང་བཤད་ལ་སློབ་སྦྱོང་དང་བསམ་བློར་རྟོག་དཔྱོད་བྱེད་པ། དོན་འཁྱོལ་དམ་འཛིན་བྱེད་པ་སོགས་ཀྱི་ཐད་མིག་དཔེ་སྟོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། བཀའ་དྲིན་སེམས་ལ་ཉར་ནས་སློབ་སྦྱོང་བྱེད་པ་དང་འགན་འཁྲི་ཡིད་ལ་བཅངས་ནས་སློབ་སྦྱོང་བྱེད་པ། བློ་སེམས་དཀར་པོས་སློབ་སྦྱོང་བྱེད་པ། རྗེས་སུ་འབྲངས་ནས་སློབ་སྦྱོང་བྱེད་པ། སྲུང་སྐྱོང་སྣེ་ཁྲིད་ངང་སློབ་སྦྱོང་བྱེད་པ་བཅས་བྱས་ཏེ་དེའི་ཁྲོད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་དང་ཡིད་རྟོན་བཞི་ཇེ་བརྟན། སྲུང་སྐྱོབ་གཉིས་དོན་འཁྱོལ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་གཏོད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་གཟི་བརྗིད་ལྡན་པའི་ཏང་གི་གཞུང་སྒྲུབ་ཁང་གི་སྲོལ་རྒྱུན་ཡག་པོ་དར་སྤེལ་གཏོང་དགོས། ཞབས་ཞུ་གསུམ་གྱི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་བསྐྲུན་དགོས་ཟེར།

                                                                                     མི་ཕམ་མགོན་པོས་བསྒྱུར། 


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།