རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་ཚེས་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་སྟེང་བརྡས་ཐག་བཅད་པ་བརྒྱུད་དེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ། ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད། འཆར་གཞིའི་སྙན་ཞུ། སྔོན་རྩིས་སྙན་ཞུ་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་། རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་ཆེན་གཞུང་དོན་གྲོས་མོལ་སྒྲིག་སྲོལ་བཟོ་བཅོས་བྱེད་པའི་སྐོར་གྱི་གྲོས་ཆོད་འཆར་ཟིན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་སོགས་འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་ཞིབ་བྱེད་རྒྱུར་རེ་ཞུ་བྱེད་རྒྱུའི་ཐག་བཅད།
ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོ་དང་ཚེས་དྲུག་ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་སྲིད་གཞུང་བྱ་བའི་སྙན་ཞུར་གཟབ་ནན་གྱིས་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྒྱུད་རིམ་ཧྲིལ་བོར་བརྒྱུས་ཡོད་པ་དང་། བྱ་བར་སྤྱི་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ལ། གནས་བབ་ལ་དབྱེ་ཞིབ་བྱས་པ་ཡག་དག་ཅིང་གཏིང་ཟབ་པ་དང་དམིགས་འབེན་གཏན་ཁེལ་བྱས་པ་དོན་དངོས་དང་མཐུན་པས། ཚང་མས་སྙན་ཞུ་དེར་མོས་མཐུན་ཡོད་ཟེར། འཐུས་མི་རྣམས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ད་ལོའི་བྱ་བའི་བཀོད་སྒྲིག་ལ་ཡོངས་ཁྱབ་ཏུ་ཁས་ལེན་བྱས། གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་གྲོས་གཞི་དང་བསམ་འཆར་འགའ་ཡང་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་རྣམས་ཀྱི་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་ནན་མོ་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུར་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་དང་། བསྡོམས་པས་དོན་ཚན་གྱ་གཅིག་ལ་བཟོ་བཅོས་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་རྣམས་ཀྱི་གྲོས་ཞིབ་བསམ་འཆར་དང་སྙན་ཞུ་བཟོ་བཅོས་གནས་ཚུལ་ལྟར་སྲིད་གཞུང་བྱ་བའི་སྙན་ཞུར་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པར་མ་ཟད། སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ཚབ་འབྲི་བྱས། གྲོས་ཚོགས་སྟེང་བརྡས་ཐག་བཅད་པ་བརྒྱུད་དེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་འཐུས་ཚབ་ཚོགས་པ་སོ་སོར་སྤྲོད་དེ་གྲོས་ཞིབ་བྱེད་རྒྱུར་རེ་ཞུ་བྱེད་རྒྱུའི་ཐག་བཅད།
རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞུའུ་ཧྲའོ་ཧྲི་ཡིས་གྲོས་ཚོགས་སྟེང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྐོར་གྱི་སྙན་ཞུ་ཕུལ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད་འཆར་ཟིན་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན།
གྲོས་ཚོགས་སྟེང་ཞུའུ་ཧྲའོ་ཧྲི་ཡིས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྐོར་གྱི་སྙན་ཞུ་ཕུལ།
རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲི་ཡའོ་པིན་གྱིས་གྲོས་ཚོགས་སྟེང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྐོར་གྱི་སྙན་ཞུ་ཕུལ།
གྲོས་ཚོགས་སྟེང་བརྡས་ཐག་བཅད་པ་བརྒྱུད་དེ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་མཇུག་འབྲས་སྐོར་གྱི་སྙན་ཞུ་གསུམ་ལ་གྲོས་འཆམ་བྱུང་།
ཟླ་གསུམ་པའི་ཚེས་དྲུག་ཉིན། འཐུས་ཚབ་ཚོགས་པ་སོ་སོས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད་འཆར་ཟིན་ལ་གཟབ་ནན་གྱིས་ཞིབ་བཤེར་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་རྣམས་ཀྱི་ཞིབ་བཤེར་བསམ་འཆར་ལྟར། རྩ་གནད་འཆར་ཟིན་ལ་བཟོ་བཅོས་བྱས། ཟླ་གསུམ་པའི་ཚེས་བདུན་ཉིན་འཐུས་ཚབ་ཚོགས་པ་སོ་སོས་འཆར་གཞིའི་སྙན་ཞུ་དང་འཆར་གཞིའི་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་ནན་མོ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་རྣམས་ཀྱི་ཞིབ་བཤེར་བསམ་འཆར་ལྟར་གོང་གི་སྙན་ཞུ་གཉིས་ལ་སོ་སོར་བཟོ་བཅོས་བྱས།
ཟླ་གསུམ་པའི་ཚེས་བརྒྱད་ཀྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་རྒྱལ་ཡོངས་དམངས་ཆེན་གྱི་གཞུང་དོན་གྲོས་མོལ་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་ཞིབ་བཤེར་ནན་མོ་བྱས། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་ཚབ་ཚོགས་པ་སོ་སོས་བཏོན་པའི་ཞིབ་བཤེར་བསམ་འཆར་ལྟར་འཆར་ཟིན་སོ་སོར་གྲོས་ཞིབ་བྱས་པ་དང་། སོ་སོར་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་གྲོས་ཆོད་འཆར་ཟིན་གཉིས་དང་གྲོས་ཆོད་འཆར་ཟིན་བཟོ་བཅོས་མ་ཡིག་གཅིག་བཏོན།
ལོ་ཙཱ་བ།ལྷ་མོ་ཚེ་རིང་།