སྤེལ་དུས།2021.03.10 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
25
0

ཟླ་གསུམ་པའི་ཚེས་དགུ་ཉིན། གསར་འགོད་པས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཐག་བཅད་པའི་འཐུས་མིས་གྲོས་གཞི་འདོན་པའི་དུས་ཡུན་ནང་དུ་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་བསྡོམས་པས་འཐུས་མིས་བཏོན་པའི་གྲོས་གཞི་བཞི་བརྒྱ་དང་དོན་གསུམ་འབྱོར། དེའི་ནང་དུ་འཐུས་མིས་ཆེད་དོན་རྟོག་ཞིབ་དང་གཅིག་བསྡུས་ལྟ་ཞིབ། ཡང་ན་བཞུགས་མོལ་དང་འཚམས་འདྲི་སོགས་ཀྱི་རྣམ་པར་བརྟེན་ནས་བྱུང་བའི་གྲོས་གཞི་དེ་གྲོས་གཞིའི་སྤྱི་གྲངས་ཀྱི་སུམ་ཆའི་གཉིས་ལས་བརྒལ་ཡོད།

གྲོས་གཞི་མང་ཤོས་ནི་བཅའ་ཁྲིམས་སྐོར་གྱི་གྲོས་གཞི་ཡིན་ལ་བསྡོམས་པས་གྲོས་གཞི་བཞི་བརྒྱ་དང་རེ་ལྔ་ཡོད། དེ་གཙོ་བོ་དམངས་ཚིས་འགན་སྲུང་དང་སྤྱི་ཚོགས་བཅོས་སྐྱོང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཁྱབ་ཁོངས་སུ་འདུས་ཡོད།

དེ་ལས་གཞན་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་ད་དུང་འཐུས་མིས་བྱ་བ་སོ་སོའི་ཐད་ནས་བཏོན་པའི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་སོགས་ཀྱི་གྲོས་གཞི་སྟོང་དགུ་ཙམ་འབྱོར།

བཀྲ་ཤིས་འབུམ་གྱིས་བསྒྱུར། 


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།