སྤེལ་དུས།2021.03.10 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
12
0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་དེང་རབས་ཅན་གྱི་གནད་འགག་ནི་ཞིང་ལས་ཚན་རྩལ་དེང་རབས་ཅན་ཡིན་པ་དང་། དེར་བརྟེན། ཚན་རྩལ་ཞིང་སྤེལ་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ལས་ཐད་ཚན་རྩལ་གྱི་རོགས་འདེགས་བྱེད་ན། ཞིང་ལས་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་ས་ཞིང་སྐོར་གྱི་བྱ་བ་བཟང་བོར་སྒྲུབ་པར་སྐུལ་སློང་བྱེད་དགོས་ཞེས་ནན་གྱིས་བསྟན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཱ་ཀྲི་ཝེ་ཡིས། རང་རྒྱལ་གཞི་རིམ་གྱི་རྫོང་དང་ཡུལ་ཚོ་རུ་ཞིང་ལས་ཚན་རྩལ་ཆེད་མངག་པའི་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་མཇུག་དང་ལོ་རབས་དགུ་བཅུའི་འགོར། རང་རྒྱལ་གྱི་གཞི་རིམ་སྲིད་གཞུང་གིས་ཚན་རྩལ་ཆེད་མངག་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། ལམ་ལུགས་དེས་ཞིང་སྡེ་ཚན་རྩལ་ཡར་ཐོན་དང་ཞིང་ལས་ཚན་རྩལ་ཁྱབ་གདལ། ཞིང་ལས་ཚན་རིག་ལག་རྩལ་གཙོ་བོ། ནང་འགུག་ཕྱི་འབྲེལ། ཞིང་ལས་སྤུས་ལེགས་ཕན་མཐོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས། ཉེ་བའི་ལོ་འགའི་རིང་ལ། གྲོང་ཁྱེར་དང་རྫོང་རིམ་པའི་ལས་ཁུངས་ཀྱི་བཅོས་སྒྱུར་དང་བསྟུན་ནས། ཚན་རྩལ་སྡེ་ཁག་འཐེན་སྲེ་ཅུང་མང་བ་དང་། གཞི་རིམ་ཚན་རྩལ་བྱ་བ་རྫོང་དང་ཡུལ་ཚོ་ནས་སྤེལ་ཤུགས་མི་འདང་ལ། ཚན་རྩལ་ཞིང་ཁྱིམ་དུ་བསྐྱོད་མི་ཐུབ་པ་དང་། ཚན་རྩལ་བྱ་བ་སྒྲུབ་མཁན་ཚོའི་ནུས་པ་འདོན་སྤེལ་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན་ཅུང་འབུར་ཐོན་ཡིན་ཟེར།

མཱ་ཀྲི་ཝེ་ཡིས། ཕུལ་བྱུང་ཤེས་ལྡན་མི་སྣ་ཞིང་ལས་ཚན་རྩལ་ཆེད་མངག་པ་རུ་བདམས་པ་དང་། ཧྲུའུ་ཅིའི་དང་པོ་གདམ་མངག་བྱ་བར་ཟུང་འབྲེལ་བྱེད་པ། མཐོ་རིམ་སློབ་གླིང་དང་ཚན་རྩལ་ཞིབ་འཇུག་ཁང་སོགས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་བདམས་ཏེ་ཞིང་ལས་ཚན་རྩལ་ཆེད་མངག་པར་བསྐོ་བ་དང་། དགེ་མཚན་ཐོན་ཁུངས་ལ་དམིགས་ནས་གསར་སྤེལ་བྱེད་པ་དང་། ལས་གཞི་གཙོ་བོར་དམིགས་ནས་དཀའ་ངལ་ཁྱད་སེལ་བྱེད་པ། ཞིང་བའི་དགོས་མཁོ་ལ་དམིགས་ནས་ཞིང་ལས་ཚན་རིག་ལག་རྩལ་རྒྱ་སྐྱེད་དང་ཁྱབ་གདལ་གཏོང་བའི་ཐད་ལམ་ལུགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། གཞི་རིམ་གྱི་ཚན་རྩལ་གྱི་རྫོང་དཔོན་དང་ཡུལ་གཙོའི་ལས་རྐང་འཛུགས་པ་དང་། ཚན་རྩལ་ཆེད་མངག་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རྩལ་ཆེད་མངག་ཡོང་ཁུངས་ཀྱི་ལམ་བསྐྱེད་དེ། རིམ་པ་སོ་སོའི་ཆེད་མངག་པའི་ཚན་རྩལ་ཞབས་ཞུ་དང་ལས་སྐྲུན་སྣེ་ཁྲིད་ཡོངས་སུ་ཁེབས་པར་བྱེད་དགོས་པའི་གྲོས་གཞི་བཏོན།

ལོ་ཙཱ་བ།རིན་ཆེན་མཚོ།



གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།