སྤེལ་དུས།2021.03.10 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
22
0

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། ཀྲང་ཀོང་རོང་། ཐིན་ཅཱ་ཚའེ། ལིའུ་ཁྲའོ། ཀྲང་ཞའོ་རོང་སོགས་འཐུས་མིས་གཏམ་བཤད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་བྱ་བའི་སྙན་ཞུ་ཡིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་མངོན་པར་བྱས་པ་དང་། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་གཅིག་གྱུར་བྱེད་པ་མངོན་པར་བྱས་ཡོད་ལ། རྒྱལ་ཁབ་བཅོས་སྐྱོང་ཁྲོད་ལམ་ལུགས་ཀྱི་དགེ་མཚན་དང་ཁྲིམས་སྐྱོང་འགན་འཁྲི་ལག་བསྟར་བྱེད་པ། གསར་གཏོད་འཕེལ་རྒྱས་ཀྱི་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད། གཅིག་ནས་དར་ཆ་མཐོན་པོར་བསྒྲེངས་པ་དང་ལངས་ཕྱོགས་ཇེ་བརྟན་དུ་བཏང་སྟེ། སྲུང་སྐྱོབ་གཉིས་ལ་བརྟེན་ནས་དམངས་ཆེན་བྱ་བར་གཅིག་གྱུར་བཀོད་འདོམས་བྱས་ཡོད། གཉིས་ནས་བཅའ་ཁྲིམས་བརྩི་འཇོག་བྱེད་པ་དང་བཅའ་ཁྲིམས་སློབ་སྦྱོང་བྱེད་པ། བཅའ་ཁྲིམས་བརྩི་སྲུང་བྱེད་པ། བཅའ་ཁྲིམས་བཀོལ་སྤྱོད་བྱེད་པ་བཅས་ཟུང་འབྲེལ་བྱས་པ་དང་། བཅའ་ཁྲིམས་ཡོད་ཚད་སྦྲེལ་མཐུད་བྱས་ཏེ། མིག་དཔེ་རུ་བྱས་ཆོག གསུམ་ནས་ཏང་དང་རྒྱལ་ཁབ། མི་རིགས་བཅས་དང་དཀའ་སྡུག་མཉམ་མྱོང་བྱས་ཡོད་ལ། གནས་བབ་ཆེ་ཞིང་དང་བརྗིད་ཉམས་ལྡན་པ་དང་། བརྩེ་སེམས་ཆེན་པོ་ལྡན། བཞི་ནས་དུས་རབས་དང་མི་དམངས་ཀྱི་བཅའ་ཁྲིམས་ཐད་ཀྱི་དགོས་མཁོ་དང་མཐུན་པར་བྱས་ནས། ཁྲིམས་འཛུགས་རྣམ་པ་མང་པའི་རྣམ་པ་གསར་བ་གསར་འབྱེད་བྱས། ལྔ་ནས་མེས་རྒྱལ་ཡིད་ལ་འཛིན་པ་དང་འཛམ་གླིང་ལ་ལྟ་བ་དང་། ཁྱོན་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ངོམས་ལ། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིག་སྟོབས། ཀྲུང་གོའི་སྟོབས་ཤུགས་ཀྱི་ལེའུ་གསར་བ་བྲིས། ང་སྙན་ཞུ་འདིར་ཧ་ཅང་འཐད་པ་ཡིན་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་སྟོབས་ཤུགས་ཆེན་པོ་ལྡན་ལ། དེ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ་དང་ལམ་ལུགས་ཀྱི་དགེ་མཚན་མངོན་པ། ཁྲིམས་སྐྱོང་དགོངས་པ་མངོན་པ། མི་དམངས་བསམ་པའི་སྙན་ཞུ་བཟང་བོ་ཞིག་རེད། སྙན་ཞུ་བཟང་བའི་རྒྱུ་རྐྱེན་ནི་བྱ་བ་བཟང་བ་དང་། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་དོན་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ནམ་ཡང་ཇེ་བརྟན་དུ་བཏང་ལ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་དང་ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་ལ་ཤུགས་སྣོན། བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བ་སོགས་ཀྱི་བྱ་བ་ཤུགས་ཡོད་པ་དང་ཕན་པ་ལྡན་པའི་སྒོ་ནས་བསྒྲུབས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་རྗེས་སུ་དམ་པོར་འབྲངས་པ་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་རེ་སྒུག་དང་ཉེ་བར་བྱས་ཡོད་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཐད་ཀྱི་བཅའ་ཁྲིམས་ཀྱི་དགོས་མཁོ་དངོས་དང་དམ་འབྲེལ་བྱས་ཡོད་པ་དང་། དཀྱིལ་སྙིང་དང་སྤྱི་ཡོངས་ལ་དམིགས་པ་དང་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནུས་པ་ཆེན་པོ་འདོན་སྤེལ་བྱས་པ་དང་། སྲུང་སྐྱོབ་གཉིས་ཀྱི་ལངས་ཕྱོགས་བརྟན་པོ་དང་དོན་འཁྱོལ་དང་འཐབ་རྩོད་བྱེད་ཕོད་པའི་ཁག་ཁུར་མངོན་པར་བྱས་ཡོད་ལ། ལྷག་པར་དུ་ཏང་དང་རྒྱལ་ཁབ། མི་དམངས་ལ་དགོས་མཁོ་ཆེ་བའི་སྐབས་སུ། དོགས་ཟོན་སྤུ་ཙམ་ཡང་མེད་པར་འཐབ་རྩོད་བྱེད་པ་དང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པའི་ཆབ་སྲིད་ཀྱི་གནས་བབ་མངོན་པར་བྱས་ཡོད་ཟེར།

ཀྲང་ཀོང་རོང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་སྤྱི་ཡོངས་ལ་དམིགས་པ་དང་དམངས་ཚིས་དང་ཉེ་བར་བྱེད་པ། ཁྲིམས་སྐྱོང་མངོན་པར་བྱེད་པ། བདེན་འཚོལ་དངོས་གཉེར་བྱེད་པ་བཅས་བྱས་ཡོད་པས། ཧ་ཅང་འཐད་པ་ཡིན། འདས་པའི་ལོ་གཅིག་ནང་། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་རྗེས་སུ་འབྲངས་པ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་ཉེ་བར་བྱས་ཡོད་ལ། རྒྱལ་ཁབ་བཅོས་སྐྱོང་གི་དགོས་མཁོ་དངོས་དང་དམ་འབྲེལ་བྱས་པ་དང་། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་ལ། བྱ་བའི་ཁྱད་ཆོས་མང་བ་དང་གྲུབ་འབྲས་བཟང་བོ་བླངས་ནས། བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་ཤུགས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས། མངོན་གསལ་གྱི་ཁྱད་ཆོས་ཡོད་དེ། གཅིག་ནི་ཆབ་སྲིད་ཀྱི་གཅིག་གྱུར་བཀོད་འདོམས་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ངོ་བོའི་རེ་བ་དང་དགེ་མཚན་ཆེས་ཆེན་པོ་མངོན་པར་བྱས་ཡོད། གཉིས་ནི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་པ་དང་། ཏང་དང་རྒྱལ་ཁབ། མི་དམངས། ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་དགོས་མཁོར་དམ་དུ་དམིགས་་ནས། འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་བླངས་ཡོད། གསུམ་ནི་མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། དམངས་ཆེན་ལམ་ལུགས་ཀྱི་འགན་སྲུང་བརྒྱུད་དེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་མངོན་འགྱུར་བྱས། བཞི་ནི་བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། དམངས་ཆེན་ལམ་ལུགས་ཀྱི་ལག་ལེན་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ཕུན་སུམ་ཇེ་ཚོགས་སུ་བཏང་། ལྔ་ནི་དངོས་གཉེར་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རང་སྟེང་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས་ཟེར།

ཐིན་ཅ་ཚའེ་ཡིས་བཤད་རྒྱུར། སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་པ་དང་གཙོ་གནད་འབུར་དུ་ཐོན་པར་བྱས་ཡོད་ལ། ལས་འགན་གཏན་ཁེལ་གསལ་བོ་བྱས་པ་དང་བྱེད་ཐབས་བཀོལ་སྤྱོད་བཟང་བོ་བྱས་ཡོད་པས། ང་ཧ་ཅང་འཐད་པ་ཡིན། ཆབ་སྲིད་གླེང་བ་དང་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་སྟེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་དམིགས་པའི་ཆབ་སྲིད་དང་འགུལ་སྐྱོད་ཀྱི་རང་རྟོགས་མངོན་པར་བྱས་ཡོད་པ་དང་། སྲུང་སྐྱོབ་གཉིས་ཀྱི་ཆབ་སྲིད་ལངས་གནས་ལག་བསྟར་བྱས། གཙོ་གནད་དམ་འཛིན་བྱེད་པ་དང་སྤུས་ཚད་དང་གྲུབ་འབྲས་ཇེ་མཐོར་གཏོང་བ་སྟེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ཐད་ནས་གསར་འཛུགས་དང་བཟོ་བཅོས། མཚམས་འཇོག འགྲེལ་བཤད་བཅས་མཉམ་དུ་སྤེལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཐད་ཁྲིམས་སྐྱོང་འགན་སྲུང་དང་ཁྲིམས་སྐྱོང་ཁོར་ཡུག་འདོན་སྤྲོད་བྱས་ཟེར།

ལིའུ་ཁྲའོ་ཡིས་བཤད་རྒྱུར། ང་རང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པ་ཡིན། འདས་པའི་ལོ་གཅིག་ནང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱས་པ་དང་། འགན་སྒྲུབ་ནན་མོ་དང་འབད་འཐབ་ལྷོད་མེད་བྱས་ལ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་རྗེས་སུ་འབྲངས་པ་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་རེ་སྒུག་དང་དམ་འབྲེལ་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཐད་ནས་བཏོན་པའི་བཅའ་ཁྲིམས་དགོས་མཁོ་དངོས་དང་དམ་དུ་དམིགས་ནས། བཅའ་ཁྲིམས་ཀྱི་བྱ་བ་བཟང་བོར་བསྒྲུབས་པ་དང་། བྱ་བའི་བཀོད་སྒྲིག་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་ཉེན་ཁ་འགྲན་རྩོད་ཆེན་པོར་ཁ་གཏད་འཇལ་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་པ་དང་། རྒྱལ་ཁབ་ཀྱི་དབང་ཤུགས་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས། ད་ལོའི་བཀོད་སྒྲིག་གིས་ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱས་པ་མཚོན་ལ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མངོན་པར་བྱས་ཡོད་པ་དང་། གཙོ་གནད་ལ་དམིགས་ནས་ལྟ་སྐུལ་སྤེལ་བ་མངོན་པར་བྱས་ཡོད་ཟེར།

ཀྲང་ཞའོ་རོང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་པར་བྱས་ཡོད་པ་དང་། ལངས་ཕྱོགས་བརྟན་པོས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རྩ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱས་ལ། སྤྱི་ཡོངས་ལ་དམིགས་ནས་འགན་འཁྲི་ལག་བསྟར་བྱས་པ་དང་། འཐུས་མིའི་བྱ་བར་སྔར་ལས་མཐོང་ཆེན་བྱས་ཤིང་། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་མངོན་པར་བྱས་ཡོད་པ་དང་། དུས་རབས་གསར་པའི་དམངས་ཆེན་བྱ་བའི་ཆོས་ཉིད་ལ་རྒྱུས་ལོན་ཆ་ཚང་བྱེད་པ་མངོན་པར་བྱས་ཡོད་ལ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་ཆབ་སྲིད་ཁག་ཁུར་མངོན་པར་བྱས་ཡོད། ད་ལོའི་བྱ་བའི་བཀོད་སྒྲིག་གི་ཁ་ཕྱོགས་གསལ་བོ་ཡིན་པ་དང་། བསམ་ཕྱོགས་གསལ་ལ། བྱེད་ཐབས་བཟང་བས། ང་ཧ་ཅང་འཐད་པ་ཡིན། ཁོས་མཐོ་སྒང་གི་ལྗང་མདོག་སྐུལ་སྤེལ་བཅའ་ཁྲིམས་ཀྱི་རྟོག་ཞིབ་ཁྲོད་མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་སྔར་ལས་དོ་སྣང་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁུལ་ཁོངས་རང་བཞིན་གྱི་ཁྲིམས་འཛུགས་ཀྱི་ལག་བསྟར་བྱེད་ཆོག་པའི་ཞིབ་འཇུག་བྱ་བ་སྤེལ་རྒྱུའི་གྲོས་གཞི་བཏོན།

ཧན་ཞའོ་ཝུའུ་དང་ཁྲིན་ལིས་ཧྥུན། ཧྲ་ཧྥིན། པད་རྒྱལ་བཀྲ་ཤིས། མིན་ཧའེ། ཀྲང་ཡོང་ལིས། མཱ་དབྱི་སི་ཧྥུའུ། ཁུང་ཆིན་ཅུའུ། ཤ་བོ་སྒྲོལ་མ། བཀྲ་ཤིས་རྡོ་རྗེ། ཨ་ཧྲིན་ཆིན། པིས་ཧྲིན་ཀྲུང་། མཱ་ཧྥུའུ་ཁྲང་སོགས་འཐུས་མིས་སོ་སོར་གཏམ་བཤད།

ལོ་ཙཱ་བ།རིན་ཆེན་མཚོ། 




གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།