སྤེལ་དུས།2021.03.10 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
30
0

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་འཆར་ཟིན་དང་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་རིམ་སྒྲིག་སྲོལ་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། ཀྲང་ཀོང་རུང་། ཐིན་ཅ་ཚའེ་སོགས་འཐུས་མིས་གཏམ་བཤད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་མིན་ཡུང་ཧྲན་ཟུར་ཞུགས་བྱས་ཏེ་གཏམ་བཤད། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་དྲ་ལམ་བརྙན་རིས་བརྒྱུད་དེ་བསམ་འཆར་ལ་ཉན།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གསོན་པོར་འགྲེལ་བཤད་བྱས་པར་མ་ཟད། ཀྲུང་གོའི་བཅོས་སྐྱོང་དང་ཀྲུང་གོའི་གོ་རིམ་མངོན་པར་མཚོན་ཡོད། དེ་ལས་གཞན་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་པ་དང་། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པར་སྐུལ་འདེད་བཏང་ཡོད་ལ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དག་ཐེར་བླང་བྱར་ཤུགས་བསྣན་ཏེ། མི་གཞི་རྩར་འཛིན་པ་དང་འདྲ་མཉམ་དྲང་གཞག དཔྱོད་ཤེས་དཀྱེལ་ཡངས་བཅས་ཀྱི་རྣམ་པས་ཁེངས་པར་མ་ཟད། ཆབ་སྲིད་རང་རྟོགས་དང་ཁྲིམས་སྐྱོང་རང་རྟོགས། འགན་སྒྲུབ་རང་རྟོགས་བཅས་མངོན་པར་བསྟན་ཡོད་པས། ང་རང་ངོས་ནས་བྱ་བའི་སྙན་ཞུ་དེ་གཉིས་ལ་མོས་མཐུན་ཡོད། ཚོགས་འདུའི་རྗེས་ནས་མཚོ་སྔོན་གྱིས་དངོས་འབེབས་ནན་མོ་བྱེད་རྒྱུ་ཡིན། དུས་ཡུན་རིང་བོར་མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཆེས་མཐོའི་ཁྲིམས་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་ཐུགས་ཁུར་རོགས་འདེགས་དང་མཛུབ་སྟོན་བྱེད་ནུས་འོག་ཏུ། སྲོག་ཤིང་དཀྱིལ་སྙིང་དུ་འཛིན་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དོན་དངོས་དང་དམ་པོར་འབྲེལ་བ། འགན་ནུས་ནན་ཏན་སྒོས་སྒྲུབ་པ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། འདིར་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཁྲིམས་འཛིན་རང་རྟོན་དང་ཁྲིམས་འཛིན་སྤྱི་རྟོན། ཁྲིམས་སྐྱོང་རྩིས་ཐང་བཅས་མངོན་པར་བསྟན་ནས། ཏང་གི་བློ་རྩ་བརྟན་པོ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ལག་བསྟར་བྱེད་པ། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་པོས་ཕྱུག་པ་བཅས་ཀྱི་སྙན་ཞུ་ལེགས་པོ་ཞིག་ཡིན་པར་བརྟེན། ང་རང་ངོས་ནས་སྙན་ཞུ་དེ་གཉིས་ལ་མོས་མཐུན་ཡོད། འདས་པའི་ལོ་གཅིག་གི་རིང་ལ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་རྒྱུན་འཁྱོངས། འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་དུ་བརྩིས་ནས། ལངས་ཕྱོགས་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་བརྩི་བ་དང་བློ་དཀར་གཞུང་དྲང་སྒོས་འགན་ནུས་ལག་བསྟར་བྱེད་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྒོ་ནས་འགན་འཁྲི་ཕྲག་སྟེང་དུ་ལེན་པ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་བརྩེ་སེམས་མངོན་པར་བསྟན་ནས། དུས་རབས་གསར་པ་དང་དུས་རིམ་གསར་པའི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་བླངས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཟེར།

ཀྲང་ཀོང་རུང་གིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ནི་ཁྱོན་ཡོངས་ལ་ཁྱབ་པ་ཅན་དང་མ་ལག་ཆ་ཚང་བ་ཅན། དངོས་ཐོག་བདེན་འཚོལ་བཅས་ཡིན་པས། ང་རང་ངོས་ནས་མོས་མཐུན་ཡོད། འདས་པའི་ལོ་གཅིག་གི་རིང་ལ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་པ་དང་། རང་རྟོགས་སྒོས་ཁྲིམས་འཛིན་འགན་ནུས་ལག་བསྟར་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་གཞི་གཅིག་ཏུ་དམ་པོར་སྦྲེལ་བར་མ་ཟད། ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ། མང་ཚོགས་ཀྱིས་དོ་ཁུར་བྱེད་ཀྱིན་པའི་དཀའ་གནད་སེལ་བ་བཅས་གཞི་གཅིག་ཏུ་སྦྲེལ་བ། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ་དང་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་སྤུས་ཚད་ཕན་འབྲས་མུ་མཐུད་ཇེ་ཆེར་གཏོང་བ། ཁྲིམས་འཛིན་འགན་སྲུང་ནུས་པ་བར་མ་ཆད་པའི་སྒོ་ནས་ཇེ་དྲག་ཏུ་སོང་བ་དང་ཁྲིམས་འཛིན་སྤྱི་རྟོན་ནུས་པ་མངོན་སུམ་གྱིས་ཇེ་མཐོར་ཕྱིན་པར་མ་ཟད། མི་དམངས་མང་ཚོགས་ཀྱི་འདོད་བློ་ཚིམ་ཚད་མངོན་སུམ་གྱིས་ཇེ་མཐོར་ཕྱིན་ནས། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཆེད་དུ་ཁྲིམས་སྐྱོང་ཁོར་ཡུག་ལེགས་པོ་བསྐྲུན། སྤྱིའི་བྱ་བར་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་ལ་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་བཟང་བ། བཅོས་སྒྱུར་ལ་བརྟེན་ནས་དངོས་ཡོད་ལ་སྐུལ་འདེད་བཏང་བ། རང་སྟེང་གི་འཛུགས་སྐྲུན་གཟབ་ནན་དམ་འཛིན་ཡིན་པ་བཅས་ཀྱི་ཁྱད་ཆོས་མངོན་པར་ལྡན་ཟེར།

ཐིན་ཅ་ཚའེ་ཡིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུའི་བརྗོད་དོན་གསལ་ཞིང་ཁུངས་ཐུབ་བདེན་དངོས་ཡིན་པར་མ་ཟད། གྲུབ་འབྲས་མངོན་གསལ་ཡིན་པར་བརྟེན། ང་རང་ངོས་ནས་མོས་མཐུན་ཡོད། སྙན་ཞུས་ཆབ་སྲིད་ཀྱི་སྤྱི་འདོམས་ནུས་པ་དང་དུས་རབས་གསར་པར་ཞབས་འདེགས་ཞུ་བའི་བརྗོད་དོན་འབུར་དུ་ཐོན་པར་བྱས་པ་དང་། མི་དམངས་ཀྱི་བརྩེ་སེམས་དང་འདྲ་མཉམ་དྲང་བདེན་འབུར་དུ་ཐོན་པར་བྱས་པ། སྒྲིག་ཁྲིམས་སྦྲེལ་མཐུད་དང་རུལ་སུངས་ལ་རྒོལ་བའི་གཅིག་བསྡུས་སྟོབས་ཤུགས་འབུར་དུ་ཐོན་པར་བྱས་ཡོད་ཟེར། ཁོས་བསམ་འཆར་བཏོན་དོན། མུ་མཐུད་དུ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མཐུན་སྦྱོར་གཞོགས་འདེགས་སྒྲིག་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། མཉམ་ཤུགས་ཆེན་པོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱེད་དགོས་ལ། དུས་ལྟར་ཁྱབ་སྤེལ་མཐུན་སྦྱོར་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་བོར་སྤྱི་སྡོམ་བྱས་ཏེ། མཉམ་དུ་སློབ་སྦྱོང་མཐོར་འདེགས་གཏོང་དགོས། མཉམ་དུ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བ་བཟང་བོར་སྒྲུབ་པ་ལ་འབད་དེ། སྲིད་ཁྲིམས་མ་ལག་གི་རུལ་སུངས་ལ་ངོ་རྒོལ་དང་ཆད་གཅོད་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་ལ། ཚབ་མཚོན་གྱོད་དཔེ་ལ་བརྟེན་ནས་དྲན་སྐུལ་སློབ་གསོར་ཤུགས་སྣོན་པ་དང་བསམ་བློའི་སྣེ་འདོམས་ཇེ་དྲག་ཏུ་གཏོང་བར་འབད་དེ། སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་བྱེད་དགོས་ཟེར།

ཧྲ་ཧྥུན་སོག་འཐུས་མིས་གཏམ་བཤད།

ལོ་ཙཱ་བ།བན་དེ་སྐྱབས།

 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།