སྤེལ་དུས།2021.03.11 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
11
0

ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མུ་མཐུད་དུ་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ལིའུ་ཁྲའོ་དང་ཀྲང་ཞའོ་རུང་སོགས་འཐུས་མིས་གཏམ་བཤད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཀྲང་ཙིག་ཅུན་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་མིན་ཡུང་ཧྲན་ཚོགས་འདུར་ཞུགས། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་དྲ་ལམ་བརྙན་རིས་བརྒྱུད་དེ་བསམ་འཆར་ལ་ཉན།

ལིའུ་ཁྲའོ་ཡིས་བཤད་རྒྱུར། སྙན་ཞུའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལ་དུས་རབས་ཀྱི་མཁའ་དབུགས་སྟུག་པ། དམངས་ཚིས་ཀྱི་བརྩེ་བ་ཟབ་ཅིང་། ཆབ་སྲིད་རང་རྟོགས་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། བཅོས་སྒྱུར་གསར་གཏོད་ལ་དོ་སྣང་བྱེད་པ་བཅས་མངོན་པར་བསྟན་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་པས། ང་རང་ངོས་ནས་མོས་མཐུན་ཡོད། འདས་པའི་ལོ་གཅིག་གི་རིང་ལ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་ཏེ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་འཛིན་དྲང་གཞག་བཅས་རྒྱུན་འཁྱོངས་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་ནུས་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་པར་མ་ཟད། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་རྦད་ཆོད་དང་རང་རྟོགས་སྒོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་དམིགས་འབེན་འོས་འགན་ལ་ཞབས་འདེགས་ཞུས། དེ་མིན་ད་དུང་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོར་ལན་བྱིན་ནས། ཤུགས་ཆེན་པོས་བཅོས་སྒྱུར་གསར་གཏོད་ལས་དོན་ལ་སྐུལ་འདེད་བཏང་མཐར། ལས་རིམ་ཁག་སོ་སོའི་བྱ་བར་ཕན་འབྲས་གསར་པ་བླངས། ད་ལོའི་ལས་དོན་བཀོད་སྒྲིག་ལ་མ་ལག་གི་འདུ་ཤེས་དང་ཁྲིམས་སྐྱོང་བསམ་གཞིགས། རྨང་བརྟན་ཁྲིད་ཕྱོགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་སྣོན་པ་བཅས་འབུར་དུ་ཐོན་པར་བྱས་ཡོད་ལ། དུས་རྣམ་ཀུན་ཏུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་མངོན་པར་བསྟན་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་མགོ་ཡག་པོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོ་བར་ཁྲིམས་འཛིན་ཞབས་ཞུའི་འགན་ལེན་སྟོབས་ལྡན་འདོན་སྤྲོད་བྱས་ཡོད་ཟེར།

ཀྲང་ཞའོ་རུང་གིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུ་ནི་ཤུགས་ཚད་དང་ཁྲིམས་ཚད་ལྡན་ཞིང་། བརྩེ་བས་ཕྱུག་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་པས། ང་རང་ངོས་ནས་མོས་མཐུན་ཡོད། འདས་པའི་ལོ་གཅིག་གི་རིང་ལ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་པ་དང་། ཏང་གི་ཁྲིམས་བཤེར་བྱ་བའི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ལ། ཆབ་སྲིད་རང་རྟོགས་མཐོན་པོར་བརྟེན་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་ནུས་ལག་བསྟར་བྱས་ནས། པྲོག་དབྱིབས་ནད་དུག་གི་ཛ་དྲག་ཆེ་བའི་འགྲན་རྩོད་དང་མི་དམངས་མང་ཚོགས་ཀྱི་སྣ་མང་ཁྲིམས་འཛིན་དགོས་མཁོར་ཁ་གཏད་གང་ལེགས་འཇལ་བར་མ་ཟད། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་ཁྲིམས་འཛིན་དྲང་གཞག་གི་ཐུགས་ཁུར་ལ་དུས་ལྟར་ལན་བྱིན་ནས། དམངས་དོན་འདྲི་གཅོད་ཀྱི་དཀའ་གནད་ལག་བསྟར་བྱེད་ཚད་སྔར་ལས་ལེགས་བཅོས་བྱུང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་ལ་སྔར་ལས་གཙིགས་ཆེན་བྱས། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ་ཟི་ལིང་བྱ་བར་རྒྱབ་སྐྱོར་མཐོང་ཆེན་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར། ཁོས་བསམ་འཆར་བཏོན་ནས་བཤད་རྒྱུར། མུ་མཐུད་དུ་གཞི་རིམ་ཁྲིམས་ཁང་གི་གྱོད་དོན་མང་ལ་འོས་འགན་ལྕི་བའི་གནད་དོན་ལ་གཙིགས་ཆེན་བྱེད་དགོས། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུས་སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་ཞིབ་དཔྱོད་ཁང་གི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་མངོན་ཐུབ་ཟེར།

ཚོགས་ཐོག་ནས་ད་དུང་ཧན་ཞའོ་ཝུའུ་དང་ཁྲིན་ལིས་ཧྥུན། པད་རྒྱལ་བཀྲ་ཤིས། མིན་ཧའེ། མཱ་ཧྥུའུ་ཁྲང་། ཁུང་ཆིན་ཅུའུ། ཤ་བོ་སྒྲོལ་མ། པིས་ཧྲིན་ཀྲུང་། ཨ་ཧྲིན་ཆིན། བཀྲ་ཤིས་རྡོ་རྗེ། མཱ་དབྱི་ཟི་ཧྥུའུ་སོགས་འཐུས་མིས་གཏམ་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།