སྤེལ་དུས།2021.03.11 ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་དྲ་བ།
54
0

ཟླ་གསུམ་པའི་ཚེས་བཅུ་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ནན་ཏན་གྱིས་རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་དོན་སྒྲིག་སྲོལ་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་གྲོས་ཆོད་འཆར་ཟིན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་བཅས་ལ་གྲོས་ཞིབ་བྱས། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་གཞིར་བཟུང་སྟེ། ཆོད་དོན་འཆར་ཟིན་དང་ཆོད་དོན་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་བྱས་ཏེ་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་བཏོན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གོང་སྨྲས་ཆོད་དོན་འཆར་ཟིན་དང་ཆོད་དོན་འཆར་ཟིན་གྱི་བཟོ་བཅོས་མ་ལག་གི་བཟོ་བཅོས་འཆར་ཟིན་སྐོར་གྱི་སྙན་ཞུར་གསན། གྲོས་ཚོགས་ནས་བརྡས་ཐག་བཅད་དེ་གོང་སྨྲས་ཀྱི་སྙན་ཞུ་དང་ཆོད་དོན་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་ལ་གྲོས་འཆམ་བྱུང་བ་དང་། གྲོས་ཆོད་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་གསུམ་པ་དེ་ཚོགས་ཆེན་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུ་ཐག་བཅད། 

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ནན་ཏན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། འཐུས་མི་ཚོས་གཅིག་གྱུར་སྒོས་བལྟས་ན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་པ་དང་དངོས་གཉེར་བྱ་སྤྱོད་མཚོན་པ། ཁག་ཁུར་སྙིང་སྟོབས་མངོན་པར་གསལ་བའི་སྙན་ཞུ་ཞིག་རེད། འཐུས་མི་ཚོས་གཅིག་གྱུར་སྒོས་སྙན་ཞུ་དེར་ཡིད་འཐད་ཡིན་པའི་ཚུལ་བསྟན། འཐུས་མི་རྣམས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞིར་གཞིགས་ནས་སྙན་ཞུའི་གནས་བཅུ་བཞིར་བཟོ་བཅོས་བྱས། གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་འཆར་ཟིན་དེ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད། 

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོ་དང་ཚེས་བཅུ་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ནན་ཏན་གྱིས་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། འཐུས་མི་ཚོས་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་འདས་པའི་ལོ་གཅིག་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུ་ལས་བཏོན་པའི་རྗེས་ཕྱོགས་ཀྱི་བྱ་བའི་བཀོད་སྒྲིག་ལ་གཟེངས་བསྟོད་བྱས་ལ། འཐུས་ཚབ་ཚོགས་པ་སོ་སོ་གཅིག་གྱུར་གྱིས་ཡིད་འཐད་བྱུང་ནས་ཆོག་མཆན་བཀོད། གྲོས་ཞིབ་བྱེད་སྐབས་འཐུས་མི་རྣམས་ཀྱིས་བསམ་འཆར་དང་གྲོས་གཞི་རེ་འགའ་བཏོན། གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་གྲོས་ཆོད་འཆར་ཟིན་དེ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད། 

གྲོས་ཚོགས་ནས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ཡི་འཐུས་མིས་བཏོན་པའི་གྲོས་གཞིའི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུར་གསན། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་གཞི་དེ་སོ་སོར་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་གྲོས་གཞི་བཏོན། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གོང་གི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱས་རྗེས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་འདོན་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་གྲོས་འཆམ་བྱུང་རྗེས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་དཔར་འགྲེམ་བྱེད་རྒྱུ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིའི་གྲོས་གཞིའི་གྲོས་ཞིབ་དང་འབྲེལ་ཡོད་བྱ་བར་བཏོན་པའི་གྲོས་གཞི་གཤམ་གསལ་ལྟར། ཁྱབ་ཁོངས་གཙོ་བོ་དང་གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བྱས་ནས། རྒྱུན་ཆད་མེད་པར་ཁྲིམས་འཛུགས་སྤུས་ཚད་དང་ཕན་ནུས་ཇེ་མཐོར་གཏོང་དགོས་པ་དང་། གྲོས་གཞི་བཏོན་པའི་འཐུས་མིའི་བར་གྱི་འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་དུས་ལྟར་འབྲེལ་ཡོད་ཁྲིམས་འཛུགས་དང་ལྟ་རྟོག་བྱ་བའི་གནས་ཚུལ་སྙན་ཞུ་བྱེད་དགོས། དམངས་ཆེན་གྱི་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ནས་བསྟུད་མར་གྲོས་གཞིར་གྲོས་ཞིབ་བྱེད་པའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར། 

གྲོས་ཚོགས་ནས་བརྡས་གཅོད་བྱས་པ་བརྒྱུད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིས་བཏོན་པའི་གྲོས་གཞིའི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།



གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།