སྤེལ་དུས།2021.03.11 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
74
0

ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་ནས་གྲོལ། ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་གྲོས་ཚོགས་ལ་ཞུགས། 

 

ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་ནས་གྲོལ།

ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་ནས་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། 


ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།  གྲོས་ཚོགས་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་། ཁོངས་ཞུགས་ལས་ཁུངས་སོ་སོ།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བབ་བསྟུན་མདུན་སྐྱོད་ཀྱིས་མགོ་བཟང་བོ་ཞིག་ཚུགས་པར་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མཇུག་སྒྲིལ་ཚོགས་འདུ་དངོས་སུ་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། པ་ཐིར། ཝང་ཡུང་ཆིང་། ཧི་ལིས་ཧྥེང་། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

ཝང་དབྱང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པར་ཞུགས་དགོས་པའི་ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་ང་བརྒྱད་ཡོད་པ་དང་། ཉིན་དེའི་ཚོགས་འདུར་ཨུ་ཡོན་སྟོང་གཉིས་དང་གྱ་བདུན་ཞུགས་པས།  ཁྲིམས་བཀོད་མི་གྲངས་དང་མཐུན་པ་ཁྱབ་བསྒྲགས་བྱས།

ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྙན་ཞུའི་སྐོར་གྱི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་ཞིབ་དཔྱད་བྱས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།  ཨུ་ཡོན་རྣམས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འཁེལ་བྱས་པར་མཐའ་གཅིག་ཏུ་གཟེངས་བསྟོད་བྱས་པར་མ་ཟད་རྒྱབ་སྐྱོར་བྱས།

ཝང་དབྱང་གིས་གསུང་བཤད་གནང་སྐབས་བསྟན་དོན།     ཐེངས་འདིའི་གྲོས་ཚོགས་སྟེང་ལོ་ལྔའི་འཆར་འགོད་བཅུ་བཞི་པར་དམ་དུ་དམིགས་པ་དང་འཆར་འགོད་གསར་བ་མཉམ་གླེང་། དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་འདུས་པ་བཅས་བྱས་ཡོད་ལ།   དེ་ནི་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ།  ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད།     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་ཨུ་ཡོན་རྣམས་དང་མཉམ་དུ་རྒྱལ་དོན་གླེང་།    ཨུ་ཡོན་ཡོངས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་འཆར་ཟིན།  དེ་མིན་སྙན་ཞུ་གཞན་དག་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ཡིག་ཆར་ནན་ཏན་སྒོས་གྲོས་ཞིབ་བྱས་ཤིང་། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་ཚུལ་གཅིག་གྱུར་བྱེད་པར་ཕྱོགས་གཉིས་ཀར་ནུས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་པར་གྲུབ་འབྲས་བཟང་བོ་ཐོབ་པ་དང་། དེ་ལས་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་ཀྱི་དོན་དུ་འགན་འཁྲི་ལག་བསྟར་བྱས་པ་དང་། མི་དམངས་ཀྱི་དོན་དུ་འགན་  འཁྲི་ཁག་ཁུར་བྱས་པའི་སྙིང་སྟོབས་གང་ལེགས་སྒོས་མཚོན་པར་བྱས་ཡོད་ལ།  མི་དམངས་སྲིད་གྲོས་དེ་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ཁྱད་སྟོབས་ནུས་པ་གང་ལེགས་ཀྱིས་མངོན་པར་བྱས་ཡོད་ཟེར།

ཝང་དབྱང་གིས་བསྟན་དོན།  ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པའི་ལོ་ཡང་ཡིན། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་དགོས་པར་མ་ཟད། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་ཧྭའི་བུ་དང་བུ་མོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མགོ་བཟང་བོ་ཞིག་འཛུགས་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཝང་དབྱང་གིས་བསྟན་དོན།  མི་དམངས་སྲིད་གྲོས་ནི་ཏང་གི་བྱ་བ་སྣ་ཚོགས་ལ་མགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་པའི་གཡུལ་ས་གལ་ཆེན་ཞིག་ཡིན་པས།   ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱུ་ནི་གཞི་རྩའི་ཆབ་སྲིད་རྩ་དོན་དང་ཆབ་སྲིད་འགན་འཁྲི་གལ་ཆེན་དུ་བརྩིས་ཏེ་མུ་མཐུད་དུ་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་། ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཆེ་རུ་བཏང་ནས། ཏང་གི་མགོ་ཁྲིད་བྱེད་ཐབས་གལ་ཆེན་ཡིན་པའི་གྲོས་མོལ་དམངས་གཙོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གྲོས་གྲོས་མོལ་གྱི་ལམ་ལུགས་ལག་ལེན་བརྒྱུད་ཏང་གི་འདོད་ཚུལ་དེ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཐུན་མོང་གི་ལྟ་ཚུལ་དང་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། མི་དམངས་སྲིད་གྲོས་ནི་ཏང་གི་རིགས་གཞུང་གསར་སྐྲུན་ལ་བརྟེན་ནས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་ཚབ་མི་སྣར་མཐུན་སྒྲིལ་དང་སློབ་གསོ་ཁྲིད་སྟོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་།  ཏང་གི་རིགས་གཞུང་གསར་སྐྲུན་ལ་བརྟེན་ནས་ཆབ་སྲིད་ཐད་ནས་མཐུན་སྒྲིལ་མཉམ་ལས་དང་བསམ་བློ་ཐད་ནས་མཉམ་དུ་ཡར་རྒྱས་སུ་འགྲོ་བ།  བྱ་སྤྱོད་ཐད་ནས་གོམ་སྟབས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   ཚན་རིག་རིགས་གཞུང་གིས་མཛུབ་ཁྲིད་བྱེད་པ་དང་གྲོས་མོལ་བརྗེ་རེས་ཀྱི་ཁྱད་ཆོས་ལྡན་པར་བྱེད་པ།   རང་སྟེང་མཐོར་འདེགས་གཏོང་བ་དམིགས་ཡུལ་དུ་འཛིན་པ།  ལྟ་ཚུལ་གཅིག་མཐུན་ཡོང་བ་དམིགས་འབེན་བྱེད་པ་བཅས་ཀྱི་སློབ་སྦྱོང་དང་བསམ་བློ་གཏོང་བ།  ལག་ལེན།  གནས་ལུགས་རྟོགས་པ་བཅས་ཀྱི་སྟེགས་བུ་གསར་སྐྲུན་བྱེད་དགོས་པར་མ་ཟད།   ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གཙོ་བོ་བྱས་པའི་ལོ་རྒྱུས་བཞིའི་སློབ་སྦྱོང་སློབ་གསོར་ཤུགས་སྣོན་པ་དང་།   ལོ་རྒྱུས་སྦྱངས་ནས་གནས་ལུགས་རྟོགས་པར་བྱེད་པ།  ལོ་རྒྱུས་སྦྱངས་ནས་བློ་སྤོབས་འཕེལ་བ།  ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་དར་སྤེལ་བྱེད་པ།  ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་དགོས།  མི་དམངས་སྲིད་གྲོས་ནི་ཐུན་མོང་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་སྟེང་འགལ་ཟླ་སེལ་བ་དང་ཐུན་མོང་གི་ལྟ་ཚུལ་གཅིག་མཐུན་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་སྲིད་ཇུས་དྲིལ་སྒྲོག་དང་དོགས་གཞི་སེལ་བའི་བྱ་བ་མང་ཙམ་བསྒྲུབ་དགོས་པ་དང་།  མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཇེ་ཆེར་གཏོང་བ། ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་མི་སེམས་གཅིག་སྡུད་བྱེད་པ།  བསམ་བློ་གཅིག་མཐུན་ཡོང་བར་བྱེད་དགོས་ལ། ལས་རིགས་སོ་སོའི་མང་ཚོགས་ཀྱི་བྱ་བ་སྒྲུབ་སྟངས་གསར་སྐྲུན་བྱེད་པ་དང་། སྲིད་གྲོས་ཀྱིས་ཨུ་ཡོན་རྩ་འཛུགས་དང་ཨུ་ཡོན་གྱིས་ལས་རིགས་སོ་སོའི་མང་ཚོགས་ལ་ཁྲིད་སྟོན་བྱེད་པའི་ལས་ཀའི་ཕྲེང་འབྲེལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།   བློ་གྲོས་གཅིག་བསྡུས་སྒོས་ཇུས་གཞི་ཡག་པོ་འདོན་པ་དང་སེམས་ཤུགས་གཅིག་སྒྲིལ་སྒོས་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཟེར།

ཝང་དབྱང་གིས་མཇུག་མཐར་བསྟན་དོན། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་རྩ་རུ་ལངས་ཏེ།  ལས་འགན་གྱིས་ང་ཚོར་འབོད་སྐུལ་བྱེད་པ་དང་འགན་འཁྲི་ཕྲག་ཏུ་བབས་ཡོད།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་།  ཤུགས་ཆེན་པོས“གླང་གསུམ”སྙིང་སྟོབས་དར་སྤེལ་བྱེད་པ།   སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་དུ་ཧུར་ཐག་སྒོས་ཞུགས་པར་མ་ཟད་མུ་མཐུད་དུ་ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་།  གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

མཇུག་སྒྲིལ་ཚོགས་འདུར་ཞུགས་པའི་མགོ་ཁྲིད་བློ་མཐུན་ཁྲོད་དུ་ད་དུང་ཏིང་ཞུའེ་ཞང་དང་།  ཝང་ཁྲིན།  ལིའུ་ཧི།  ཞུས་ཆི་ལེང་།  སུན་ཁྲུན་ལན།  ལིས་ཞི།  ལིས་ཆང་།  ལིས་ཧུང་ཀྲུང་།  དབྱང་ཅེ་ཁྲི།  དབྱང་ཞའོ་ཏུའུ།  ཀྲང་ཡིའུ་ཞ།  ཁྲིན་ཞི།  ཁྲིན་ཆོན་གོ།  ཁྲིན་མེན་ཨར།  ཧུའུ་ཁྲུན་ཧྭ།  གོ་ཧྲིན་ཁུན། ཧོང་ཁུན་མིང་།  ཚའེ་ཆི།   ཡིའུ་ཆོན་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་མཇུག་སྒྲིལ་ཚོགས་འདུར་ཞུགས།   ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་སོགས་གདན་དྲངས་པ་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ།

                                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར། 


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།