སྤེལ་དུས།2021.03.12 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
13
0

ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་གྲོལ་རྗེས། མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་ལས་ཁུངས་ཀྱི་སྤྱི་སྡོམ་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཀོང་རོང་གིས་གཏམ་བཤད།

འཐུས་ཚབ་ཚོགས་པའི་བྱ་བའི་ལས་ཁུངས་ཀྱི་བྱ་བའི་སྤྱི་སྡོམ་ཁྱབ་བསྒྲགས་བྱས་རྗེས། ཀྲང་ཀོང་རོང་གིས་ལས་བྱེད་མི་སྣ་ཡོངས་ཀྱིས་འབད་འཐབ་ལྷོད་མེད་བྱས་པར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ཀྱི་རྒྱབ་ལྗོངས་དམིགས་བསལ་ཡིན་པ་དང་དུས་ཚོད་གནད་འགག་ཡིན་ལ། གྲོས་དོན་གལ་ཆེན་ཡིན་པ་དང་།  མཚོ་སྔོན་འཐུས་ཚབ་ཚོགས་པས་བདེ་བླག་དང་རྒྱལ་ཁའི་ངང་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས་པ་དེ་བྱ་བའི་མི་སྣ་ཡོངས་ཀྱི་འབད་འཐབ་དང་ཁ་འབྲལ་ཐབས་མེད། ཚོགས་ཆེན་སྐབས་སུ། ཚང་མས་ཆབ་སྲིད་གླེང་བ་དང་བཤད་པ་ལག་བསྟར་བྱས་ལ། ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབ་རྒྱུ་དེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བཅས་བྱེད་པའི་ཐད་ཀར་གྱི་ཞིབ་དཔྱད་ཡིན་པའི་ཆ་ནས། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་མངོན་པར་བྱས་ཡོད། ཁག་ཁུར་འགན་འཁྲི་ལྕི་བ་དང་། བྱ་བའི་འགན་འཁྲི་ཕྲག་ཏུ་བླངས་ལ། བྱ་བའི་མི་སྣ་ཡོངས་ཀྱི་དངོས་གཉེར་ཕན་མཐོའི་བྱ་བས་ཚོགས་པ་ཡོངས་ཀྱི་བྱ་བའི་མཇུག་བཟང་བོ་བསྡུས། གཞོགས་འདེགས་བཟང་བོ་བྱས་པ་དང་། སྤྱི་ཁོག་གི་མཉམ་ཤུགས་གྲུབ་པར་བྱས་ལ། ཚོགས་པ་གོང་འོག་ཡོངས་ཀྱིས་སེམས་ཤུགས་གཅིག་ཏུ་བསྡུས་ནས། ནོར་འཁྲུལ་གཅིག་ཀྱང་མི་འབྱུང་བར་ཁག་ཐེག་བྱས། བྱེད་ཐབས་གསར་བ་སྤྱད་དེ་བྱ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་བ་དང་། ཁྱོན་ཡོངས་དང་སྨྱན་བྱད་ཡོངས་ཀྱིས་དྲིལ་སྒྲོག་རྒྱ་ཆེར་བྱས་ནས། ཚོགས་ཆེན་གཉིས་ཀྱི་གཏམ་རྒྱུད་དང་དམངས་ཆེན་གྱི་གཏམ་རྒྱུད། མཚོ་སྔོན་གྱི་གཏམ་རྒྱུད་དང་འཐུས་མིའི་གཏམ་རྒྱུད་བཅས་བཟང་བོར་བཤད། སྒྲིག་ལམ་དམ་སྲུང་བྱས་པ་དང་། སྣང་བརྙན་བཟང་བོ་མངོན་པར་བྱས་ལ། སྒྲིག་ལམ་ནན་མོ་དང་སྤྱོད་ཚུལ་བཟང་བོས་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས་ཟེར།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། ཚོགས་ཆེན་རྗེས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། སྤྱི་སྡོམ་བྱ་བ་ནན་ཏན་སྒོས་བསྒྲུབ་པ། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ལ་སྐུལ་འདེད་གཏོང་བ། རང་འགན་བྱ་བའི་ཁྲོད་སྤྱོད་ཚུལ་བཟང་བོ་དར་སྤེལ་གཏོང་བ། ཉམས་མྱོང་གཞིར་འཛིན་པ་དང་དགེ་སྤེལ་སྐྱོན་སྤང་བྱས་ཏེ། ཞབས་ཞུའི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།