སྤེལ་དུས།2021.03.12 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
9
0

ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་གྲོལ་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཅོ་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཞིན་ཁྲང་ཞིང་གཉིས་མཚོ་སྔོན་འཐུས་ཚབ་ཚོགས་པ་སྡོད་ས་རུ་སོང་ནས་འཐུས་ཚབ་ཚོགས་པའི་ལས་བྱེད་མི་སྣ་ཡོངས་ལ་འཚམས་འདྲི་བྱས་ནས། དགའ་སྤྲོའི་ངང་ཚང་མའི་གྲུབ་འབྲས་ལ་བཀའ་དྲིན་ཞུས་ལ། གུས་སེམས་བསྟན་པ་དང་རེ་བ་བཏོན།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དོན་སྙིང་ཆེ་ཞིང་གྲོས་དོན་གལ་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པ་རུ་ཕེབས་པ་ནི་འཐུས་མིར་འཚམས་འདྲི་མཛད་པ་ཡིན་ལ། ལས་བྱེད་མི་སྣར་འཚམས་འདྲི་བྱས་པ་ཡང་ཡིན་ལ། ཚང་མར་མཚོན་ན་དེ་ནི་གཟི་བརྗིད་དང་གུས་ཞབས་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་བཅངས་པའི་ཐུགས་ཁུར་དང་གཟིགས་སྐྱོང་ཡིད་ལ་དམ་པོར་བཟུང་ཡོད། ཚོགས་ཆེན་སྐབས་སུ། ཚང་མས་གཞོགས་འདེགས་དམ་ཟབ་དང་སེམས་ཤུགས་གཅིག་སྒྲིལ་བྱས་ནས། མཉམ་དུ་གྲོས་ཚོགས་བཟང་བོར་བསྡུ་བའི་ཐད་འབད་འཐབ་བྱས་པ་དང་བྱས་རྗེས་བཞག ཚོགས་དོན་མཁོ་སྒྲུབ་བྱ་བ་བཟང་བོར་བསྒྲུབས་པ་དང་། ཡིག་ཆ་དང་གནས་ཚུལ་གནད་བསྡུས་བྱ་བ་ཡོངས་འགྲུབ་བྱས་ལ། འཐུས་མིའི་གྲོས་དོན་གྲོས་གཞིའི་འབྲེལ་འདྲིས་བྱ་བ་གསལ་བོ་ཡིན་པ་དང་། གསར་འགྱུར་དྲིལ་སྒྲོག་བྱ་བ་རྒྱ་ཆེར་བསྒྲུབས་པ་དང་། བདེ་འཇགས་སྲུང་སྐྱོབ་བྱ་བ་དང་སྨན་བཅོས་འགན་སྲུང་བྱ་བས་འཐུས་མིས་སེམས་བདེ་བར་བྱས་ལ། མཁོ་སྒྲུབ་ལས་བྱེད་པ་རྣམས་ཀྱིས་བྱ་བའི་དཔུང་སྡེའི་ལས་བརྩོན་སྙིང་སྟོབས་དང་འགན་ཁུར་བའི་རྣམ་པ་དང་ཡག་ཐོག་རྒྱན་བརྩེགས་ཀྱི་སྤྱོད་ཚུལ་མངོན་པར་བྱས་ཡོད། གྲོས་ཚོགས་གྲོལ་ཟིན་ན་ཡང་། བྱ་བ་སྔར་བཞིན་མུ་མཐུད་དུ་སྒྲུབ་ཀྱིན་ཡོད་པ་དང་། ཚང་མ་རང་ཉིད་ཀྱི་ལས་རྐང་ལ་ཞུགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བཟང་བོ་དང་རྒྱུས་ལོན་གསལ་བོ། དྲིལ་སྒྲོག་བཟང་བོ། ལག་བསྟར་བཅས་བྱེད་པ་དང་། ཚོགས་ཆེན་གཉིས་སྐབས་ཀྱི་བྱ་བའི་ཉམས་མྱོང་སྤྱི་སྡོམ་བཟང་བོ་བྱེད་པ་དང་བྱེད་ཐབས་རྒྱུན་འཛིན་བཟང་བོ་བྱས་ཏེ། དུས་རབས་གསར་བའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཐེངས་འདིའི་འཐུས་ཚབ་ཚོགས་པས་བྱ་བ་བཟང་བོར་བསྒྲུབས་པ་དང་ཁྱད་ཆོས་མང་པོ་མངོན་པར་བྱས་ལ། ངས་ལས་བྱེད་མི་སྣ་ཡོངས་ལ་བསྔགས་བརྗོད་བྱས་པ་ཡིན། གཅིག་ནས་ཚང་མའི་བྱ་བར་བསྔགས་བརྗོད་བྱས་པ་ཡིན་ལ། བྱ་བ་སྣ་ཚོགས་སྔ་མོ་ནས་འཆར་འགོད་བྱས་པ་དང་འབྲེལ་མཐུད་དམ་པོ་བྱས་ལ། རྩ་འཛུགས་བཟང་བོ་བྱས་པ་དང་གྲུབ་འབྲས་བཟང་བོ་བླངས་པ་དང་། ཉིན་རྒྱུན་གྱི་བྱ་བ་ནན་ཏན་སྒོས་བསྒྲུབས་པ་དང་བྱ་བ་གཙོ་བོའི་ཐད་ནས་ནོར་འཁྲུལ་གཅིག་ཀྱང་བྱུང་མེད། གཉིས་ནས་ཚང་མའི་ནུས་པར་བསྔགས་བརྗོད་བྱས་པ་ཡིན་ཏེ། བྱ་བ་གསར་གཏོད་བཟང་བོ་བྱས་པ་དང་གྲུབ་འབྲས་མངོན་གསལ་བླངས་ལ། དེས་ཚང་མའི་ཕྱོགས་བསྡུས་བྱང་ཚད་དང་ནུས་པ་ཆུ་ཚད་བཟང་བོ། ཚང་མས་དུས་རྒྱུན་སློབ་སྦྱོང་དང་ལག་ལེན། མཐོར་འདེགས་བྱས་པའི་གྲུབ་འབྲས་མངོན་པར་བྱས་ཡོད། གསུམ་ནས་ཚང་མས་འབད་འཐབ་ལ་བསྔགས་བརྗོད་བྱས་པ་ཡིན་ཏེ། ཁྱེད་ཚོས་བྱ་བ་བཟང་བོ་བསྒྲུབས་པ་དང་གཞོགས་འདེགས་དམ་ཟབ་བྱས་ནས། དྲིལ་སྒྲོག་དང་གནས་ཚུལ་གནད་བསྡུས་སོགས་བྱ་བ་ཆ་ཚང་བ་དང་གཙོ་གནད་འབུར་ཐོན་བྱས་ཡོད་པ་དང་། སྟོབས་ཤུགས་དང་དྲོད་ཁོལ་ལྡན་ལ། ཁྱེད་ཚོས་སྒེར་མེད་བློས་གཏོང་དང་འབད་འཐབ་ལྷོད་མེད་བྱས་ཏེ། མཚོ་སྔོན་འཐུས་ཚབ་ཚོགས་པས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པའི་ཐད་ཤུགས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། བཞི་ནས་ཚང་མའི་སྤྱོད་ཚུལ་ལ་བསྔགས་བརྗོད་བྱས་པ་ཡིན། ཁྱེས་ཚོས་གྲོས་ཚོགས་ཀྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་པ་དང་བྱ་བ་བཟང་བོར་བསྒྲུབས་པ་དེས། ཆབ་སྲིད་སྟེང་གི་ལངས་གནས་མཐོན་པོ་དང་བྱ་བའི་སྟེང་གི་ཚད་གཞི་མཐོན་པོ། སྒྲིག་ལམ་སྟེང་གི་རེ་བ་ནན་མོ། སྤྱོད་ཚུལ་སྟེང་གི་སྣང་བརྙན་གསར་བ་མངོན་པར་བྱས་ཡོད་ཟེར།

ཀྲང་ཀོང་རོང་དང་ཐིན་ཅཱ་ཚེ་གཉིས་ཀྱིས་མཉམ་དུ་འཚམས་འདྲི་བྱས།

རིན་ཆེན་མཚོས་བསྒྱུར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།