སྤེལ་དུས།2021.03.13 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
73
0

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་དངོས་འབེབས་བྱེད་ཕྱོགས་ལ་ཞིབ་འཇུག་བྱས་པར་མ་ཟད། འབྲེལ་ཡོད་ལས་རིམ་ལ་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། རྒྱལ་ཁའི་ངང་གྲོལ་བའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་པའི་གནད་འགག་དུས་སྐབས་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་འབྲེལ་མཚམས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་དུས་རིམ་བཅས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས་གནང་བའི་གསུང་བཤད་གལ་ཆེན་ལ་བསམ་བཀོད་ཆེ་ཞིང་བསམ་བློ་གཏིང་ཟབ་ལྡན་པ། ནང་སྙིང་ཕུན་སུམ་ཚོགས་པ། ཤུགས་རྐྱེན་ཆེ་བ་བཅས་ཀྱི་ཁྱད་ཆོས་ཀུན་ནས་འཛོམས་པར་མ་ཟད། དེར་བསམ་བློའི་རང་བཞིན་དང་འཐབ་ཇུས་རང་བཞིན། སྤྱི་ཡོངས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་མངོན་སུམ་ལྡན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་ཀྱི་མཐོ་ཚད་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཀྱི་མཐོ་ཚད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱེད་དགོས་ལ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་དགོས་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་རིམ་བསྡུས་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་རིམ་བསྡུས་བཅས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དང་དམ་པོར་སྦྲེལ་མཐར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཚོ་སྔོན་ས་གཞི་ཆེན་མོའི་སྟེང་ནས་ལྷབ་ལྷུབ་ཏུ་སྐྱོད་པར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། སློབ་སྦྱོང་དང་བསམ་གཞིགས། ལག་བསྟར། རྟོགས་སད་བཅས་ཡོང་བར་རང་རྟོགས་ཆེན་པོ་དགོས། དྲིན་ཚོར་གྱི་བསམ་པ་བཟུང་ནས་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་མཐར་ཕྱིན་ཡོང་བར་བྱེད་དགོས། ཟུར་བལྟས་ལེབ་མཐོང་གི་ཞིབ་བཤེར་ཆེན་མོར་བརྟེན་ནས་བསམ་གཞིགས་བཏང་སྟེ། སེམས་གཏིང་དུ་སིམ་པར་བྱེད་དགོས། ཏང་དང་རྒྱལ་ཁབ། མི་རིགས། མི་རབས་རྗེས་མ་བཅས་ལ་འགན་ཁུར་བའི་རྣམ་འགྱུར་བཅངས་ནས་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གི་འབོད་སྐུལ་ལ་དུས་ལྟར་ལན་སྟེར་རྒྱུ་དང་སྒྲུབ་དགོས་པ་ཐམས་ཅད་བློ་ཐག་རྦད་ཆོད་སྒོས་སྒྲུབ་པ་དང་། གཏན་འགོག་བྱས་པའི་རིགས་གཏན་དུ་སྒྲུབ་མི་རུང་། རྒྱུན་ལྡན་གྱི་བསམ་གཞིགས་གཏོང་སྟངས་ལྟར་སློབ་སྦྱོང་བྱ་བ་དམ་པོར་བཟུང་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་རང་ཉིད་ཀྱི་བསམ་བློ་ཆེར་སྐྱེད་གཏོང་བ་དང་མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་ལས་ད་དུང་དཔེ་སྡུར་དཔེ་ལྟོས་སྔར་ལས་ཞིབ་ཚགས་བྱེད་དགོས་པ་དང་མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་གཞི་གཅིག་ཏུ་སྦྲེལ་རྒྱུ། ཤུགས་དང་ལྡན་པའི་སྒོ་ནས་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་ནན་གྱིས་བསྟན།

ལོ་ཙཱ་བ།བན་དེ་སྐྱབས།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།