སྤེལ་དུས།2021.03.13 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
27
0

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྣམས་ཀྱིས་ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས་ཕྱིར་ཟི་ལིང་དུ་ལོག

ཚོགས་ཆེན་སྐབས་སུ། རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྣམས་ཀྱིས་འགན་སྒྲུབ་ནན་མོ་དང་བློ་འདོན་ཇུས་འབུལ་བྱས་པ་དང་། མཉམ་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་འཆར་འགོད་བྱས་ལ། མི་དམངས་ཀྱི་འདོད་བློ་མཚོན་པར་བྱས་པ་དང་། གཏན་ཁེལ་བྱས་པའི་བརྒྱུད་རིམ་ལྟར་བསྡོམས་པས་གྲོས་གཞི་གཅིག་དང་བསམ་ཚུལ་གོ་གཉིས་སྤྲད།

འཐུས་མི་ཨ་ཧྲིན་ཆིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ནང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་བཅངས་པའི་ཐུགས་ཁུར་དང་གཟིགས་སྐྱོང་། བརྩེ་སེམས་ལྡན་པས། ང་ཚོ་སེམས་འགུལ་ཐེབས་པར་བྱས། ཕྱིར་ཕ་ཡུལ་དུ་ལོག་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བརྩེ་སེསམས་ཡུལ་མི་རྣམས་ལ་བརྒྱུད་སྒྲོག་བྱེད་པ་དང་། ཚང་མ་དང་མཉམ་དུ་འབད་འཐབ་ལྷོད་མེད་བྱེད་རྒྱུ་ཡིན།

འཐུས་མི་མཱ་ཧྥུའུ་ཁྲང་གིས་བསྟན་དོན། ཚོགས་ཆེན་གྱི་གྲུབ་འབྲས་ཆེན་པོ་བླངས་པ་དང་། དགོངས་དོན་ཕུན་སུམ་ཚོགས་ལ། རྒྱལ་ཡོངས་མི་དམངས་ལ་འཕེལ་རྒྱས་ཀྱི་ལམ་བུ་གསལ་བོ་བསྟན་པ་དང་། ཡིད་ཆེས་ཇེ་བརྟན་དུ་བཏང་ལ། ཚོགས་ཆེན་གྱི་དགོངས་དོན་རང་སྟེང་གི་འཕྲོད་བསྟེན་བདེ་ཐང་གི་རང་འགན་བྱ་བའི་ཁྲོད་ལག་བསྟར་བྱེད་པ་དང་ཁྱབ་པར་བྱས་ནས། ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་དང་བརྒྱུད་སྒྲོག་བཟང་བོ་བྱེད་རྒྱུ་ཡིན།

འཐུས་མི་ཚོས་མཐའ་གཅིག་ཏུ་བསྟན་དོན། རེ་བ་སྟོང་ཟད་དུ་མི་གཏོང་བ་དང་འགན་སྒྲུབ་ནན་མོ་བྱེད་པ། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཟང་བོ་བྱེད་པ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བློ་འདོན་ཇུས་འབུལ་བྱས་ཏེ། དམིགས་འབེན་གསར་བ་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།

ལོ་ཙཱ་བ།རིན་ཆེན་མཚོ།



གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།