སྤེལ་དུས།2021.03.14 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
33
0

ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་སྒྲོག་སློབ་སྦྱོང་མཐར་ཕྱིན་བྱས་པར་མ་ཟད། ངོས་འཛིན་ངོས་ཟིན་ཐད་བསམ་བློ་བརྗེ་རེས་གཏིང་ཟབ་དང་དངོས་འབེབས་དོན་འཁྱོལ་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། གྲོལ་མ་ཐག་པའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ལོ་དང་འཐབ་ལམ་གསར་པ་བཏོད་པའི་གནད་འགག་དུས་སྐབས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས། མཚོ་སྔོན་གྱི་བྱ་བར་མཐོང་ཆེན་བླ་མེད་གནང་བ་དང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པ་མཚོན་ལ། དེས་མཚོ་སྔོན་མི་དམངས་ལ་བརྩེ་བ་སྦྱིན་པ་དང་ངར་ཤུགས་བསླངས། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་ལ་འབད་དེ། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དང་འགན་འཁྲིའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས། ཤུགས་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་པར་འབད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྷག་ལུས་མེད་པར་སློབ་སྦྱོང་བྱས་ནས་གོ་བ་ཡང་དག་ལེན་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལ་དམིགས་ཏེ་གནང་བའི་བླང་བྱ་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་ཏེ། རང་གི་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་བཅས་གཏོང་དགོས། གཅིག་ནས་དད་གུས་ཟབ་མོ་བཅངས་ནས་གཙོ་འཛིན་གྱི་བརྩེ་སེམས་ལ་གོ་བ་ཟབ་མོ་བླངས་ཏེ། མི་དམངས་བླ་ན་མེད་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལས་དོན་སྔར་ལས་བཟང་བོར་སྒྲུབ་དགོས། གཉིས་ནས་ཡིད་རྟོན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ་མཚོ་སྔོན་གྱིས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་གཅེས་འཛིན་བྱས་ཏེ། འཐབ་ལམ་གསར་པ་བཏོད་པའི་སྟེང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་དང་ཉམས་སྣང་གསར་པ་མངོན་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ཐུགས་བདེ་ཡོང་བར་བྱེད་པ་དང་མཚོ་སྔོན་མི་དམངས་ཀྱི་འདོད་བློ་ཚིམ་པར་བྱེད་དགོས། གསུམ་ནས་རེ་བ་སྟོང་ཟད་དུ་མ་བཏང་བར་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་པའི་ཁ་ཕྱོགས་དང་གཏན་འབེབས་བཟོས་པའི་ལམ་ཕྱོགས་ལྟར་འབད་འབུངས་མདུན་སྐྱོད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་བཟོས་པའི་འཆར་འགོད་ཚང་མ་གོམ་གང་མདུན་སྤོས་སྒོས་མངོན་འགྱུར་ཡོང་བར་འབད་དགོས། བཞི་ནས་ཁག་ཁུར་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། དུས་རྣམ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཆབ་སྲིད་ཀྱི་གལ་གནད་དང་རྒྱལ་ཁབ་ཀྱི་དོན་ཆེན་ལ་བརྩིས་ནས། བསམ་བློའི་སྟེང་ནས་དཔེ་ལྟ་དང་ལག་ལེན་གྱི་སྟེང་ནས་རྗེས་སུ་དམ་པོར་འབྲང་བ། དངོས་འབེབས་ཀྱི་སྟེང་ནས་ལྷག་ལུས་མེད་པ་བཅས་ཡོང་བར་འབད་དེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་གཏོང་མི་རུང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སློབ་སྦྱོང་བྱས་ཏེ་སད་རྟོགས་ཡོང་བར་བྱེད་རྒྱུ་ནི་རྨང་གཞི་ཡིན་ལ། དངོས་འབེབས་དོན་འཁྱོལ་ནི་གནད་འགག་ཡིན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བྱ་བའི་བཀོད་སྒྲིག་ལ་གོ་བ་མ་ནོར་བར་བླངས་ཏེ། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་གཞི་གཅིག་ཏུ་སྦྲེལ་ནས་དངོས་འབེབས་གང་ལེགས་བྱེད་དགོས། གྲོས་ཚོགས་ལས་ད་དུང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཉིས་སྟོང་ཉེར་གཅིག་ལོའི་བྱ་བ་གཙོ་བོར་གྲོས་ཞིབ་བྱས་པར་མ་ཟད། ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།

ལོ་ཙཱ་བ།བན་དེ་སྐྱབས།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།