གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། སྤྱི་ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྡུས་པའི“ལོ་བརྒྱའི་གྲུབ་འབྲས། རབ་མཛེས་མཚོ་སྔོན”ཞེས་པ་བརྗོད་དོན་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་བརྩམས་ཆོས་འགྲན་སྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་སྤེལ་ཅིང་། མཛད་སྒོའི་སྟེང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་དང་མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འབྲེལ་ཡོད་མགོ་ཁྲིད། དེ་མིན་འགྲན་ཞུགས་པ་སོགས་མི་གྲངས་བརྒྱར་ཉེ་བ་ཞུགས་ཡོད།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་། བརྗོད་བྱ་གཙོ་བོ་དར་སྤེལ་དང་སྣ་མང་ཅན་འདོན་སྤྲོད། རྒྱ་ཆེའི་པར་ལེན་མཁན་དག་གི་གསར་རྩོམ་གྱི་གསོན་ཤུགས་ཇེ་འཕེལ་དང་། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་དང་ཁ་ཐག་ཉེ་ཞིང་དྲང་ནུས་ཀྱི་ཕུལ་བྱུང་པར་རིས་བརྩམས་ཆོས་སྔོག་འདོན་དང་འཚོལ་ཞིབ་བྱེད་པ་གཙོར་བྱས། མི་ཆོས་ཡུལ་ལྗོངས་དང་། འཕོ་འགྱུར་ཉམས་སྣང་། དམངས་སྲོལ་གོམས་གཤིས། སྤྱི་ཚོགས་འཚོ་བ་སོགས་བརྗོད་བྱར་བཟུང་སྟེ་པར་རིས་སྒྱུ་རྩལ་གྱི་ལམ་ནས། བོད་འབྲེལ་ས་ཁུལ་གྱི་ལས་རིགས་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་གྲུབ་འབྲས་གང་ལེགས་མཚོན་པར་བྱ་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བས་སྔར་ཡོད་ཀྱི་པར་རིས་ལེ་ཚན་གྱི་རྨང་གཞིའི་སྟེང“ལོ་བརྒྱའི་གྲུབ་འབྲས། རབ་མཛེས་མཚོ་སྔོན”ཞེས་པ་བརྗོད་དོན་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་པར་ལེན་བརྩམས་ཆོས་བསྡུ་རུབ་ཀྱི་བྱེད་སྒོ་སྤེལ་བ་ཡིན་ལ། ཟླ་བ་གཉིས་ལྷག་རིང་གི་བྱེད་སྒོའི་དུས་ཡུན་དུ་བསྡོམས་པས་བརྩམས་ཆོས་མི་འདྲ་བ500ལྷག་འབྱོར་བ་དང་། དཔྱད་འདེམས་པ་རྣམ་པས་བྱེད་སྒོའི་བརྗོད་དོན་མངོན་གསལ་ཡིན་མིན་དང་། བརྩམས་ཆོས་ཀྱི་གཞི་འཛིན་དང་གྲུབ་ཚུལ། མཐོང་ཚོར་དང་སྒྱུ་རྩལ་གྱི་ཆ་སོགས་ལ་གཞིགས་ནས་ནན་ཏན་གྱིས་འདེམས་སྒྲུག་དང་དཔྱད་བསྡུར་བྱས་པ་བརྒྱུད། ཐོག་མའི་འགྲན་སྡུར་ནང་ཚུད་པའི་པར་ལེན་པ་ལྔ་བཅུ་བོའི་ཕུལ་བྱུང་བརྩམས་ཆོས་རེ་རེར་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོངAPPརུ་ཉིན་གསུམ་ལ་དྲ་དམངས་ཀྱིས་འདེམས་ཤོག་འཕངས་པ་དང་སྦྲེལ་ནས་ཁྱད་འཕགས་བྱ་དགའ་གཅིག་དང་། ཨང་དང་པོ་གཉིས། ཨང་གཉིས་པ་བཞི། ཨང་གསུམ་པ་བརྒྱད། ཕུལ་བྱུང་བྱ་དགའ་བཅུ་བཅས་བདམས་ཐོན་བྱུང་།
ཕྱོགས་བསྡུས་དཔྱད་བསྡུར་བྱས་པ་བརྒྱུད། འགྲན་ཞུགས་བརྩམས་ཆོས་ལྔ་བརྒྱ་ལྷག་གི་ཁྲོད། པར་བ་པདྨ་འབུམ་གྱི་བརྩམས་ཆོས་སྟོན་དང་སྨན་ཐར་གྱི་བརྩམས་ཆོས་འཕྲད། འཇམ་དབྱངས་ཟླ་བའི་བརྩམས་ཆོས་ཁྲུང་ཁྲུང་། ཟོན་ཐར་བྱམས་ཀྱི་བརྩམས་ཆོས་གཤོག་འགྱུར། མགོན་པོ་སྐྱབས་ཀྱི་བརྩམས་ཆོས་ཨ་ཅེ་འབྲོག་མོ། ལྷ་རྒོད་སྐྱབས་ཀྱི་བརྩམས་ཆོས་ཞོགས་པའི་རུ་གསར། གནས་བརྟན་གྱི་བརྩམས་ཆོས་ཉི་རྩེ། ནོར་བུ་ཡི་བརྩམས་ཆོས་སྣོད་ཀྱི་བཀོད་པ། སྨན་ཤུལ་བསོད་ནམས་ཚེ་རིང་གི་བརྩམས་ཆོས་བག་ཡངས་ཀྱི་རྣམ་ཤེས། མགོ་ལོག་རྣོ་སྐུད་ཀྱི་བརྩམས་ཆོས་ཞོགས་པ་བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། པར་བ་ཐུབ་བསྟན་བཀྲ་ཤིས་ཀྱི་བརྩམས་ཆོས་འཇགས་དང་པར་བ་རྡོ་རྗེ་རིན་ཆེན་གྱི་བརྩམས་ཆོས་འབྲོང་ལོ་རྩེད། པར་བ་སྐལ་བཟང་ནོར་བུའི་བརྩམས་ཆོས་འཁྱག་རོམ། པར་བ་མཁར་ལོ་རྒྱལ་གྱི་བརྩམས་ཆོས་ཀྲུང་གོའི་ཕུགས་འདུན། པར་བ་བསྟན་འཛིན་ལྷུན་གྲུབ་ཀྱི་བརྩམས་ཆོས་ཕྱིར་བལྟས། པར་བ་ང་རོ་རྡོ་རྗེ་ཡི་བརྩམས་ཆོས་སྒུག པར་བ་མགོན་པོའི་བརྩམས་ཆོས་འབྲོག་པའི་གཞིས་གསར། པར་བ་བློ་བཟང་དར་རྒྱས་ཀྱི་བརྩམས་ཆོས་སྲོད་ཀྱི་རང་མདངས་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ། པར་བ་དབང་གྲགས་ཚེ་རིང་གི་བརྩམས་ཆོས་རྨ་ངོགས་གྲོང་གསར། པར་བ་སྒྲོལ་མ་སྐྱབས་ཀྱི་བརྩམས་ཆོས་སྤུན་ཟླ་བཟང་། པར་བ་བློ་གྲོས་བཟོད་པའི་བརྩམས་ཆོས་བརླན་ས། པར་བ་སྐར་མ་ཆོས་འཕེལ་གྱི་བརྩམས་ཆོས་བྲག་རི་བཅས་བྱ་དགའ་ཨང་གཉིས་པ་ཐོབ། པར་བ་བསོད་ནམས་རྒྱ་མཚོའི་བརྩམས་ཆོས་རྩྭ་ཐང་གི་འོད་སྣང་དང་པར་བ་འབྲུག་ལྷ་ཚེ་རིང་གི་བརྩམས་ཆོས་གུང་ཟས་ཞིམ་པོ་གཉིས་ལ་བྱ་དགའ་ཨང་དང་པོ་ཐོབ། པར་བ་གཡང་འབུམ་ཚེ་རིང་གི་བརྩམས་ཆོས་རི་ཀླུང་ཞེས་པར་ཁྱད་འཕགས་བྱ་དགའ་ཐོབ་པ་རེད།
“ལོ་བརྒྱའི་གྲུབ་འབྲས། རབ་མཛེས་མཚོ་སྔོན”ཞེས་པའི་པར་རིས་བརྩམས་ཆོས་འགྲན་སྡུར་གྱི་བྱེད་སྒོ་འདི་སྤེལ་བ་བརྒྱུད་ནས། པར་ལེན་སྒྱུ་རྩལ་ལ་དགའ་མཁན་དག་གིས་ཀྲུང་གོའི་གཏམ་རྒྱུད་སྙན་མོ་དང་། མཛེས་སྡུག་གི་སྣོད་བཅུད། བདེ་སྐྱིད་ཀྱི་འཚོ་བ་སོགས་དུས་རབས་གསར་པའི་སྣང་བརྙན་གཟུགས་སུ་ཕབ་ནས། འཚོ་བ་གསར་བར་བསྟོད་གླུ་ལེན་པར་རེ་བཞག་གི་ཁ་བཏགས་སྐྱེས་སུ་བཏེགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་ཁར་ལྷག་བསམ་འཁོལ་བའི་ངང་རྟེན་འབྲེལ་ཞུ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་གིས་ཁྱད་འཕགས་བྱ་དགའ་ཐོབ་མཁན་བྱ་དགའ་གནང་བཞིན་པ།
མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་ཀྲང་ཡུན་ཧྥེས་བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་གནང་བཞིན་པ།
མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བྱམས་པ་བཀྲ་ཤིས་ཀྱིས་བྱ་དགའ་ཨང་གཉིས་པ་ཐོབ་མཁན་ལ་བྱ་དགའ་གནང་བཞིན་པ།
མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ནང་དོན་ལྟ་སྐུལ་བ་འཇམ་དབྱངས་བསྟན་འཛིན་དང་ལག་རྩལ་ལྟ་སྐུལ་བ་མཁའ་བྱམས་དོན་གྲུབ་གཉིས་ཀྱིས་བྱ་དགའ་ཨང་གསུམ་པ་ཐོབ་མཁན་ལ་བྱ་དགའ་གནང་བཞིན་པ།
མཉམ་པར།
ཁྱད་འཕགས་བྱ་དགའ། པར་བ་གཡང་འབུམ་ཚེ་རིང་གི་བརྩམས་ཆོས། རི་ཀླུང་།
བྱ་དགའ་ཨང་དང་པོ་ཐོབ་མཁན། པར་བ་བསོད་ནམས་རྒྱ་མཚོའི་བརྩམས་ཆོས། རྩྭ་ཐང་གི་འོད་སྣང་།
བྱ་དགའ་ཨང་དང་པོ་ཐོབ་མཁན། པར་བ་འབྲུག་ལྷ་ཚེ་རིང་གི་བརྩམས་ཆོས། གུང་ཟས་ཞིམ་པོ།
བྱ་དགའ་ཨང་གཉིས་པ་ཐོབ་མཁན། པར་བ་སྒྲོལ་མ་སྐྱབས་ཀྱི་བརྩམས་ཆོས། སྤུན་ཟླ་བཟང་།
བྱ་དགའ་ཨང་གཉིས་པ་ཐོབ་མཁན། པར་བ་དབང་གྲགས་ཚེ་རིང་གི་བརྩམས་ཆོས། རྨ་ངོགས་གྲོང་གསར།
བྱ་དགའ་ཨང་གཉིས་པ་ཐོབ་མཁན། པར་བ་ཀརྨ་ཆོས་འཕེལ་གྱི་བརྩམས་ཆོས། བྲག་རི།
བྱ་དགའ་ཨང་གཉིས་པ་ཐོབ་མཁན། པར་བ་བློ་གྲོས་བཟོད་པའི་བརྩམས་ཆོས། བརླན་ས།
བྱ་དགའ་ཨང་གསུམ་པ་ཐོབ་མཁན། པར་བ་ང་རོ་རྡོ་རྗེའི་བརྩམས་ཆོས། སྒུག
བྱ་དགའ་ཨང་གསུམ་པ་ཐོབ་མཁན། པར་བ་ཐུབ་བསྟན་བཀྲ་ཤིས་ཀྱི་བརྩམས་ཆོས། འཇགས།
བྱ་དགའ་ཨང་གསུམ་པ་ཐོབ་མཁན། པར་བ་བསྟན་འཛིན་ལྷུན་གྲུབ་ཀྱི་བརྩམས་ཆོས། ཕྱིར་བལྟས།
བྱ་དགའ་ཨང་གསུམ་པ་ཐོབ་མཁན། པར་བ་བློ་བཟང་དར་རྒྱས་ཀྱི་བརྩམས་ཆོས། སྲོད་ཀྱི་རང་མདངས།
བྱ་དགའ་ཨང་གསུམ་པ་ཐོབ་མཁན། པར་བ་སྐལ་བཟང་ནོར་བུའི་བརྩམས་ཆོས། འཁྱག་རོམ།
བྱ་དགའ་ཨང་གསུམ་པ་ཐོབ་མཁན། པར་བ་རྡོ་རྗེ་རིན་ཆེན་གྱི་བརྩམས་ཆོས། འབྲོང་ལོ་རྩེད།
བྱ་དགའ་ཨང་གསུམ་པ་ཐོབ་མཁན། པར་བ་མགོན་པོའི་བརྩམས་ཆོས། འབྲོག་པའི་གཞིས་གསར།
བྱ་དགའ་ཨང་གསུམ་པ་ཐོབ་མཁན། པར་བ་མཁར་ལོ་རྒྱལ་གྱི་བརྩམས་ཆོས། ཀྲུང་གོའི་ཕུགས་འདུན།
ཕུལ་བྱུང་བྱ་དགའ་ཐོབ་མཁན། པར་བ་ནོར་བུའི་བརྩམས་ཆོས། སྣོད་ཀྱི་བཀོད་པ།
ཕུལ་བྱུང་བྱ་དགའ་ཐོབ་མཁན། པར་བ་པདྨ་འབུམ་གྱི་བརྩམས་ཆོས། སྟོན།
ཕུལ་བྱུང་བྱ་དགའ་ཐོབ་མཁན། པར་བ་མགོ་ལོག་རྣོ་སྐུད་ཀྱི་བརྩམས་ཆོས། ཞོགས་པ།
ཕུལ་བྱུང་བྱ་དགའ་ཐོབ་མཁན། པར་བ་ཟོན་ཐར་བྱམས་ཀྱི་བརྩམས་ཆོས། གཤོག་འགྱུར།
ཕུལ་བྱུང་བྱ་དགའ་ཐོབ་མཁན། པར་བ་འཇམ་དབྱངས་ཟླ་བའི་བརྩམས་ཆོས། ཁྲུང་ཁྲུང་།
ཕུལ་བྱུང་བྱ་དགའ་ཐོབ་མཁན། པར་བ་ལྷ་རྒོད་སྐྱབས་ཀྱི་བརྩམས་ཆོས། ཞོགས་པའི་རུ་གསར།
ཕུལ་བྱུང་བྱ་དགའ་ཐོབ་མཁན། པར་བ་སྨན་ཐར་གྱི་བརྩམས་ཆོས། འཕྲད།
ཕུལ་བྱུང་བྱ་དགའ་ཐོབ་མཁན། པར་བ་སྨན་ཤུལ་བསོད་ནམས་ཚེ་རིང་གི་བརྩམས་ཆོས། བག་ཡངས་ཀྱི་རྣམ་ཤེས།
ཕུལ་བྱུང་བྱ་དགའ་ཐོབ་མཁན། པར་བ་མགོན་པོ་སྐྱབས་ཀྱི་བརྩམས་ཆོས། ཨ་ཅེ་འབྲོག་མོ།
ཕུལ་བྱུང་བྱ་དགའ་ཐོབ་མཁན། པར་བ་གནས་བརྟན་གྱི་བརྩམས་ཆོས། ཉི་རྩེ།