ཟླ9པའི་ཚེས17ཉིན། པེ་ཅིན་གྱི་ནམ་མཁའ་གཡའ་དག་ཅིང། ཚབ་མཚོན་རང་བཞིན་ལྡན་པའི་ཁང་བརྩེགས་དག་མིག་གི་དགའ་སྟོན་དུ་མངོན་ཡོད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཅན་ཧྭ་ཡིས་པར་བླངས།
【ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲིན་བེ་ཝེ་ཡིས་བཀོད་པའི་གསར་འགྱུར། གངས་ལྗོངས་མེ་ལོང་དྲ་བའི་གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་བསྒྱུར།】
བྱང་གི་ཡང་ཐེ་རི་བོ་ལས་བརྡོལ་ཅིང་། ལྷོ་ཡི་ཧྲིན་ཀྲིན་མཚོ་ཁུག་ཏུ་འབབ་པའི་ཏཱ་ཧྲ་གཙང་བོའི་རིང་ཚད་ལ་སྤྱི་ལེ13.7ཡོད་ཅིང་། སྔོན་ཆད་ལྷོ་རིའི་ས་ཁུལ་གྱི་བཙོག་ཆུ་ཞིག་ཡིན་ན་འང་། ད་ལྟ་དེ་ལས་ལྡོག་སྟེ“དྲ་ལམ་གྱི་ཆུ་བོ་གྲགས་ཅན”ཞིག་ཏུ་གྱུར་ཡོད།
གཡུ་ལོ་ཐགས་སུ་བཀྲ་ཞིང་། འདབ་ཆགས་གར་དུ་རྩེན་པའི་ཆུ་བོ་འདིའི་འགྲམ་ངོགས་སུ། ཐུན་ཞོན་ཀུང་ཟི་དང་ཀྲུང་ཞུན་ཀུང་ཟི། ཏཱ་ཅང་ཀུང་ཟི་སོགས་ཚན་རྩལ་གྱི་ཁེ་ལས་བརྒྱ་ཕྲག་ལྷག་གིས་གཞི་བཟུང་ཡོད་པར་མ་ཟད། ཀོང་ཏུང་མཚོ་ཁུག་དང་། སློབ་གྲྭ་ཆེན་མོ། ཧྲིན་ཀྲིན་གྱི་མཐོ་རིམ་སྤྱི་ཁྱབ་པུའུ་སོགས་དང་གཞི་གཅིག་ཏུ་འདྲེས་ནས་གྲོང་ཁྱེར་འདིའི“གསར་སྐྲུན་མིང་བྱང”འཁུར་ཡོད།
ཏཱ་ཧྲ་གཙང་པོའི་འགྲམ་ངོགས་ཏེ། ལྷོ་རིའི་ས་ཁུལ་ནི་ཧྲིན་ཀྲིན་དུ་སྤུས་མཐོའི་འཕེལ་རྒྱས་མངོན་འགྱུར་བྱུང་བའི་བསྡུས་གཟུགས་ཡིན་པར་མ་ཟད། རང་རྒྱལ་གྱིས་འཕེལ་རྒྱས་འདུ་ཤེས་རྙིང་དོར་གསར་འཛུགས་བྱས་པའི་བསྡུས་གཟུགས་ཀྱང་ཡིན།
ཧྲིན་ཀྲིན་གྲོང་ཁྱེར་ལྷོ་རིའི་ས་ཁུལ་ཏཱ་ཧྲ་གཙང་འགྲམ་གྱི་ཚན་རྩལ་གླིང་ཀ ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མའོ་སི་ཡུས་ཀྱིས་པར་བླངས།
རྒྱལ་ཁབ་ཅིག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་ཇི་འདྲ་ཞིག་གདམས་མིན་གྱིས་རྒྱལ་ཁབ་གང་དེའི་འཕེལ་རྒྱས་ཀྱི་རྣམ་པ་ཐག་གཅོད་བྱེད།
གསར་གཏོད། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད།——ལོ་ངོ་ལྔ་ཡི་སྔོན་ལ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བཏོན་ཏེ། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་རིག་པའི་གཞུང་ལུགས་ཀྱིས་མཛུབ་འཁྲིད་དང་ཕྱོགས་སྟོན་བྱས།
ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག རྒྱལ་ཡོངས་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དོན་འཁྱོལ་བྱས་པ་དང་། ཧུར་ཐག་གིས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ཅིང་། འཕེལ་རྒྱས་ཀྱི་དགེ་མཚན་སྔོག་འདོན་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སྤུས་མཐོའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱིས་གྲུབ་འབྲས་གསར་པ་བླངས།
2019ལོའི་ཟླ8པའི་ཚེས28ཉིན་པར་བླངས་པའི“ཀྲུང་གོའི་འཇིག་རྟེན་མིག”གི་ལྗོངས་རྣམ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཨོའུ་ཏུང་ཧན་གྱིས་པར་བླངས།
འདས་པའི་ལོ་ངོ5ཡི་རིང་ལ། གསར་གཏོད་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཚ་ཚ་འུར་འུར་ངང་འཕེལ།
རང་རྒྱལ་གྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་ཚད2.06%ནས2.23% བར་འཕར་བ་དང་། རྨང་གཞིའི་ཞིབ་འཇུག་གྲོན་དངུལ་ལྡབ་གཅིག་ཙམ་འཕར་ཏེ། གོ་ལ་ཧྲིལ་པོའི་སྒང་གི་གསར་གཏོད་ཀྱི་ཨང་རིམ་ཁྲོད་སྔོན་ཆད་ཀྱི་ཨང་རིམ29ནས་ད་ལྟའི་ཨང་རིམ14བར་ཡར་འཕར་ནས། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གོམ་སྟབས་ཆེན་པོ་སྤོས།
“ཀྲུང་གོའི་འཇིག་རྟེན་མིག”ལེགས་པར་གྲུབ་ནས་སྤྱོད་མགོ་ཚུགས་པ་དང་། ཚད་རྡུལ་ཆ་འཕྲིན་དང་རྩ་བའི་ཕྲ་ཕུང་སོགས་ཀྱི་ཁྱབ་ཁོངས་སུ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་བླངས། C919ཅན་གྱི་གནམ་གྲུ་འཕུར་གཏོང་བྱས་པ། ཀང་ཀྲུའུ་ཨོ་ཡི་ཟམ་ཆེན་བསྐྲུན་པ། བྱང་སྐར་ས་ཁྲའི་ཁྱབ་ཁོངས་ཀྱིས་གོ་ལ་ཧྲིལ་བོ་ཁེབས་པར་བྱས་པ། མགྱོགས་མྱུར་ངང5Gདྲ་བ་འཐུས་ཚང་དུ་བཏང་བ། གྲངས་རྩིས་དཔལ་འབྱོར་གྱིསGDPནང་བསྡུར་ཚད་མང་ཤོས་ཟིན་པ་སོགས་གསར་གཏོད་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པར་མ་ཟད། སྤུས་མཐོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྣེ་ཁྲིད་དང་འདེགས་སྐྱོར་གནང་།
ཚེས་གཅིག་ཉིན་བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་ཡན་ཀོན་ཕུག་ལམ་བརྒྱུད་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏུའུ་ཧོན་ཙུང་གིས་པར་བླངས།
འདས་པའི་ལོ་ངོ5ཡི་རིང་ལ། མཐུན་སྦྱོར་འཕེལ་རྒྱས་ཀྱི་མེ་ཏོག་མཉམ་དུ་བཞད།
ཞིང་ལས་སྤོ་སྒྱུར་གྱི་མི་འབོར་དུང་ཕྱུར་གཅིག་ལྷག་གྲོང་ཁྱེར་གསར་པའི་སྡོད་དམངས་སུ་གྱུར་བ་དང་། 2019ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད60.6%ཏུ་འཕར་ཏེ། 2015ལོ་ལས4.5%ཡིས་མང་དུ་ཕྱིན་པས། ཞིང་སྡེའི་ཐོན་སྐྱེད་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ལ། གྲོང་ཁྱེར་དང་ཞིང་སྡེ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཆགས།
ཧི་པེ་ཞུང་ཨན་གསར་ཁུལ་བཙུགས་པ་དང་། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་རྣམ་པའི་ཐོག་འཕེལ་རྒྱས་སུ་བཏང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་མཐོའི་ངང་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་རིམ་པའི་འཐབ་ཇུས་སུ་རིམ་སྤར་བྱས་པ། གནད་ཆེའི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མགྱོགས་མྱུར་སྒོས་དོན་འཁྱོལ་བྱས་པ། ཤར་དབུས་ནུབ་གསུམ་དང་བྱང་ཤར་བཅས“རྒྱུད་ཆེན་པོ་བཞི”མཉམ་འགུལ་ངང་འཕེལ་རྒྱས་སུ་བཏང་བ་སོགས་མདོར་ན། ཤར་ལྷོ་ནུབ་བྱང་མཉམ་དུ་འགུལ་བ་དང་། རྒྱལ་ཁབ་ཕྱི་ནང་མཉམ་དུ་སྦྲེལ་ཏེ་འཕེལ་རྒྱས་ཀྱི་སྒྲོམ་གཞི་གསར་པ་གྲུབ།
2019ལོའི་ཟླ8པའི་ཚེས25ཉིན་པར་བླངས་པའི་ནང་སོག་ཧུའུ་ལུའེར་གྲོང་ཁྱེར་གྱི་ཁྲེན་པ་ཨར་ཧུའུ་ཆིའི་ཁོངས་ཀྱི་མོ་རི་ཀི་ལི་གཙང་པོ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲིན་པོའོ་ཧན་གྱིས་པར་བླངས།
འདས་པའི་ལོ་ངོ5ཡི་རིང་ལ། ཏན་ཏན་ཏིག་ཏིག་གིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2019ལོརGDPཡི་ནུས་ཁུངས་ཟད་གྲོན་ཚད2015ལོ་ལས13.2%མར་ཆག་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་། དེའི་ཡན་གྱི་གྲོང་ཁྱེར337གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱིས82%ཟིན་ལ། ས་ངོས་ཆུའི་སྤུས་ཚད་རིམ་པIIIལ་ལོངས་པའམ་དེའི་ཡན་ལ་ལོངས་པའི་ཚད74.9%ཡིན་པ་སོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་བཅོས་བྱུང་།
ཐོན་ལས་ཀྱི་བཀོད་པ་དང་གྲུབ་ཚུལ་ལེགས་སྒྱུར་བྱས་ནས། ཤུགས་ཆེན་པོས“ཚུལ་མིན”ཁེ་ལས་བཅོས་སྐྱོང་བྱས་པ་དང་། ལྗང་མདོག་གི་འཛུགས་སྐྲུན་དང་ལྗང་མདོག་གི་འགྲིམ་འགྲུལ་འཕེལ་རྒྱས་བཏང་བ། འཚོ་བའི་གད་སྙིགས་རིགས་དབྱེ་བ། སྤྱི་བའི་འགྲུམ་འགྲུལ་བེད་སྤྱོད་པ། འབྲུ་རིགས་གྲོན་ཆུང་བྱེད་པ། ཆུད་ཟོས་ལ་ངོ་རྒོལ་བྱེད་པ་སོགས་བྱས་ཏེ་ལྗང་མདོག་ནི་སྤུས་མཐོའི་འཕེལ་རྒྱས་ཀྱི་རྩ་དོན་གཙོ་བོར་བཟུང་།
འདས་པའི་ལོ5ཡི་རིང་ལ། སྒོ་འབྱེད་འཕེལ་རྒྱས་ཀྱིས་འཕེལ་ཕྱོགས་ལ་སྣེ་ཁྲིད་བྱས།
དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། 2019ལོར་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པར་མ་ཟད། ཀྲུང་གོའི་སྒྲིག་ཆས་དང་། ལག་རྩལ། ཚད་གཞི། ཞབས་ཞུ་བཅས་གོམ་པ་བརྟན་པོས“ཕྱི་ཕྱོགས་སུ་བསྐྱོད”ནས་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད་གསར་བར་སླེབས་པ་དང་། མགྱོགས་མྱུར་ངང་ཕྱི་ཕྱོགས་དཔལ་འབྱོར་གྱི་དགེ་མཚན་གསར་པ་གྲུབ་པར་བྱས།
རྒྱལ་ཁབ138དང་རྒྱལ་སྤྱིའི་རྩ་འཛུགས30དང་ལྷན་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཡིག་ཆ200ལ་མིང་རྟགས་བཀོད་པ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ21བཙུགས་པ། ཧའེ་ནན་ནི་ནང་ལོགས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་དང་པོར་གྱུར་པ། འཛམ་གླིང་ཚོང་གཉེར་ཁོར་ཡུག་ཨང་རིམ་ཁྲོད2019ལོའི་ཨང31པར་སླེབས་པ་སོགས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་གཞི་གསར་བ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས།
ཟླ5པའི་ཚེས29ཉིན། ཧོ་པེ་ཞིང་ཆེན་གྱི་ཧན་ཏན་གྲོང་ཁྱེར་ཞའོ་ཏིས་སྡེ་བའི་སྡེ་མིས་སྒོ་འགྲམ་གྱི་མེ་ཏོག་ལ་རོལ་མྱོང་བྱེད་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཞའོ་ལེན་གྱིས་པར་བླངས།
འདས་པའི་ལོ་ངོ5ཡི་རིང་། ཐུན་མོང་འཕེལ་རྒྱས་ཀྱིས་དམངས་འཚོར་ཕན་བདེ་བསྐྲུན།
ཞིང་སྡེའི་དབུལ་ཕོངས་མི་འབོར་ཁྲི5000ལས་བརྒལ་བ་དབུལ་ཐར་བྱས་ཤིང་། དབུལ་ཕོངས་སླར་འབྱུང་ཚད2016ལོའི4.5%ནས2019ལོའི0.6%བར་མར་ཆག ས་ཁོངས་རང་བཞིན་གྱི་གཅིག་བསྡུས་རྣམ་པའི་དབུལ་ཕོངས་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ།
གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་གྲངས་ཁྲི6000ལས་བརྒལ་ནས། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་མུ་མཐུད་ནས་འཐུས་ཚང་དུ་བཏང་བ་དང་། 2019ལོར་རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ2015ལོ་ལས39.9%འཕར་སྣོན་བྱུང་ལ། ཡོང་འབབ་འབྲིང་བའི་ཚོགས་སྤྱིའི་གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་སྐྱེད་བྱུང་། 2019ལོར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ77.3ལོན་པ་སོགས་སྔར་ལས་མང་ལ་སྔར་ལས་དྲང་བདེན་ཡིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དམངས་ཡོངས་ལ་ཕན་བདེ་བསྐྲུན་པ་དང་། མི་སེར་གྱི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན།
ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ་ཀྲུང་གོའི་མི་དམངས་དུང་ཕྱུར14ཡིས་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན། རང་རྒྱལ་གྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ལ། ལོ་ལྔའི་འཆར་གཞི་བཅུ་བཞི་པ་ལ་ཁ་ཕྱོགས་ནས། མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་རྒྱལ་གྱིས་སྤུས་མཐོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་དུ་རྒྱུན་སྐྱོང་ངེས།