ལྗང་མདོག་གི་སྟོབས་ཤུགས། གུང་ཁྲན་ཏང་མིའི་སྐྱེ་ཁམས་དཔལ་ཡོན་སྟེ། “ཡིའུ་ཡོས་ལག་ལེན”
2021.01.30 ཁུངས། ཀློག་གྲངས། 24

ཞིན་ཧྭ་གསར་འགྱུར་ཁང་གི་ཟླ1ཚེས་18ཉིན་གྱི་གློག་འཕྲིན།ལྗང་མདོག་གི་སྟོབས་ཤུགས། གུང་ཁྲན་ཏང་མིའི་སྐྱེ་ཁམས་དཔལ་ཡོན་སྟེ།  “ཡིའུ་ཡོས་ལག་ལེན”

                                             ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲོའོ་ཏོང་ཧེ། ལོའོ་མིན་ཆི། བང་ཧྥེ་ཧྥེ།

གོང་གི་འདྲ་པར་ནི་བཅོས་སྐྱོང་མ་བྱས་སྔོན་གྱི་འདྲ་པར། ཧྲན་ཞི་ཞིང་ཆེན་ཡིའུ་ཡོས་རྫོང་དུ་གང་སར་མཐོང་ཐུབ་པའི་མྱ་ངམ་ཐང་དང་བྱེ་ཐང་།(དཔྱད་གཞིའི་འདྲ་པར) ཞོལ་གྱི་འདྲ་པར་ནི་གསོན་ཤུགས་ལྡན་པའི་ཧྲན་ཞི་ཞིང་ཆེན་ཡིའུ་ཡོས་རྫོང་ལྷོ་རི་ཆུང་བའི་ནགས་ཚལ་སྤྱི་གླིང་རེད།(2020ལོའི་ཟླ7ཚེས21ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའོ་དབྱང་གིས་མི་མེད་གནམ་གྲུས་བླངས་བའི་འདྲ་པར)ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

          ལྗང་མདོག་ནི་སྔོན་ཆད་ཧྲན་ཞི་ཡིའུ་ཡོས་རྫོང་དུ་ཤིན་ཏུ་དཀོན་པའི་ཁ་མདོག་ཅིག་ཡིན་ལ།  ད་ལྟ་ལྗང་མདོག་ནི་ས་ཆ་འདིའི་ཆེས་རྒྱུན་མཐོང་གི་ཁ་མདོག་ཅིག་ཏུ་གྱུར་ཡོད།

         ཀྲུང་གོ་གསར་བ་དབུ་བརྙེས་པའི་དུས་མགོར། ཡིའུ་ཡོས་རྫོང་གི་ནགས་ཚལ་སྔོ་ལྗང་དུ་བསྒྱུར་ཚད་བརྒྱ་ཆའི་0.3ལའང་མི་སླེབས་པ་དང་། ལོ་ཧྲིལ་བོར་ནམ་ཟླའི་ཆ་རྐྱེན་མི་བཟང་ལ་འབྲུ་རིགས་ཐོན་འབབ་དམའ་བ་བཅས་ཀྱིས་ས་གནས་མང་ཚོགས་ཀྱི་འཚོ་གནས་ལ་གནོན་ཤུགས་ཆེན་པོ་ཐེབས་པ་རེད། ལོ་ངོ70རིང་ལ། རེབ21གི་ཡུག་ཡོས་རྫོང་ཨུའི་ཧྲུའུ་ཅིས་རང་ཉིད་ཀྱི་བྱས་རྗེས་མ་བསམ་པར་རྒྱུན་ཆད་མེད་པར་ས་གནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྡོང་འཛུགས་ནགས་སྐྲུན་ཐད་ལ་ཧུར་ཐག་འབད་བརྩོན་བྱས་མཐར། མྱ་ངམ་ཐང་དེ་ལྗང་མདོག་གི་ཡུལ་གྲུ་ཞིག་ཏུ་བསྐྲུན་ཏེ་ངོ་མཚར་བའི་“ཡིའུ་ཡོས་སྙིང་སྟོབས”ཀྱི་མཚན་སྙན་རྡོ་རིང་བསླངས་བ་རེད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་གཞུག་ཐེངས་དྲུག་ལ་(ཡིའུ་ཡོས་སྙིང་སྟོབས) ལ་མཛུབ་སྟོན་གནང་བ་རེད། 2020ལོར་ཧྲིན་ཞི་ཞིང་ཆེན་ལ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ཕུགས་འདུན་ཡིད་ལ་དམ་པོར་བཟུང་སྟེ། (ཡིའུ་ཡོས་སྙིང་སྟོབས)དར་སྤེལ་བྱས་ནས་ལྗང་མདོག་ལྡན་པའི་རི་ཆུ་ནགས་གསུམ་གྱི་བཅོས་སྐྱོང་མ་ལག་ཅིག་བསྐྲུན་དགོས་ཞེས་བཤད།

           བྱེ་ཐང་ལྗང་མདོག་ཅན་དུ་བསྒྱུར་བའི་སྔར་མེད་ཀྱི་བྱ་གཞག་རླབས་ཆེན་འདི་ནི་ཀྲུང་གོ་གུང་ཁྲན་ཏང་མིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་མ་དཔེ་གསོན་པོ་ཞིག་རེད།

རྫོང་ཨུའི་ཧྲུའུ་ཅིས་ལས་རྔ་བསྐྱངས་བ།

ཡིའུ་ཡོས་ནི་ཧྲན་ཞི་ཞིང་ཆེན་དང་ནང་སོག་གཉིས་ཀྱི་འབྲེལ་མཚམས་དང་མའོ་བུའུ་སའོ་བྱེ་ཐང་གི་རླུང་བརྒྱུད་དུ་ཡོད་ལ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1969ཡོད་པ་རེད།

         ས་ཆ་འདིའི་སྔོན་ཆད་ཀྱི་འཚོ་བའི་ཁོར་ཡུག་ཇི་འདྲའི་ཐབས་སྡུག་ཞིག་ཡིན་པ་ནི“ཧྲོའོ་ཕིན་གཞིས་སྒར་གྱི་ལོ་རྒྱུས”ཟིན་ཐོ་ལས་བཀོད་པ་ལྟར་ན། ཉེ་ཚེ་དྲག་རླུང་རྒྱུ་བའི་དུས་ཤིག་ལ། ཉིན་དང་མཚན་མོའི་ཟློག་མེད་འཁོར་བའི་གནས། མི་དང་དངོས་བོའི་དབྱེ་བ་འབྱེད་མི་ནུས།

“ དཔྱིད་དུས་ས་ལ་བཏབ་པའི་ས་བོན་དེ། སྟོན་དུས་འབྲུ་རྡོག་སྤར་གང་སྣོད་དུ་བསྡུ། ལོ་འཁོར་ཧྲིལ་བོའི་དངུལ་ཆུའི་ཐིགས་པ་དེ། ཟས་ཐུན་གཅིག་ལ་རྒྱགས་པ་ཙམ་དུ་ཉིད།” འདི་ནི་འདས་ཟིན་པའི་ཡིའུ་ཡོས་མིའི་འཚོ་བའི་དངོས་བཤུས་རེད།

        ཕ་ཡུལ་དང་ཁ་གྱེས་དཀའ་ལ། བྱེ་ཐང་དུ་འཚོ་དཀའ་བ། ད་ཅི་བྱ།

           1949ལོར། ཡིའུ་ཡོས་རྫོང་ཨུའི་རེབ་དང་པོའི་ཧྲུའུ་ཅི་ཀྲང་རོང་ཧེས་དཔོན་གནས་འགན་འཁུར་ནས་ཉིན་གཉིས་བར་ངེས་པར་དུ་ལན་འདེབས་དགོས་པའི་དྲི་བ་འདི་ཁྱེར་ནས་ཟླ་བཞིའི་རིང་ལ་རྐང་ཐང་དུ་སོང་ནས་རྫོང་ཡོངས་ལ་རྟོག་ཞིབ་བྱས་མཐར། ནགས་ཚལ་སྟུག་པའི་རི་ལུང་ཞིག་ནས་ད་གཟོད་དྲིས་ལན་རྙེད་པ་རེད། ལྗང་མདོག་ལྡན་པའི་ནགས་ཚལ་གྱི་འགེབས་སྲུང་ཡོད་ན། ས་དེའི་ཞོག་ཁོག་དང་འབྲུ་རིགས་ཀྱི་ཐོན་སྐྱེད་ཚད་ཀྱང་ས་གནས་གཞན་ལས་ལྡབ་འགྱུར་གྱིས་མཐོ་བ་རེད།

       བྱེ་རླུང་འཚུབ་མ་འགོག་འདོད་ན། སྡོང་འཛུགས་ལས་ལ་འབད་པར་བརྩོན།

         1950ལོའི་དཔྱིད་ཀ་ནས་ཕྱི་ལོའི་སྟོན་ཀའི་བར། ཀྲང་རོང་ཧེས་ལས་བྱེད་མི་སྣ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ས་མུའུ་ཁྲི2.4ལ་སྡོང་འཛུགས་ནགས་སྐྲུན་བྱས། དེ་ནས་བཟུང་ལོ་ངོ70རིང་ལ་(ལྗང་བསྒྱུར་རྒྱུན་སྐྱོང་)བའི་མགོ་བརྩམས།

         “འགོ་ཁྲིད་བརྗེ་ཡང་འཆར་གཞི་མི་བརྗེ་པའི་དཔེ་རྒྱུན་བསྐྱངས་ཤིང་། ཡིའུ་ཡོས་རེབ་རེ་རེའི་རྫོང་ཨུའི་ཧྲུའུ་ཅི་ལ་སེམས་འགུལ་ཐེབས་པའི་སྡོང་འཛུགས་ཀྱི་གཏམ་རྒྱུད་རེ་ཡོད་ལ། ས་ཁྲ་དང་ལྕགས་ཁེམ། ཚ་དེམ་གསུམ་ནི་ཁོང་ཚོའི་ངེས་པར་དུ་གྲ་སྒྲིག་བྱེད་དགོས་པའི་ལག་ཆ་གསུམ་རེད།

         རེབ་ལྔ་བའི་ཡིའུ་ཡོས་རྫོང་ཨུའི་ཧྲུའུ་ཅི་ཕང་ཧན་ཅེ་ལ་ཕོ་བའི་ནད་ལྕི་མོ་ཕོག་ཡོད་ལ། ལུས་པོའི་ལྗིད་ཚད་ལའང་རྒྱ་མ་བརྒྱ་ལས་མེད།  ཉེ་སྔོན་གོང་རིམ་གྱིས་ཁོ་རང་རྫོང་ཁག་གཞན་ཞིག་ལ་བརྗེ་སྤོར་བྱེད་གྲབས་ཡོད་ཀྱང་། འོན་ཀྱང་ཁོས་ཡིའུ་ཡོས་རྫོང་དུ་བསྡད་ནས་སྡོང་འཛུགས་བྱེད་རྒྱུའི་སེམས་ཐག་བཅད་པ་རེད། མིག་རྡེབ་དབང་ཙམ་གྱིས་ལོ་ངོ་བདུན་འགོར་སོང་། འདིའི་རིང་ལ་ཧྲུའུ་ཅི་ཕང་ཧན་ཅེ་ཡིས་སྣེ་ཁྲིད་འོག ཡིའུ་ཡོས་ལས་བྱེད་མང་ཚོགས་ཀྱིས་སྡོང་བོ་ལ་ཞྭ་དང་ལྷམ་གྱོན་པ། སྐེད་རགས་བཅིངས་བ་བཅས་ཀྱི་སྡོང་འཛུགས་ཐབས་ལམ་ལ་བསྟེན་ནས་ས་མུའུ་ཁྲི་14ནགས་ཚལ་དུ་བསྒྱུར་བ་རེད།

(གནས་སྐབས་འགོ་ཁྲིད་ཀྱིས་རྟག་བརྟན་གྱི་བྱ་བ་སྒྲུབ་དགོས།)འདི་ནི་རེབ་བཅུ་གཅིག་པའི་ཡིའུ་ཡོས་རྫོང་ཨུའི་ཧྲུའུ་ཅི་ཁྲང་ལོའོ་ཡིས་གསུངས་ཚིག་རེད།

གོང་གི་འདྲ་པར་ནི་ཧྲན་ཞི་ཞིང་ཆེན་ཡིའུ་ཡོས་རྫོང་མི་དམངས་ཀྱིས་སྡོང་འཛུགས་ནགས་སྐྲུན་གྱི་རྣམ་པ་རེད།(དཔྱད་གཞིའི་འདྲ་པར)ཞོལ་གྱི་འདྲ་པར་ནི་ཧྲན་ཞི་ཞིང་ཆེན་ཡིའུ་ཡོས་རྫོང་ཚང་ཐི་གཙང་བོའི་བརླན་བཤེར་སྤྱི་གླིང་རེད(2020ལོའི་7ཚེས22ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའོ་དབྱང་གིས་མི་མེད་གནམ་གྲུས་བླངས་བའི་འདྲ་པར)ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

          ཁོས་རྒྱུན་པར་བཤད་རྒྱུར། ལས་བྱེད་འགོ་ཁྲིད་རྒྱུན་དུ་གནས་སྤོར་བྱེད་པས་མི་རྟག་པ་ཡིན་ལ། སྡོང་འཛུགས་ནགས་སྐྲུན་ནི་འགྱུར་མེད་རྟག་བརྟན་གྱི་བྱ་བ་ཡིན།  ཁོས་ལོ་ངོ་བརྒྱད་ལ་ཡིའུ་ཡོས་ནས་བྱ་བ་གཉེར་བའི་རིང་། ལོ་རེའི་སྡོང་འཛུགས་དུས་སྐབས་ལ་ཁྱིམ་ཚང་གང་བོ་མང་ཚོགས་དང་ལྷན་དུ་རི་མགོར་སྡོང་འཛུགས་བྱེད་དུ་འགྲོ་བ་རེད། ཡིའུ་ཡོས་ཡང་ཧྲན་ཞི་ཞིང་ཆེན་གྱི་མིས་བཟོས་ནགས་ཚལ་ཆེས་མང་བའི་རྫོང་དུ་མཆོང་བསྐྱོད་བྱས།

        ཁྲང་ལའོ་དགུང་ལོ་59སྟེང་ངལ་དུབ་ཀྱིས་གཅོང་ནད་བྱུང་ནས་སྐུ་གཤེགས། སྐུ་གཤེགས་ཁར་ཡང་ཁོང་གི་ཁྱིམ་མིར་ཁ་ཆེམས་ཅི་ཡང་མེད་པར། ཡིའུ་ཡོས་ཀྱི་ལས་བྱེད་དག་གམ་དུ་བོས་ནས་སྡོང་བོ་ནི་ཡིའུ་ཡོས་ཀྱི་བླ་སྲོག་ཡིན་པས། བདག་སྐྱོང་ལེགས་པོ་བྱ་དགོས་ཞེས་ནན་བཤད་བྱས།

        སྔོན་ཆད། ཡིའུ་ཡོས་སུ་བྱིས་པ་ཞིག་ལས་སྡོང་བོ་རྐང་གཅིག་གཉོར་རྒྱུ་དཀའ་བས། རེབ་རེ་རེའི་རྫོང་ཨུའི་ཧྲུའུ་ཅིས་སྡོང་བོར་བུ་ལྟར་གཅེས་ལ་རྩྭ་རྩི་ཤིང་ཐམས་ཅད་ལའང་བརྩེ་བ་ཟབ་མོ་ཆགས་ཡོད་པ་རེད།

        1991ལོར། ཡིའུ་ཡོས་ནས་ལོ་ངོ་12ལ་བྱ་བ་གཉེར་བའི་རེབ་བཅུ་གསུམ་པའི་རྫོང་ཨུའི་ཧྲུའུ་ཅི་ཡའོ་ཧོན་ཏི་རྫོང་གཞན་ཞིག་ལ་ལས་སྤོར་བྱས་ནས་འགྲོ་སྐབས། ཕྱིར་གཞུང་ལས་ཁང་དུ་སོང་ནས་ཁོས་རྒྱུན་ལྡན་སྡོང་འཛུགས་བྱེད་སྤྱད་ཀྱི་ལྕགས་ཁེམ་བཟུང་ནས་སྒོ་ཁའི་སྡོང་བོའི་སྟེང་ལོ་མ་ཞིག་བཏོག་ནས་འབྲི་དེབ་བར་དུ་ཉར་ཚགས་བྱས་རྗེས་ངོ་གདོང་མཆི་མས་གང་ནས་ཁ་གྱེས།

……

        དུས་ཀྱིས་འཁོར་ལོ་བསྒྱུར་བ་ཡི། བྱེ་མའི་ཐང་ཡང་ཞིང་སར་གྱུར།

        དེང་སྐབས་འགན་འཁྲི་དེ་རེབ་21པའི་ཡིའུ་ཡོས་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཀྲིན་ཧེའི་ཕྲག་ཏུ་བབས་ཡོད་ལ།  ཡིའུ་ཡོས་རྫོང་གི་ལྗང་བསྒྱུར་ཚད་ཉེ་སྔོན་གྱི་བརྒྱ་ཆའི་0.3ནས་བརྒྱ་ཆའི་56ལ་འཕར་བ་མ་ཟད། མིང་གྲགས་ཅན་གྱི་མྱུ་གུ་གསོ་སྤེལ་ར་བས་སྡོང་ཕྲུག་སྣ་ཚོགས་ས་མུའུ་ཁྲི་8ལྷག་གསོ་སྤེལ་བྱས་བ་རེད།

          ཀྲང་ཀྲིན་ཧེ་ཡིས་བཤད་རྒྱུར། ཡིའུ་ཡོས་རྫོང་ལ་སྔོན་ཆད་སྡོང་ཕྲུག་དཀོན་པ་ནས་ད་ལྟ་སྡོང་ཕྲུག་ཕྱིར་བཙོང་བའི་འགྱུར་ལྡོག་བྱུང་ཡོད་ལ། མ་འོངས་བར་རེ་བ་དང་ཡིད་ཆེས་ཀྱིས་ཕྱུག་པའི་གཤིན་ས་ཞིག་ཏུ་འགྱུར་ངེས་རེད་ཟེར།

མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།

འདི་ནི་2020ལོའི་ཟླ12ཚེས30ཉིན་པར་བླངས་བའི་ཡིའུ་ཡོས་རྫོང་གི་རྒྱལ་ཁབ་རིམ་པའི་ན་གཞོན་རྐང་གྲུག་གསོ་སྦྱོང་ལྟེ་གནས་འཛུགས་སྐྲུན་བྱེད་བཞིན་པའི་ཡུལ་དངོས(མི་མེད་གནམ་གྲུས་བླངས་བའི་པར)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའོ་དབྱང་གིས་བླངས།

གོང་གི་འདྲ་པར་འདི་ནི་ཧྲན་ཞི་ཞིང་ཆེན་ཡིའུ་ཡོས་རྫོང་མཱ་ཡན་ཧི་སྡེ་བའི་སྡེ་མིས་སྡོང་འཛུགས་ཀྱི་རྣམ་པ་ཡིན།(དཔྱད་གཞིའི་འདྲ་པར)ཞོལ་གྱི་འདྲ་པར་ནི་སའོ་ཀྲིག་གྲོང་ཁྱེར་ཡིའུ་ཡིས་རྫོང་མཱ་ཡན་ཧི་སྡེ་བའི་ཉེ་འཁོར་གྱི་མིས་བཟོས་ནགས་ཚལ་ཡིན། 2020ལོའི་ཟླ་7ཚེས་21ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའོ་དབྱང་གིས་པར་བླངས། ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

     གལ་ཏེ་མི་དམངས་ཀྱི་རྒྱབ་སྐྱོར་མེད་ན། ཡིའུ་ཡོས་ཀྱི་ངོ་མཚར་བའི་གཏམ་རྒྱུད་ཡོད་མི་སྲིད།

      བྱེ་རླུང་འཚུབ་མ་རྒོད་ཅིང་རྩུབ། རི་ནི་མིད་ལ་མི་རྟ་ཁུར།

      ཡིའུ་ཡོས་རྫོང་ཐི་ཧྲེ་ཆོན་སྡེ་བའི་སྡེ་རྒྱབ་ན་རིང་ཐུང་ལ་སྟོང་རྨིད20དང་ཞེང་ལ་སྟོང་རྨིད་4ཅན་གྱི་བྱེ་ཁུགས་ཆེན་པོ་ཞིག་ཡོད་ལ། མི་ཚང་མས་དེ་ལ་“འཇིགས་རུང་གི་ཡུལ་ཁམས”ཞེས་འབོད།

       ཐི་ཧྲེ་ཆོན་སྡེ་བའི་རང་ལོ་71ལོན་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་བང་མིང་ཧྭ་ལོ་དགུ་ནས་བཟུང་ཕ་མ་དང་དགེ་རྒན་གྱི་མཉམ་དུ་བྱེ་ཁུགས་སུ་སྡོང་འཛུགས་བྱེད་དུ་སོང་བ་རེད། ནར་སོན་རྗེས། ཁོ་མོས་སྡེ་བའི་བུད་མེད་ཀྲུའུ་རིན་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཁུར།  རང་ལོ་ཞེ་དགུའི་བར་དུ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་ལ་ཁོ་མོའི་མི་ཚེ་ནི་སྡོང་འཛུགས་ཀྱི་མི་ཚེ་ཞིག་ཡིན་པ་རེད། 

         ཡིའུ་ཡོས་ནས་ལས་བྱེད་མང་ཚོགས་དང་ཕོ་མོ་རྒན་གཞོན་ཚང་མས་ཆ་རྐྱེན་དང་གླ་ཆ་ཅི་ཡང་མེད་པར་སྡོང་འཛུགས་བྱེད་པ་ཡིན།

         བང་མིང་ཧྭ་ཡི་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་དྲུག་ཅུ་ལ་ཕྱིར་འདང་རེ་བརྒྱབ་ན། སྡེ་བའི་ནང་ངལ་རྩོ་ལ་ནུས་ཤུགས་ལྡན་པའི་མིའི་ལོ་རེའི་དཔྱིད་ཀར་ཉུང་མཐའ་ཡང་འོས་འགན་ལས་ཀ་ 30ལས་དགོས། མི་རེའི་སྡོང་ཕྲུག་30འཛུགས་པ་དེ་ཐོན་སྐྱེད་དང་བཅས་འགན་གཙང་ལེན་བྱེད་དགོས། དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་རྗེས་སུ། མི་རྣམས་ཀྱིས་སྡོང་འཛུགས་བྱེད་པའི་སྤྲོ་སེམས་དེ་ནམ་ཡང་དོར་མ་མྱོང་། སྡོང་འཛུགས་བྱེད་དུ་འགྲོ་བའི་བརྡ་ཐོས་རྗེས་ཚང་མ་མ་གྲོས་གཅིག་མཐུན་གྱིས་རྐང་གསུམ་འཁོར་ལོར་བསྡད་དེ་རི་མགོར་འགྲོ་བ་ཡིན།

       མཐུན་པའི་ཨ་ལོང་སྦྲེལ་པའི་ཚེ། མི་འགྲུབ་བྱ་བ་ཅི་ཡང་མེད།  འཇིགས་རུང་གི་ཡུལ་ཁམས་སུ་འབོད་པའི་བྱེ་ཁུགས་ཆེན་པོ་དེ་ཡང་ད་ལྟ་ས་མུའུ་ཁྲི2.2ཅན་གྱི་ནགས་ཚལ་ཞིག་ཏུ་གྱུར་ཡོད་པ་རེད།

        ལོ་ངོ་བདུན་ཅུའི་སྡོང་འཛུགས་ནགས་སྐྲུན་ཁྲོད། ཡིའུ་ཡོས་རྫོང་གི་ལས་བྱེད་མང་ཚོགས་གྱིས་ཉིན་དུང་ཕྱུར2ཀྱི་རིང་ལ་ས་མུའུ་ཁྲི་300ཡི་རི་ལུང་ཐང་གསུམ་དུ་འོས་འགན་སྡོང་འཛུགས་བྱས་ཏེ་ས་གཞི་ཆེན་པོ་ལྗང་མདོག་ཏུ་བསྒྱུར་བ་དང་། ཁོ་ཚོའི་ནང་དུ་ཞིང་བ་དང་བཟོ་བ། ལས་བྱེད་མི་སྣ་བཅས་འདུ་བ་རེད།

            འདས་པའི་ལོ་ཟླའི་ནང་ཡིའུ་ཡོས་ཀྱི་གཞུང་ཕྱོགས་ལས་ཁུངས་ཀྱི་གཞུང་སྒྲུབ་ཁང་གི་སྒོ་རྒྱབ་དུ་ལྕགས་ཁེམ་རེ་ཡོད་ལ།  ལོ་འདི་འགའི་རིང་ལ་གཞུང་ཕྱོགས་ལས་བྱེད་གཅིག་པུས་འོས་འགན་སྡོང་འཛུགས་ས་མུའུ་ཁྲི30ལྷག་བཙུགས་པ་དང་། སྔ་གཞུག་ཏུ་རིག་སློབ་ནགས་ཚལ། སྲིད་ཁྲིམས་ནགས་ཚལ། ནོར་ཚོང་ནགས་ཚལ། དྲིལ་སྒྲོག་ནགས་ཚལ་སོགས་སྡོང་འཛུགས་རྟེན་གཞི་བཅུ་ཕྲག་གསར་འཛུགས་བྱས།

           ལྕགས་ཁེམ་གཅིག་དང་ལག་པ་གཉིས། དུས་ཚིགས་བཞི་ལ་འབད་པར་བརྩོན།

           ཡིའུ་ཡོས་མིས་མི་རབས་ནས་མི་རབས་སུ་ཕ་ཡུལ་ལྗང་བསྒྱུར་ལ་བརྩོན་ཏེ་རྗེས་རབས་པར་བདེ་སྐྱིད་ཀྱི་ཁོར་ཡུག་ཅིག་བསྐྲུན་པར་བྱས་རྗེས་མི་དམན་པ་བཞག་ཡོད།

          ལིག་ཀྲིན་ནི་ལིས་ཏ་ཡའོ་ཞང་ཆའོ་ཅ་པའོ་སྡེ་བའི་ནགས་སྲུང་བ་ཡིན་ལ། 2000ལོའི་དབྱར་ཁར། དྲག་ཆར་ཞིག་གི་རྗེས་སུ་སྡེ་རྒྱབ་ཀྱི་གློག་སྡོང་འགྱེད་དེ་གསོམ་སྡོང་གསུམ་བཅགས་འདུག་པ་མཐོང་ནས། སྡོང་བོ་སྐྱོབ་ཆེད་སྟབས་མ་ལེགས་པར་སྐུ་གཤེགས་སོང་། སྐུ་གཤེགས་ཁར“ང་རང་སྡོང་རྩ་རུ་དུར་སྦས་བྱེད་རོགས”ཞེས་བཤད།

         རྔམ་བརྗིད་ལྡན་པའི་ལྷོ་རི་ཆུང་བའི་ལྗང་བསྒྱུར་རྡོ་རིང་དེ་ནི་སྡོང་རྒན་དུ་མས་གྲུབ་པ་ཡིན་ལ།  དེ་ནི་ཡིའུ་ཡོས་ལས་བྱེད་མང་ཚོགས་ཁྲི་མ་འབུམ་གྱིས་མཐུན་སྒྲིལ་གྱིས་སྟོབས་ཤུགས་ལས་བཞེངས་བ་ཞིག་ག་ལ་མིན།

ལྗང་མདོག་ལ་བརྟེན་པའི་གྲུབ་འབྲས།

པར་གོང་མ་ནི་བཅོས་སྐྱོང་སྔོན་གྱི་ཧྲན་ཞི་ཞིང་ཆེན་ཡིའུ་ཡོས་རྫོང་དུ་གང་སར་མཐོང་ཐུབ་པའི་ལུང་སྟོང་བྱེ་ཁུགས་ཀྱི་རྣམ་པ་ཡིན།(དཔྱད་གཞིའི་འདྲ་པར) པར་ཞོལ་མ་ནི་ཧྲན་ཞི་ཞིང་ཆེན་ཡིའུ་ཡོས་རྫོང་བཞི་ལྔ་ཏའོ་ལིན་སྐྱེ་ཁམས་གླིང་ཁུལ་ཡིན། (2020ལོའི་ཟླ7ཚེས21ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའོ་དབྱང་གིས་མི་མེད་གནམ་གྲུས་པར་བླངས) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

           དགུན་དུས་སུ། ཡིའུ་ཡོས་ཀྱི་ནམ་ཟླའི་དྲོད་གྲངས་ནི་ཀོར་ཐིག་མན་གྱི་ཧྲེ་ཧྲི་ཏུའུ་30ཡིན་ཡང་།ཡིའུ་ཡོས་བས་སྡོང་འཛུགས་ནགས་སྐྲུན་བྱས་པ་བཟང་བས།  གསར་འགོད་པས་སྔོན་ཆད་ཀྱི་མྱ་ངམ་ཐང་འདི་ན་སྐྱེ་སྟོབས་དང་གསོན་ཤུགས། རེ་བས་ཁེངས་ཡོད་པ་ཚོར་ཐུབ།

           འདས་ཟིན་པའི་ལོ་ངོ་70་གོང་ལ་ཀྲང་རུང་ཧོའེ་ཡིས་དེ་གར་ལྕང་ཕྲུག་ཐོག་མ་དེ་འཛུགས་སྐབས་མཐའ་འཁོར་དུ་ད་དུང་བྱེ་མས་གང་སར་ཁྱབ་ཡོད། ད་སྐབས་ཚང་ཐོའུ་གཙང་པོའི་ངོགས་གཉིས་སྔོ་ཐིང་ཐིང་ཏུ་གྱུར་ཡོད་ལ། རྒྱལ་ཁབ་ཀྱི་བརླན་བཤེར་སྤྱི་གླིང་དུ་གྱུར་བ་ནས་བཟུང་འདབ་ཆགས་ཀྱང་སྔོན་ཆད་ཀྱི་རིགས་18ནས་རིགས་128བར་མང་དུ་ཕྱིན་ཡོད།

         ཡུས་ཝུའེ་གྲོང་རྡལ་མཱ་ཡུན་ཧི་སྡེ་བ་ནི་ཐད་ཀར་ཁེ་ཕན་རག་པའི་སྡེ་བ་ཞིག་ཡིན། ལོ་འདི་དག་གི་རིང་ལ། སྡེ་བས་སྔ་རྗེས་སུ་ཡུལ་མིའི་སྡོད་ཁང་བསྐྲུན་པ་དང། སྡོང་རྩར་རྩྭ་ཕོ་སུལ་སྐྱེས་འདུག ད་དུང་མེ་ཏོག་ལུག་མིག་བཏབ་ཡོད་ལ་དྲོད་ཁང་ཆེན་པོའང་བརྒྱབ་ཡོད།

         (སྣོད་བཅུད་ལེགས་སུ་ཕྱིན་ན་མི་རྣམས་དེ་ལྟར་སྐྱིད)ཅེས་མཱ་ཡུན་ཧི་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲུའུ་དབྱི་ཡིས་བཤད་པ་དང་། ན་ནིང་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་12200ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་ལྡབ4ཙམ་གྱིས་མཐོ་བ་རེད།

       མཱ་ཐི་རི་བོར་རི་རྒོད་ས་མུའུ་ཁྲི་1.2ལྗང་བསྒྱུར་བྱས་པའི་ལི་ཡུན་ཧྲེང་ཡང་དེང་སྐབས་སྐྱིད་ཀྱི་ཉི་མ་མཆར་སོང་བ་རེད།

        2002ལོར།   ཁོང་གིས་ཁ་ལོ་བའི་སློབ་གྲྭ་ཞིག་གཉེར་ནས་དམངས་སྒོར་ཁྲི་བཅུ་ལྷག་བཙལ་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་ཐང་སྟོང་ལྗང་བསྒྱུར་ལ་བརྟེན་ནས་ཡུལ་སྐོར་གསར་འབྱེད་བྱས། (བྱ་བའི་མགོ་བརྩམས་རྗེས་ད་གཟོད་འདི་ནི་དོང་ཞབས་མེད་ཅིག་ཡིན་པ་ཤེས)འོན་ཀྱང་མདུན་དུ་བསྐྱོད་པ་ལས་ཐབས་གཞན་མེད་པས། ཁོས་གང་སར་སྒོར་མོ་ཁྲི་400་ལྷག་བསྐྱིས་ནས་སྡོང་འཛུགས་བྱས་པ་རེད། “དཀའ་ངལ་ཆེ་བའི་སྐབས་སུ། ལས་བཟོ་བའི་གླ་ཆ་དང་བུ་ལོན་འཇལ་ཚར་རྗེས་། ལོ་གསར་གྱི་དངུལ་ཡང་ལྷག་མེད་པས་བཟའ་ཟླ་གཉིས་རི་ཁུགས་སུ་བསྡད་ནས་གོར་སྐམ་ཟ་རྒྱུ་ཐབས་གཞན་མེད” ཅེས་བཤད།

དེང་སྐབས་རི་སྟེང་གི་ལྗོན་ཤིང་རིམ་བཞིན་སྐྱེས་བ་དང་ཁམ་སྡོང་ས་མུའུ་1000ལའང་འབྲས་བུ་སྨིན་ཡོད། ལི་ཡུན་ཧྲེང་གིས་སླར་ཡང་ཕྱུགས་ཟོག་100ལྷག་གཉོར་གསོ་བྱས་པ་དང་། ད་ལོར་ཡོང་འབབ་སྒོར་ཁྲི་བདུན་ཅུ་བརྒྱད་ཅུ་ཙམ་ཟིན་གྱི་ཡོད། ལོ་65ལ་སླེབས་པའི་རྒད་པོ་དེའི་ངར་ཤུགས་སྔར་བས་ཆེ་རུ་ཕྱིན།

          ཁོང་གིས་བཤད་རྒྱུར“ད་ལྟ་སྲིད་གཞུང་གིས་ལྕགས་རི་རིང་པོ་སྐོར་བའི་གཞུང་ལམ་སྐྲུན་བཞིན་ཡོད་པས། ལོ་བཅུ་གྲངས་གོང་གི་ངས་ཡུལ་སྐོར་གསར་སྤེལ་བྱ་རྒྱུའི་བསམ་འདུན་དེ་མངོན་འགྱུར་བྱེད་ཐུབ་ངེས་རེད”ཅེས་བཤད།

ལྗང་མདོག་གིས་ཡིའུ་ཡོས་བ་ཚོར་གསོན་ལམ་དང་ཐབས་ལམ་མཁོ་འདོན་བྱས་པས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འགྲེལ་བཤད་བརྒྱབ་ཡོད།

          ཡིའུ་ཡོས་ཀྱི་ས་འོག་ཏུ་རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར་34ཟིན་གྱི་ཡོད་མོད། འོན་ཀྱང་ཡིའུ་ཡོས་བས་ཐོག་མཐའ་བར་གསུམ་དུ་དེ་ས་འོག་ཏུ་སྦས་རྒྱུ་མཐའ་འཁྱོངས་བྱས་ནས་ཡོང་འབབ་གཙང་མ་མིན་པའིGDPམི་དགོས་པར་ལྗང་མདོག་གི་ཐོན་སྐྱེད་ནུས་ཤུགས་ཀྱིས་མི་རྣམས་ཀྱི་འདོད་བློ་ཚིམ་པའི་ལས་གཞི་རེ་རེ་བསྐྲུན།

           ཡིའུ་ཡོས་2018ལོར་ཞིང་ཆེན་ཡོངས་ཀྱི་སྔོན་དུ་དབུལ་ཐར་བྱས་ཟིན་པ་དང་། 2019ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་བརྒྱ་ཆའི་10ཙམ་ཟིན་ཞིང་། 2020ལོར་པྲོག་དབྱིབས་ནད་དུག་གསར་བའི་གནོད་པའི་འོག་གཏན་འཇགས་དཔལ་འབྱོར་སྔར་བཞིན་བརྒྱ་ཆའི་10ཡན་འཕར་བཞིན་ཡོད་པ་རེད།

        དགུན་དུས་སུ།  གཡུར་ཟའི་མཚེར་སིལ་གྱི་འབྲས་བུ་མང་པོ་ཉི་འོད་འོག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད་ལ། ལུས་ཧྲིལ་པོར་ཚེར་མ་ཟུག་པའི་སྡོང་ཕྲན་དེ་རིགས་ནི་རླུང་འགོག་བྱེ་འཇགས་ཀྱི་ཤིང་རིགས་ཡག་པོ་ཞིག་ཡིན་པ་དང་། ད་སྐབས་ཡིའུ་ཡོས་རི་ངོགས་སུ་གང་སར་ཁྱབ་ཡོད་ཅིང་། ངོ་མཚར་ཆེ་བའི་ས་གཞི་དེར་སླར“གསོན་ཉམས་དོད་པའི་འཕོ་འགྱུར”ཞིག་མངོན་བྱུང་།

ཡིའུ་ཡོས་སྙིང་སྟོབས་ཀྱི་རྒྱ་བསྐྱེད་ནུས་པ།

འདི་ནི་2020ལོའི་ཟླ7ཚེས21ཉིན་པར་བླངས་བའི་ཧྲན་ཞི་ཞིང་ཆེན་ཡིའུ་ཡོས་རྫོང་མཱ་ཡུན་ཧི་སྡེ་བའི་ཉེ་འགྲམ་གྱི་ཡུལ་ལྗོངས་རེད(མི་མེད་གནམ་གྲུས་འདྲ་པར)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའོ་དབྱང་གིས་པར་བླངས།

སྡེ་མི་ལིས་ཡུན་ཧྲང་གིས་བ་མོ་ལ་གཟན་རྩྭ་སྟེར་བའི་རྣམ་པ(2020ལོའི་ཟླ12ཚེས29ཉིན་པར་བླངས)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའོ་དབྱང་གིས་པར་བླངས།

      ཡིའུ་ཡོས། མིག་སྔར་རྒྱལ་ཁ་ཐོབ་ཡོད་ལ། མ་འོངས་བར་དེ་བས་ཀྱང་ངོ།།

       གནས་སྤོས་སྡེ་གསར་ཁང་ཕིང་སྡེ་བའི་ཁྱིམ་ཚང་དག་གྲལ་དག་པའི་སྒོ་ནས་བསྒྲིགས་ཡོད་ལ།  ཆུ་དང་གློག དྲ་བ། དྲོད་རླངས་བཅས་འཛོམས།  དྲོད་ཁང་ཆེན་མོའི་ནང་དུ་འབྲུ་ཏ་དང་འུ་སུ། རྡོ་ཀུབ། ཀྲོ་མ་ཀྲུ་སོགས་ཀྱི་སྔོ་ཚལ་ཧ་ཅང་མང་པོ་སྐྱེས་འདུག

“རྒྱལ་ཁབ་རིམ་པའི་ནགས་ཚལ་སྡེ་བ་”ཞིག་ལ་མཚོན་ན། ས་འདིའི་སྡེ་མིས་སྐྱེ་ཁམས་ལྟ་སྐོར་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། ཡིའུ་ཡོས་ནི་དབུལ་ཐར་བྱས་རྗེས་ཀྱི་ཞིང་སྡེ་གསར་བའི་བདེ་སྐྱིད་འཚོ་བའི་བསྡུས་གཟུགས་ཤིག་ཡིན་པ་རེད།

མེ་ཏོག་དྲི་ལྡན་རྒྱང་རིང་ཡང་།། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།།

        དེང་སྐབས་ཡིའུ་ཡོས་ཀྱི་མཚན་སྙན་ས་ཕྱོགས་ཀུན་ཏུ་ཁྱབ་ཡོད་པས། ཕྱི་ནས་ཚོང་གཉེར་ཚོགས་འདུ་བསྡུས་ན། དེ་རུ་ཞུགས་མཁན་ཧ་ཅང་མང་།ཞེས་ཡིའུ་ཡོས་རྫོང་ཚོང་དོན་ཅུའུ་ཡི་ཅུའུ་ཀྲང་ལི་གོ་པིང་གིས་བཤད། 2017ལོ་ནས་བཟུང་ཡུལ་གཞན་གྱི་ཚོང་པ་ཟམ་མི་ཆད་པར་རྟོག་ཞིབ་བྱེད་དུ་ཡོང་ལ་། གསར་དར་རྣམ་གྲངས་བཅུ་ལྷག་སྔ་རྗེས་སུ་ཡིའུ་ཡོས་སུ་ལས་རྒྱུ་ཐག་བཅད།

        མ་དངུལ་སྒོར་དུང་ཕྱུར་4ལྷག་ཙམ་བཏང་ཡོད་པའི་རྒྱལ་ཁབ་རིམ་པའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་དབྱར་སྦྱོང་རྟེན་གཞིའི་ཐོག་མ་ཆགས་ཤིང་། མུའུ་420ཡོད་པའི་གནས་འདིར། ཚད་ལྡན་རྐང་རྩེད་སྤོ་ལོའི་ར་བ22བསྐྲུན་རྒྱུ་རེད།འདི་གའི་ཁོར་ཡུག་བཟང་ལ་མཁའ་དབུགས་ཀྱང་དྭངས་ཤིང་གཙང་ཞེས་རྟེན་གཞིའི་འགན་འཁུར་བ་ཝང་ཏུང་ཝུའེ་ཡིས་བཤད་རྒྱུར། ཁོས་གྲོང་ཁྱེར་མང་པོར་རྟོག་ཞིབ་བྱས་མྱོང་ལ།  ཐུན་མོང་མ་ཡིན་པའི་སྣོད་བཅུད་དང་རྩོལ་བྱུང་གི་ལེགས་ཆར་གཞིགས་མཐར་ཁོང་གིས་ཡིའུ་ཡོས་བདམས་པ་རེད།

སྔོན་ཆད་གཞན་ཡུལ་འགྲིམས་པའི་ཡིའུ་ཡོས་བ་ད་སྐབས་ཕྱིར་ཕ་ཡུལ་དུ་ལོག་ཡོད།

          ལོ་བཅུའི་གོང་དུ་ཐའེ་ཡོན་དུ་གློག་ཀླད་བཙོང་བའི་ཚོང་བ་ཀྲང་ཧུང་ཞང་གིས་མ་དངུལ་ཁྱེར་ནས་ལུག་ཉོས་ཏེ་ཕ་ཡུལ་དུ་ལུག་འཚོ་སྐྱོང་བྱས། ལུག་རྫི་རྒན་པ་ཚོ་དང་མི་འདྲ་བར། ཁོ་གློག་ཀླད་ཀྱི་མདུན་དུ་བསྡད་ནས་ལུག་འཚོ་སྐྱོང་བྱེད་བཞིན་ཡོད་པས། དེང་རབས་ཀྱི་ལུག་འཚོ་སྟངས་གསར་བ་ཞིག་མངོན་འགྱུར་བྱས།

          ཀྲུང་ཏ་ཚན་རྩལ་དང་། ཡུང་ཁྲངLED  ལྗང་མདོག་གི་ཡུལ་གྲུ་སོགས་ལྗང་མདོག་ཚན་རྩལ་ཁེ་ལས་དེ་དག་གི་ནང་དུ་ན་གཞོན་གྱི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད་པ་དང་མཐའ་འཁོར་གྱི་རྫོང་དང་ཁུལ་གྱི་མི་རེ་འགའ་ཐ་ན་ཁྱིམ་ཡང་སྤོས་ནས་ཡོང་ཡོད། ཡིའུ་ཡོས་རྫོང་ནི་འབྱུང་འགྱུར་ཡུལ་སྐོར་གྱི་གནས་མཆོག་དང་། ཁམས་གསོའི་ཞིང་གནས ། མ་དངུལ་གཏོང་སའི་ས་མཐོ་བཅས་ཡིན་ལ་སྙིང་སྟོབས་ཀྱི་ཕྱུག་པའི་ཡུལ་གྲུ་ཞིག་དེ་བས་ཀྱང་ཡིན།ཅེས་ཀྲང་ཀྲེན་ཧའེ་ཡིས་བཤད།

           ཡིའུ་ཡོས་བ་ཚོས་ལྗང་མདོག་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་བཏང་བ་དང་། དཔའ་ངར་དང་བློ་རྩ་བརྟན་པོ། སྒེར་སེམས་མེད་པའི་སྒོ་ནས“ཡིའུ་ཡོས་སྙིང་སྟོབས”ཀྱི་མེ་ཏོག་རྣམ་པར་བཞད་དུ་བཅུག

          “ཡིའུ་ཡོས་ཀྱི་སྙིང་སྟོབས”ལས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་དཀའ་སྤྱད་འབད་འཐབ་བྱེད་པ། ཡུན་རིང་ཕན་འབྲས་གཉེར་པ་བཅས་མཚོན་ཡོད།

དེ་ནི་ཡིའུ་ཡོས་ཀྱིས་སྣོད་བཅུད་ངོ་མཚར་བསྐྲུན་པའི“གསང་གྲངས”ཡིན་ལ། གུང་ཁྲན་ཏང་མིས་ཐོག་མའི་སེམས་འདུན་མ་བརྗེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཀྱང་རེད། 

        ཡིའུ་ཡོས་སུ་སྐྱོད་སྐབས་གྲལ་སྒྲིག་པའི་ལྗང་མདོག་གི་སྡོང་བོ་དག་ནི་རི་མོ་ཞིག་དང་མཚུངས་ལ། ཡིའུ་ཡོས་སྙིང་སྟོབས་འགྲེམས་སྟོན་ཁང་དང་། ལྗང་བསྒྱུར་རྡོ་རིང། གསོམ་སྡོང་གླིང་། ཚང་ཐོའུ་གཙང་པོ་སོགས་ཀྱིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་མི་རྣམས་ཀྱི་ཡིད་དབང་ལྠང་མདོག་གི་ཡུལ་གྲུ་འདིས་ཅིག་ཅར་འཕྲོག་པ་དང་སྙིང་སྟོབས་འདི་ཡིས་ཁོ་ཚོར་བློ་སྤོབས་བསྐྱེད་དུ་བཅུག 

ཐོག་མའི་ལྗང་བསྒྱུར་ནས་ད་ལྟའི་ཕྱུག་བསྒྱུར་བར་གྱི་ལོ་ངོ་70ལྷག་གི་ལྗང་བསྒྱུར་ལོ་རྒྱུས་བརྒྱུད་མྱོང་ལ། ད་ལྟའང་ཡིའུ་ཡོས་ཀྱིས་བདེ་སྐྱིད་ལྡན་པའི་དཔྱིད་དཔལ་གསར་བ་ཞིག་གི་མགོ་རྩོམ་བཞིན་ཡོད།

                                                                                                                    རྩོམ་སྒྲིག་འགན་འཁུར་བ། ལའོ་དབྱང་།