དུས་རབས་གསར་བའི་ནང་ཀྲུང་གོ་གུང་ཏང་གིས་ཕྱི་རྒྱལ་གྱི་སྲིད་ཏང་ཁག་ལ་གྲོགས་པོ་ཇི་ལྟར་བསྒྲིགས་པ་ཡིན་ནམ།
2021.01.31 ཁུངས། ཀློག་གྲངས། 84

ཀྲུང་གོ་གུང་ཁྲན་ཏང་ནི་འཛམ་གླིང་གི་ཆེས་ཆེ་བའི་སྲིད་ཏང་དེ་ཡིན་ལ།  མིའི་རིགས་ཀྱི་སླད་དུ་བྱས་རྗེས་གང་ལེགས་འཇོག་རྒྱུ་ནི་ཀྲུང་གོ་གུང་ཁྲན་གིས་ལྷོད་མེད་ངང་འབད་བཞིན་པའི་བླ་མེད་ཀྱི་ཕུགས་འདུན་དེ་ཡིན།

དུས་རབས་གསར་བའི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ཕྱི་རྒྱལ་གྱི་སྲིད་ཏང་ཁག་ལ་གྲོགས་པོ་ཇི་ལྟར་བསྒྲིགས་པ་ཡིན་ནམ་ཞེ་ན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱ་བ་སྒྲུབ་སྟངས་ལ་གཟིགས་པར་བྱ།


བརྩེ་བས་ཁེངས་པའི་གཏམ་རྒྱུད་རེ་རེས་མི་སེམས་ལ་དྲོད་ཁོལ་སྦྱིན།


ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིག་ཝེ་པིན་གྱིས་པར་བླངས།


2015ལོའི་ཟླ6པའི་ཚེས11ཉིན། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་མིང་ཐོག་ནས། པེ་ཅིང་དུ་ཨཱང་ཧྲན་སུའུ་ཅི་ཡིས་དབུ་ཁྲིད་པའི་འབར་མའི་དམངས་གཙོ་མཉམ་འབྲེལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ལས་སྟངས་ཆུང་ངུ་ཙམ་གྱིས་ཐེངས་དང་པོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨཱང་ཧྲན་སུའུ་ཅི་སེམས་འགུལ་ཐེབས་སུ་བཅུག། མཇལ་འཕྲད་གནང་ས་མི་དམངས་འཐུས་མི་ཚོགས་ཁང་གི་ཧྥུའུ་ཅན་ཚོམས་ཆེན་དུ་བཀོད་སྒྲིག་བྱས་པ་དང་། ཧྥུའུ་ཅན་ནི་མོའི་ཨ་ཕ་སྟེ་དམག་སྤྱི་ཨཱང་ཧྲན་ཕེབས་མྱོང་སའི་གནས་ཡིན།

བགྲོ་གླེང་གི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨཱང་ཧྲན་སུའུ་ཅི་ལ“ད་ཐེངས་ཀྱི་རྒྱལ་དོན་འཚམས་འདྲི་འདི་བརྒྱུད་ནས། ཁྱེད་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱས་ལོན་ཟབ་མོ་བྱ་ཐུབ་ཅིང་། འདིས་ང་ཚོའི་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་འགྲོ་བར་ཕན་ཐོགས་པ་དང་རྒྱལ་ཁབ་གཉིས་བར་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ”ཅེས་བསྟན།


གཏམ་རྒྱུད་འདི་དག་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད།

ཁྲའོ་ཞན་གྱི་འགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་ལྷན་དུ་མཚོ་འགྲམ་ན་འཆམ་འཆམ་ལ་འགྲོ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞའེ་ཧུན་ཁྲེས་པར་བླངས།


ཡོ་ནན་གུང་ཁྲན་ཏང་གི་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ལྷན་དུ་གསོལ་ཇ་ལ་བཞེས་བཞིན་བགྲོ་གླེང”བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅིའུ་ཕིན་གྱིས་པར་བླངས།


ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་པིན་དབྱང་དང་ལྷན་དུ“ལོ་འཁོར་གྱི་མཇལ་འཕྲད་གླེང་མོལ”གནང་བཞིན་པ།

ཞིན་ཧྭ་གསར་འགྱུར་གི་གསར་འགོད་པ་ཝང་ཡེས་པར་བླངས།


ཁུ་པ་གུང་ཁྲན་ཏང་གི་ཀྲུང་དབྱང་ཧྲུའུ་ཅི་དང་པོ་ལའོ་ཨར་ཁཱ་སི་ཐྲི་ལའོ་ལ་མཛའ་མཐུན་གྱི་གཟེངས་རྟགས་གནང་བཞིན་པ།

པར་འདི་ནི2019ལོའི་ཟླ9པའི་ཚེས29ཉིན། ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་གི་ཀྲུང་དབྱང་ཧྲུའུ་ཅི་དང་པོ་ལའོ་ཨར་ཁཱ་སི་ཐྲི་ལའོ་ལ་མཛའ་མཐུན་གྱི་གཟེངས་རྟགས་གནང་པའི་རྣམ་པ་ཡིན་ལ། སྐབས་དེར་ཀྲུང་གོར་སྡོད་པའི་ཁུ་པའི་གཞུང་ཚབ་པ་ཆེན་མོ་ལཱ་མིས་ལེ་སིས་ཚབ་བྱས་ནས་གཟེངས་རྟགས་བླངས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཡེ་པར་བླངས།


ཕྱོགས་རིས་མེད་པའི་འབྲེལ་ལམ་གྱི་རྣམ་པ་ནི། ཀུན་གྱིས་བསྔགས་ཡུལ་དུ་གྱུར་བའི་འབྲེལ་ལམ་མ་དཔེ་རེ་རེ་གྱུར།


ཚོགས་ཆེན་འདིར་རྒྱལ་ཁབ་མང་པོའི་དབུ་ཁྲིད་པ་སྤྲིན་གྱི་ཚོགས་ཀྱི་འཁོར་ཡོད།

2017ལོའི་ཟླ12པའི་ཚེས1ཉིན། པེ་ཅིང་གི་མི་དམངས་འཐུས་མི་ཚོགས་ཁང་ཆེན་མོར།

ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་མི་སྣ་བར་དུ་་གླེང་མོལ་བྱེད་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོ་གནས་འདིར་སྤེལ།

ཀྲུང་གོ་གུང་ཁྲན་ཏང་གིས“འཛམ་གླིང་ཡོངས་ཀྱི་སྲིད་ཏང་གི་མཐོ་རིམ་མི་སྣ་དག་གདན་ཞུ་བྱས་ནས་ལྷན་དུ་ཚོགས་འདུ་བསྡུས་པ”དང་དབུ་ཁྲིད་པ་མང་པོ་སྤྲིན་གྱི་ཚོགས་བཞིན་འཁོར་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་རའོ་ཨེ་མིན་གྱིས་པར་བླངས།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏིན་ལིན་གྱིས་པར་བླངས།


“ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་གི་གྲོགས་པོ་དག་ལ་འབྲེལ་ལམ་འཛུགས་པའི་སེམས་འདུན་ཆེ།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་གནད་ཀྱི་གཏམ་བཤད་གནང་ཞིང་། རྒྱལ་ཁབ120ལྷག་ནས་སླེབས་པའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས300ལྷག་གི་དབུ་ཁྲིད་མི་སྣས་རྣ་བ་གླགས་ཏེ་སེམས་ཀྱིས་ཉན།


བརྩམས་ཆོས་འདིར་མོས་མཁན་བགྲང་ལས་འདས།

སྲིད་ཏང་ཞིག་ལ་རྒྱུས་ལོན་བྱ་འདོད་ན། ཐོག་མར་སྲིད་ཏང་དེའི་དབུ་ཁྲིད་པའི་དགོངས་པར་རྒྱུས་ལོན་བྱ་དགོས།

འཛམ་གླིང་གི་སྲིད་ཏང་མང་པོའི་དབུ་ཁྲིད་པའི་མདུན་ཅོག་སྟེང་དུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་པ》ཞེས་པའི་གསུང་རྩོམ་བཞག་འདུག

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་ཐའོ་ཡིས་པར་བླངས།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལའོ་མན་གྱིས་པར་བླངས།


2014ལོ་ནས་ད་ལྟའི་བར་དུ།  《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་པ》ཞེས་པ་འཛམ་གླིང་ནས་སྐད་རིགས་དང་དང་པར་གཞི་མི་འདྲ་བ་བཅུ་ལྷག་པར་དུ་བསྐྲུན་ཏེ། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ160ལྷག་ལ་ཁྱབ་པར་བྱས་པ་དང་། དཔེ་དེབ་བྱེ་བ་ལྷག་འགྲེམ་ཚོང་བྱས།

དུས་དེ་རིང་། འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་བགྲོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་བགྲོད་ལམ་དུ། ཀྲུང་གོ་གུང་ཁྲན་ཏང་ལ་ཤེས་རྟོགས་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན། མཉམ་དུ་སྐྱོད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན།