མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་དོན་དངོས་སྒྲུབ་ཏེ་ལས་བཟོ་བའི་དཀའ་གནད་ཐག་གཅོད་བྱས།
2021.08.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

 ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་པ་དང་། དམིགས་འབེན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས། མང་ཚོགས་ཀྱི་དོ་ཁུར་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དོན་དངོས་སྒྲུབ་ཏེ་ལས་བཟོ་བ་དང་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བྱས་པ་དང་།  སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་བཟོ་བར་ཞབས་འདེགས་ཞུ་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བར་འབད་བརྩོན་བྱས་ནས། ལས་བཟོ་བ་དང་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་།  སྐྱིད་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་དེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས།  ཕྱོགས10ཡི་ཐད་ཀྱི་རྣམ་གྲངས20གཙོ་གནད་དུ་བཟུང་ནས་ལས་བཟོ་པ་དང་མང་ཚོགས་ལ་དངོས་དོན་སྒྲུབ་པའི་ནང་དོན་གཏན་འཁེལ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ཁོངས་གཏོགས་ལས་ཁུངས་ཀྱི་ལས་བྱེད་པས་གཞི་རིམ་དུ་བཅའ་སྡོད་ཞིབ་འཇུག་གི་བྱེད་སྒོ་དང་། ཁེ་ལས་སུ་སྐྱོད་པ་དང་གྲོགས་སྒྲིག་པ། དཀའ་གནད་སེལ་བ་བཅས་ཁེ་ལས་སུ་ཞུགས་པའི་ཞབས་ཞུའི་བྱེད་སྒོ། བཟོ་ཚོགས་ཁྱིམ་ཚང་ཁྲི་ལ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱེད་སྒོ་སོགས་བྱེད་སྒོ་ཁག་གསུམ་གྱི་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། དོན་དངོས་སྒྲུབ་པའི་བྱེད་སྒོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བཀོད་སྒྲིག་བྱེད་པ་དང་། ལས་སྒོའི་ལས་ཀ་བཀོད་སྒྲིག་བྱེད་པ། ལས་ཀ་གཙོ་བོ་བཅས་དང་མཉམ་དུ་སྐུལ་སྤེལ་བྱས་ཏེ། ལས་བཟོ་པར་ཞབས་འདེགས་ཞུ་བ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བ། ཁེ་ལས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་རྒྱུན་མཐུད་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་གཙོ་རྐང་དུ་བྱས་ནས།  ཀྲུང་གོའི་ཕུགས་འདུན་དང་ངལ་རྩོལ་མཛེས་པ་དེ་དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས་བ་དང་རྒྱང་སྐྱོད་ལམ་བུ་གསར་བར་མདུན་སྐྱོད་བྱེད་པའི་བརྗོད་དོན་གཙོ་ བོར་བྱས་ཏེ། ཏང་གི་ལོ་རྒྱུས་གཙོ་གནད་ཡིན་པའི་ལོ་རྒྱུས་བཞིའི་དྲིལ་བསྒྲགས་སློབ་གསོ་ཏན་ཏིག་ངང་སྤེལ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་དྲ་ཚུགས་དང་སྐད་འཕྲིན་སྤྱི་རྟགས་སུ་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་ཚན་ཞེས་པའི་ཆེད་སྒྲིག་ལེ་ཚན་བཙུགས་ཏེ། ཏང་གི་སློབ་ཚན་འཁྲིད་རྒྱུ་དེ་ཏང་ཡོན་ལས་བྱེད་པར་སྐུལ་མ་གཏོང་བ་དང་། ལས་བཟོ་བ་དང་མང་ཚོགས་ལ་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། ཞིང་ཆེན་ཡོངས་སུ་ངལ་རྩོལ་དཔེ་བཟང་གི་སློབ་ཁང་དང་།  བཟོ་བོའི་གླེང་སྟེགས།  ལས་བཟོ་བའི་ཀུན་སྤྱོད་སློབ་ཁང་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། ངལ་རྩོལ་དཔེ་ལེགས་ཅན་དང་། ཡར་བརྩོན་གྱི་གཞོན་ནུ་བཟང་བོ།  ཕུལ་བྱུང་དང་བླངས་པ། འཐབ་ཕྱོགས་དང་པོའི་ཕུལ་བྱུང་ལས་བཟོ་བའི་འཐུས་མི་བཅས་སྒྲིག་འཛུགས་བྱས་ཏེ་ལས་ཁུངས་དང་སྡོད་ཁུལ། ཁེ་ལས། སློབ་གྲྭ་བཅས་སུ་བསྐྱོད་ནས་བསྐོར་སྐྱོད་དྲིལ་བསྒྲགས་བྱ་འགུལ་སྤེལ།

སྐྱེལ་བ་དྲུག་གི་བྱེད་སྒོ་གཙོ་གནད་དུ་བཟུང་ནས་ལས་བཟོ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བསམ་པའི་སྦྲེལ་ཐག་བསྐྲུན། ཤུགས་ཆེན་པོས་གཞི་རིམ་གྱི་སྐོར་སྐྱོད་གསོ་སྦྱོང་བྱེད་སྒོ་སྤེལ་ཏེ། གཞི་རིམ་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས56གཉེར་བ་དང་། རིག་གནས་ཁེ་ལས་སུ་སྐྱེལ་བའི་བྱེད་སྒོ་ཐེངས7སྤེལ།  མཚོ་སྔོན་གྱི་ཁྲིམས་ཁང་དང་བཟོ་ཚོགས་ཟུང་འབྲེལ་གྱི་སྣ་མང་ཅན་གྱི་ངལ་རྩོལ་རྩོད་གཞི་སེལ་བའི་ལས་དོན་སྤེལ་བ་དང་། ངལ་རྩོལ་རྩོད་གཞི་སྣ་ཚོགས་སྔོན་འགོག་དང་འདུམ་འགྲིག་ཐག་གཅོད་བྱེད་པའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་སྟེ།  ཁེ་ལས་འབྲིང་ཆུང30བདམས་ནས་ཁེ་ལས་ཀྱི་ངལ་རྩོལ་ལས་མི་བཀོལ་སྤྱོད་ཀྱི་བཅའ་ཁྲིམས་ཀྱི་ལུས་པོར་བརྟག་དཔྱད་བྱེད་པའི་བྱེད་སྒོ་སྤེལ་བ་དང་། བཅའ་ཁྲིམས་ཁེ་ལས་སུ་ཁྱབ་གདལ་གཏོང་བ་དང་བཅའ་ཁྲིམས་ཀྱི་འཆད་ཁྲིད་ཆེ་མོ་ཁེ་ལས་སུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཐེངས100སྒྲིག་འཛུགས་བྱས་ཤིང་། མཚོ་སྔོན་ནུས་ཁུངས་ཡུས་ཁ་ཚད་ཡོད་འགན་འཁྲི་ཀུང་སིས་ལས་བཟོ་བ2000ལ་ལས་རིགས་བདེ་ཐང་བརྟག་དཔྱད་དང་། བདེ་ཐང་བློ་འདྲི། བདེ་ཐང་དྲིལ་བསྒྲགས་སློབ་གསོ་བཅས་ཀྱི་བྱེད་སྒོ་སྤེལ། ཚ་གདུག་འགོག་པ་དང་བདེ་འཇགས་ངང་ཐོན་སྐྱེད་བྱེད་པ་དང་ཟུང་འབྲེལ་བྱས་ནས་ལས་ཁུངས་དང་། ཁེ་ལས། ཕྱི་རོལ་གྱི་དྲོད་ཚད་མཐོ་བའི་ལས་ཡུལ་དང་། སྤྱི་སྤྱོད་རླངས་འཁོར་ཀུང་སི། ཁོར་ཡུག་གཙང་སྦྲའི་ལས་བཟོ་བའི་ངལ་གསོ་ས་ཚིགས་བཅས་སུ་བསྐྱོད་ནས་ཡུལ་དངོས་ཀྱི་ལས་བཟོ་བར་འཚམས་འདྲི་བྱས། ཧུར་ཐག་གིས་སྲིད་ཇུས་དང་བྱེད་ཐབས་འགྲེལ་སྤེལ་བྱས་ཏེ།  ནུས་ཤུགས་ཡོད་རྒུས་ཁེ་ལས་ཆུང་གྲས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས།

དུས་རབས་གསར་པའི་ལས་བཟོ་པའི་བསམ་བློའི་ཁྲིད་སྟོན་དང་ཐོན་ལས་བཟོ་པའི་དཔུང་ཁག་གི་བྱང་ཚད་མཐོར་འདེགས། དཀའ་ཁག་ཡོད་པའི་ལས་བཟོ་པ་དཀའ་ཁག་ལས་ཐར་བ།  ངལ་རྩོལ་གྱི་རྩོད་གཞི་སྣ་མང་འདུམ་གཅོད་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་དོན་ལ་དམིགས་ཏེ།  རྟོག་ཞིབ་ཚན་ཆུང16བཙུགས་ནས《 བཅོས་སྒྱུར་གསར་གཏོད་ཀྱིས་སྣེ་ཁྲིད་དེ་མཚོ་སྔོན་བཅོས་སྐྱོང་དང་སྲིད་འཛིན་གྱི་ཁྱོན་ཡོངས་ལ་ཞིབ་འཇུག་བྱེད་པ》ཞེས་པ་དང་།《དུས་རབས་གསར་པའི་ལས་བཟོ་བའི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པའི་བསམ་གཞིགས》སོགས་གཙོ་གནད་ཞིབ་འཇུག་ཁག16སྤེལ་ནས། ལས་བཟོ་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཟང་བོ་བྱས། 《ཁེ་ལས་སུ་སྐྱོད་པ་དང  གྲོགས་སྒྲིག་པ། དཀའ་ཁག་སེལ་བ་བཅས་ཀྱི་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་ཐོ》བཏང་བ་དང་།  ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཏང་གི་སྤྱི་ཁྱབ་ཀྲི་པུའུ2དང་ཏང་ཀྲི་པུའུ16གི་ཏང་ཡོན་ལས་བྱེད་པ100ཙམ་ཁེ་ལས་དང་ལས་བཟོ་པ། ལས་ཁུངས་དང་ཁེ་ལས་ལས་དོན་བཅས་སྡེ་ཚན457ལ་སོང་ནས། ལས་བཟོ་བ་དང་མང་ཚོགས་ཁྲི2ལྷག་ཙམ་ལ་འཚམས་འདྲི་བྱས། གཞི་རིམ་བཟོ་ཚོགས་དང་ལས་བཟོ་པར་དོན་དངོས་བཅུ་སྒྲུབ་པ་དང་། གཙོ་གནད་བཟོ་སྐྲུན་དང་གཙོ་གནད་ལས་གཞི་ཁག་ཅིག་ལག་བསྟར་བྱས་ཏེ། གཞི་རིམ་བཟོ་ཚོགས་དང་ལས་བཟོ་པ་མང་ཚོགས་ཁག་ཅིག་གི་སེམས་ཁྲལ་ཆེ་བའི་གནད་དོན་ཐག་གཅོད་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཐད་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་། ཟིལ་ཤུགས་ལྡན་པ། ཕན་འབྲས་དངོས་ཐོན་པར་འགན་ལེན་ནུས་ལྡན་བྱས་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།