ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས“ངས་མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུ་”དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་དམིགས་པ་དང་། མངོན་གསལ་དོད་པའི་གནད་དོན་དམ་འཛིན་བྱེད་པ། དམངས་ལ་ཞབས་འདེགས་ཞུ་བའི་རྩིས་ཐོ་བཟོ་བ། དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུ་དྲ་ཐོག་ནས་སྒྲུབ་པ་དང་། ལག་ཐོག་ནས་སྒྲུབ་པ། མཉམ་བསྲེས་ཀྱིས་སྒྲུབ་པ། མཐོ་ཟློས་དོན་ཚན་མྱུར་སྒྲུབ་བཅས་ལ་སྐུལ་འདེད་གཏོང་བ། སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་དཀའ་ཁག་དང་སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བཅས་བྱས་ནས། མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། ཞབས་ཞུའི་ཞིབ་ཐོ་བཟོས་ནས་མང་ཚོགས་ལ་དོན་དངོས་སྒྲུབ་རྒྱུ་གཏིང་ཟབ་ཏུ་སྐུལ་འདེད་བཏང་།
སྐོར་གཅིག་ཅན་བཞི་ཡི་གཙོ་གནད་ལས་འགན་ལ་དམིགས་ཏེ། ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་གཙོ་གནད་ལས་གཞི་ཉི་ཤུ་ཞིབ་འཇུག་དང་གཏན་འབེབས་བྱས་པ་མ་ཟད་རྩ་འཛུགས་ལག་བསྟར་ཀྱང་བྱས་ཡོད། མིག་སྔར་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་དང་ལས་ཤོར་ཉེན་ཚབ་ཀྱི་ལས་གནས་ཇེ་བརྟན་དུ་གཏོང་བ་སོགས་སྲིད་ཇུས་ཁག་བཅུ་བཞི་དོན་འཁྱོལ་བྱས་པར་ཕན་འབྲས་ཐོབ་ནས། མང་ཚོགས་དང་ཁེ་ལས་ཀྱིས་དགའ་བསུ་ཆེན་པོ་ཐོབ། དེ་དང་ཆབས་ཅིག་ཏང་ཀྲི་པུའུ་སོ་སོས་བྱ་བ་དངོས་དང་ཟུང་འབྲེལ་བྱས་ནས། ཏང་ཀྲི་པུའུ་ཡིས་ཁས་ལེན་ལག་ལེན་གྱི་དོན་ཚན་སོ་བཞི་གཏན་འཁེལ་དང་འཐུས་ཚང་དུ་བཏང་ཞིང་། རང་གི་ལས་གནས་རང་གིས་འགན་འཁུར་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས། གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་། དེ་དང་ཆབས་ཅིག དྲ་རྒྱ་དང་། 12333བློ་འདྲིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་ཀྱི་ཐབས་ལམ་སྣ་མང་བརྒྱུད་དེ། ཕྱོགས་མང་པོ་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་རེ་ཞུ་བསྡུ་ལེན་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་དཀའ་ཁག་དང་སེམས་ཁྲལ། རེ་སྒུག་བཅས་འཚོལ་ཞིབ་བྱས་པ་མ་ཟད། མང་ཚོགས་ཀྱི་བདེ་སྡུག་གསལ་ཐོ་བཟོ་བ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས། མིག་སྔའི་བར་མང་ཚོགས་ཀྱི་རེ་ཞུ་སྣ་ཚོགས800ལྷག་ཐག་གཅོད་བྱས་པ་དང་ཐག་གཅོད་བྱས་ཚད100%ཟིན་ཡོད་པ་རེད།
བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་ཐད་བྱ་བ་དངོས་བསྒྲུབ་པར་ཤུགས་སྣོན་བྱས། 《ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ལས་བྱེད་པའི་བྱ་བའི་ལག་བསྟར་ཇུས་གཞི》དང《མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་མྱུར་སྒྲུབ་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་རྒྱུའི་བརྡ་ཐོ》པར་འགྲེམས་བྱས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་དྲ་ཐོག་ནས་སྒྲུབ་པ་དང་། ལག་ཐོག་ནས་སྒྲུབ་པ། མཉམ་བསྲེས་ཀྱིས་སྒྲུབ་པ། མཐོ་ཟློས་དོན་ཚན་མྱུར་སྒྲུབ་བཅས་ལ་སྐུལ་འདེད་བཏང་། བདེན་དཔང་ཡིག་རིགས101མེད་པར་བཟོས་པ་དང་བདེན་དཔང་ཡིག་རིགས36གི་ཐོག་ནས་ཁས་ལེན་གསལ་བཤད་བྱས་པའི་རྨང་གཞིའི་ཐོག ཞིང་ཆེན་རིམ་པའི་སྲིད་འཛིན་ཆོག་འཐུས་ཁག་6དང་སྤྱི་པའི་ཞབས་ཞུའི་རྣམ་གྲངས147ཚང་མ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གཞི་གཅིག་ཅན་གྱི་སྟེགས་བུའི་ནང་བཅུག་ནས། ཞིང་ཆེན་སྲིད་དོན་ཞབས་ཞུའི་དྲ་བ་དང་ཐིན་གྱི་དྲ་བ་ནས་མཉམ་གཅིག་ཏུ་སྒྲུབ་པ་མངོན་འགྱུར་བྱས། མཚོ་སྔོན་ མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིAppརྒྱུན་ཆད་མེད་པར་ལེགས་བཅོས་དང་ཁྱབ་སྤེལ་བཏང་བས། མང་ཚོགས་ཀྱིས་ལག་འཁྱེར་ཁ་པར་བརྒྱུད་ནས། དོན་དག་སྒྲུབ་པའི་རེ་འདུན་ཞུ་ཆོག་པ་དང་། དོན་དག་སྒྲུབ་རིམ་ལ་བློ་འདྲི་བྱེད་ཆོག་པ་མ་ཟད། མྱུར་ཚད་ལ་ལྟ་ཞིབ་བྱས་ནས་དོན་དག་སྒྲུབ་པར་མཐུན་རྐྱེན་ལེགས་པོ་བསྐྲུན། ལོ་ལོན་ཚོས་རིག་ནུས་ལག་རྩལ་སྤྱོད་པའི་ཐད་ཀྱི་དཀའ་ཁག་ལ་དམིགས་པ་དང་། ཁོ་ཚོས་རྒན་གསོའི་ཐོབ་ཐང་གི་དཔང་འདོན་ར་སྤྲོད་དང་དེའི་གནས་ཚུལ་འདྲི་རྩད་དང་རྒན་གསོའི་མ་དངུལ་འདྲི་རྩད་སོགས་ཀྱི་ལས་སྒོར་དམིགས་ནས། སྤྱི་ཚོགས་འགན་སྲུང་གཉེར་སྒྲུབ་ཁྱབ་ཁོངས་ཀྱི་ཚོད་ལྟའི་དབང་སྤྲོད་ལས་ཚབ་དང་། གཉེན་ཉེས་ཚབ་སྒྲུབ། ཁྱིམ་ཚང་དུ་སོང་ནས་དཔང་འདོན་ར་སྤྲོད་སོགས་ཀྱི་ཞབས་ཞུ་སྤེལ་ཞིང་། དགོས་ངེས་ཀྱི་དྲ་ཕྱིའི་སྣེ་ལེན་སྟེགས་བུ་སོར་འཇོག་དང་ཇེ་མང་དུ་བཏང་ནས་མང་ཚོགས་ཀྱི་དོན་དག་སྒྲུབ་པའི་རྣམ་པ་ལེགས་བཅོས་བྱས། དུས་བཀག་ནང་བསྒྲུབས་པའི་བྱ་བ་དེ་དུས་ཐོག་ཏུ་བསྒྲུབས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལས་ཤོར་ཉེན་ཚབ་མ་དངུལ་རེ་ཞུ་བྱས་ནས་ལེན་པ་དང་ལས་རྨས་གཏན་ཁེལ་རེ་ཞུ་བྱེད་པ་སོགས་ཀྱི་མཐོ་ཟློས་ཞབས་ཞུའི་དོན་ཚན53མྱུར་མོར་སྒྲུབ་པ་མངོན་འགྱུར་བྱས་ནས། དོན་དག་སྒྲུབ་པའི་ལས་ཕྱོད50%ཡན་ཇེ་མཐོར་སོང་ཡོད།
དམངས་ལ་ཞབས་འདེགས་ཞུ་བའི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས། ནུས་ཤུགས་ཡོད་རྒུས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པའི་ཐད་དོན་དངོས་མང་པོ་སྒྲུབ། ལས་ཞུགས་བརྟན་སྲུང་དང་ལས་ཞུགས་འགན་ལེན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་དམ་པོར་དམིགས་པ། ལས་ཞུགས་སྲིད་ཇུས་དོན་འཁྱོལ་དང་ཞབས་ཞུ་དངོས་འབེབས་ཀྱི་བཟོ་འགོད་གཉིས་ལ་སྐུལ་འདེད་བཏང་སྟེ། སློབ་ཆེན་གྱི་སློབ་ཐོན་སློབ་མ་དང་། ཞིང་བ་ཞོར་ལས་པ། ལས་ཞུགས་ཐད་དཀའ་ཁག་ཡོད་པའི་ཚོགས་སྤྱི་སོགས་རིགས་ཁག་གི་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་བཏང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་མཁན་གྱི་ཁྱིམ་ཚང་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཐར་ཁྱིམ་ཚང་། དབང་པོ་སྐྱོན་ཅན། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ཐོབ་པ་སོགས་ཀྱི་ལོ་དེར་མཐར་ཕྱིན་པའི་སློབ་མ་སྟོང་ལྔ་སུམ་བརྒྱ་ང་བཞི་ལ་མི་རེར་ཆ་སྙོམས་ཀྱིས་སྒོར་སྟོང་གཅིག་གི་ཚད་གཞི་ལྟར། ལས་ཞུགས་ལས་སྐྲུན་གྱི་ཁ་གསབ་མ་དངུལ་སྒོར་ས་ཡ་ལྔ་འབུམ་གསུམ་ཁྲི་ལྔ་སྟོང་བཞི་བྱིན་པ་རེད། ཉེན་ཚབ་ཁྲོད་ཞུགས་པའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་རྨང་གཞིར་བྱས་ཏེ་བཅོས་སྒྱུར་ལ་གཅིག་གྱུར་སྐུལ་འདེད་དང་དངོས་འབེབས་འགན་སྲུང་བྱས་ནས། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་། བཅད་གྲངས་ལེགས་སྒྲིག་དང་། འབྲེལ་མཐུད་ལེགས་སྒྲིག་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལས་འཁྱུར་ངལ་གསོའི་མི་སྣ་འབུམ་བཞི་ཁྲི་བརྒྱད་ཀྱི་གཞི་རྩའི་རྒན་གསོ་མ་དངུལ་ཇེ་མཐོར་བཏང་བ་དང་། ཐེངས་བཅུ་གཉིས་ལ་ལེགས་སྒྲིག་བྱས་ནས་ཞིང་ཆེན་གྱི་ལས་རྨས་ཉེན་ཚབ་ཀྱི་ཐོབ་ཐང་ཚད་གཞི་ཇེ་མཐོར་བཏང་བས་མི2223ལ་ཕན་ཐོགས་བྱུང་ཡོད། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བའི་འགན་སྲུང་ལ་ཤུགས་སྣོན་བྱས་ནས། ལས་ཤོར་མི་སྣ6477ལ་ལས་ཤོར་ཉེན་ཚབ་མ་དངུལ་སྒོར་བྱེ་བ་གསུམ་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་གཅིག་ལྷག་དུས་ཐོག་ཏུ་བྱིན་ཡོད། ལས་ཤོར་ཉེན་ཚབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ནས་ལས་ཤོར་མི་སྣ9740ལ་ལས་ཤོར་ཁ་གསབ་རོགས་དངུལ་སྒོར་བྱེ་བ་གསུམ་ས་ཡ་གསུམ་འབུམ་བརྒྱད་སྟོང་དྲུག་དངོས་འབེབས་བྱས་པ་རེད། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། 2021ལོར་ཞིང་ཆེན་ཡོངས་ཀྱི་ལས་དོན་སྡེ་ཁག་གིས་ཡོངས་བསྒྲགས་བྱས་ནས་ལས་བྱེད་མི་སྣ་བསྡུ་ལེན་བྱེད་པར་སྐུལ་འདེད་བཏང་སྟེ། ལས་མི་བསྡུ་ལེན་ལས་རྐང4082ཁྱབ་བསྒྲགས་བྱས་ཤིང་། བསྡུ་ལེན་འཆར་གཞིའི་128% ཡོངས་འགྲུབ་བྱས། ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཕུལ་དུ་བྱུང་བའི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་འདེམས་སྒྲུག་དང་འོས་སྦྱོར་བྱེད་འགོ་བརྩམས། མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ལས་གནས་ཐོབ་ཐང་ལམ་ལུགས་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི་བཏོན་ནས། ལས་ཁུངས784ཡིས་དྲ་ཐོག་ནས་ལས་གནས་ཐོབ་ཐང་ཞིབ་བཤེར་གྱི་ཚོད་ལྟའི་ལས་དོན་སྤེལ་བར་མཛུབ་སྟོན་བྱས། ངལ་རྩོལ་འབྲེལ་བ་འཆམ་མཐུན་མཉམ་སྐྱོད་ཀྱི་ནུས་པ་མཐོར་འདེགས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ། ངལ་རྩོལ་འབྲེལ་བ་བཅོས་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་། ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་འགྱངས་གཏོང་བའི་གནད་དོན་ལ་དམིགས་ནས། གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་རྩད་ཞིབ་དང་། ཁྲིམས་འཛིན་ཞིབ་བཤེར། ཆེད་དོན་ལྟ་ཞིབ། གླ་ཕོགས་ཆད་འགྱངས་ཀྱི་རྩིས་ཐོ་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གླ་ཕོགས་ཆད་འགྱངས་རྩ་བ་ནས་ལེགས་བཅོས་བྱེད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་། ད་ལོའི་ཟླ7པའི་ཟླ་མཇུག་བར་ཞིང་བ་ཞོར་ལས་པ་ཁྲི་གཅིག་སྟོང་གསུམ་སུམ་བརྒྱ་ལ་གླ་ཕོགས་སྒོར་དུང་ཕྱུར་གཅིག་བྱེ་བ་བཞི་ས་ཡ་བདུན་སྤྲད་དེ། ནུས་ཡོད་སྒོས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ལེགས་པོ་བྱས།
གོམ་རིམ་རྗེས་མར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཆེད་དོན་བྱ་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས20དོན་འཁྱོལ་བྱས་ཏེ། དམངས་ལ་དོན་དངོས་སྒྲུབ་པའི་གྲུབ་འབྲས་དངོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་རྒྱུ་རེད།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།