དོན་དངོས་རེ་རེ་ལས་ཐོག་མའི་བསམ་འདུན་མངོན།
2021.12.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 270

 རྨ་ལྷོ་ཁུལ་གྱིས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་སྤེལ་བའི་གནས་ཚུལ།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱེ་བྲག་གི་ལག་ལེན་དུ་བརྩི་བ་དང་།  འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་བྱེད་པ། གཞི་རིམ་གྱི་མཉམ་འགུལ་ལ་ཤུགས་སྣོན་བཅས་བྱས་ནས།    མང་ཚོགས་ཆེས་བྲེལ་བ་དང་དཀའ་བ། སེམས་ཁྲལ་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་།

ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་སྟེ།  གྲོང་གསེབ་དར་སྤེལ་དང་། རིམས་ནད་འགོག་སྲུང་།  སྐྱེ་ཁམས་སྲུང་སྐྱོབ། ཐོན་ལས་འཛུགས་སྐྲུན་སོགས་ཐད་ནས་སེམས་ཤུགས་ཡོད་རྒུས་གཞི་རིམ་གྱི་དཀའ་ཁག་ཐག་གཅོད་དང་མང་ཚོགས་ཀྱི་སེམས་ཁྲལ་སེལ་ནས། ཏང་དང་མང་ཚོགས་བར་ཕན་ཚུན་མཉམ་འདྲེས་དང་ཀུན་སེམས་གཅིག་མཐུན་གྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་བསྐྲུན་ཡོད།

མིག་སྔའི་བར།   མང་ཚོགས་ཆེས་བྲེལ་བ་དང་དཀའ་བ། སེམས་ཁྲལ་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་འབྲས་བཟང་བོ་ཐོབ་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་བྱེད་སྒོ་ཐེངས2650ལྷག་སྤེལ།

རྨ་ལྷོ་ཁུལ་ཏང་ཨུས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  ཁུལ་ཡོངས་ཀྱིས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་སྤེལ་བའི་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས་ནས།  སྤྱིའི་བླང་བྱ་དང་། རྩ་འཛུགས་མགོ་ཁྲིད།  བྱ་བའི་རྩ་དོན་དང་ནང་དོན། གོ་རིམ་བཅས་གསལ་བོར་བཏོན།    རྟོག་ཞིབ་ལེགས་པོ་དང་གནས་ཚུལ་དངོས་ཤེས་རྟོགས་བྱེད་པའི་རྨང་གཞིའི་ཐོག  རྨ་ལྷོའི་དོན་དངོས་དང་མཐུན་པ་དང་མང་ཚོགས་ཀྱི་དགོས་མཁོ་སྐོང་བ།  མང་ཚོགས་ལ་དོན་དངོས་སྒྲུབ་པའི་བྱེ་བྲག་གི་སྲིད་ཇུས་དང་བྱེད་ཐབས། གཙོ་གནད་བཟོ་སྐྲུན། དམངས་ཚིས་ལས་གཞི་བཅས་གཏན་འཁེལ་བྱས་པར་མ་ཟད།  མང་ཚོགས་དང་འབྲེལ་བ་ཡོད་པའི་དཀའ་གནད་སྣ་ཚོགས་ཐག་གཅོད་ལེགས་པོ་བྱས་ནས།  ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་སྤེལ་བར་བྱ་སྤྱོད་ཀྱི་མཛུབ་སྟོན་ནུས་ལྡན་འདོན་སྤྲོད་བྱས།

གཞི་རིམ་མང་ཚོགས་ཁྲོད་བསམ་འཆར་ཆེ་བའི་གནད་དོན་ལ་དམིགས་ནས།  ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིམས་འགོག་སྨན་ཁབ་རྒྱག་པ་དེ་ཡུལ་ཚོ་དང་གྲོང་རྡལ་ཡོངས་ལ་ཁེབས་པའི་གཙོ་གནད་དམངས་ཚིས་ལས་འགན་ཁག34ཡི་གསལ་ཐོ་ལེགས་སྒྲིག་བྱས་པ་དང་།  ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན13གྱིས་མི་རེས་ལྟ་སྐུལ་འོག་དོན་དག་གཉིས་ཡན་སྒྲུབ་པར་ཁས་ལེན་བྱས་ཏེ།  སྔ་རྗེས་སུ་འབྲེལ་གཏུག་བྱ་ཡུལ་ལས་ཁུངས་སུ་ ཟབ་ཞུགས་དང་དོན་དངོས་སྒྲུབ་པའི་ལས་འགན་ལ་ལྟ་སྐུལ། མང་ཚོགས་ལ་འཚམས་འདྲི། དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བཅས་བྱས་ནས། མང་ཚོགས་ལ་དོན་དངོས་སྒྲུབ་རྒྱུ་དེ་དངོས་གནས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས།

འགག་རྩའི་ཉུང་ཤས་ཀྱིས་འགན་འཁྲི་ཕྲག་ཏུ་བླངས་ནས་མདུན་དུ་བསྐྱོད་པ་དང་དཔེ་སྟོན་སྣེ་ཁྲིད་བྱེད་པ།  གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་དང་། དམངས་ཀྱི་བསམ་འཆར་ལ་ཉན་པ། མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་དོན་དག་སྒྲུབ་རོགས་བྱེད་པ། མང་ཚོགས་ལ་དོན་དངོས་སྒྲུབ་པའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནས་བཟུང་། རྨ་ལྷོ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་གྱིས་རང་འགུལ་ངང་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ཀྱི་ཞིབ་བཤེར་བྱ་ཡུལ་དང་། ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་གཡུལ་ས་གཙོ་བོ།  ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་“རྒྱུགས་ར”བཅས་སུ་བརྩིས་ནས།   མང་ཚོགས་ཀྱི་དགོས་མཁོ་ཆེ་བའི་གནས་སུ་ཏང་གི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བར་བྱས།

ཐུན་རིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སྣེ་ཁྲིད་དེ། གྲ་སྒྲིག་གང་ལེགས་བྱས་པའི་རྨང་གཞིའི་ཐོག   “ གཅེས་སེམས་ཞོགས་ཟས”བཟོ་འགོད་དེ་ཟླ11ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཤིང་། གྲོང་ཁྱེར་ཡོངས་ཀྱི་གཙང་སྦྲའི་ལས་བཟོ་བ526ལ་རིན་མེད་ཞོགས་ཟས་མཁོ་འདོན་བྱས་ནས། ངལ་རྩོལ་པའི་བློ་ཡིད་ཚིམ་པའི་དམངས་སེམས་བཟོ་འགོད་ཅིག་ཏུ་འགྱུར་བར་བྱས།  གཞན་ཡང་། རྨ་ལྷོ་ཁུལ་གྱིས དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ་སོགས་ཀྱི་ཁས་ལེན་དམ་བཅའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ།  “སྐོར་གཅིག་ཅན་བཞིའི” གཙོ་གནད་ལས་གཞི57ལེགས་སྒྲིག་བྱས་པ་དང་།  ལས་གཞི47ཡོངས་འགྲུབ་བྱས་ཤིང་། ཡོངས་འགྲུབ་བྱས་ཚད82%ཟིན་ཡོད། ཏང་ཀྲི་པུའུ་ཡིས་དམངས་ལ་དོན་དངོས165དང་ཏང་ཡོན་གྱི་དང་བླངས་ཞབས་ཞུའི་དོན་ཚན637སྒྲུབ་རྒྱུ་ཡོངས་འགྲུབ་བྱས་པ་དང་།  ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་འཁོར་འཆར་གཞིར་མཛུབ་སྟོན་དང་འཐུས་ཚང་དུ་བཏང་ནས། ལས་གཞིའི་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དྲུག་ལྷག་བརྩོན་ལེན་བྱས།      བྱ་བ་གཙོ་བོར་དམིགས་ཏེ་རྨ་ལྷོ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་ཅིག་བཏོན་པ་དང་། དབུལ་ཐར་མཁྲེགས་གཏོར་ལས་དོན་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ཤིང་། གྲོང་ཁྱེར་དང་རྫོང་ཁག་གིས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་གཞིའི་རིགས་པས་ཁུངས་སྐྱེལ་ལ་ཤུགས་སྣོན་བྱེད་པར་སྐུལ་འདེད་དང་མཛུབ་སྟོན་བྱས་ནས་ལས་གཞིའི་མཛོད་བཙུགས།   མང་ཚོགས་ཀྱི་དགོས་མཁོར་དམིགས་ནས། དམངས་ལ་བདེ་སྐྱིད་སྐྲུན་པའི་ལས་གཞི་ཁག་གཅིག་རྩ་འཛུགས་ལག་བསྟར་བྱས་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་བརྒྱད་ས་ཡ་བདུན་དོན་འཁྱོལ་བྱས་པ། ཐོན་ལས་འཕེལ་རྒྱས་དང་། ལས་གནས་བརྟན་སྲུང་།  ལས་ཞུགས་ཐུབ་པ།  སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་།

ཁས་ལེན་ལག་ལེན་གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། རྨ་ལྷོ་ཁུལ་གྱི་ཏང་རྩ་འཛུགས་838ཚང་མར་ཏང་ཡོན་གྱི་གདོང་ལེན་ལས་གནས་དང་འགན་འཁྲིའི་ས་ཁུལ་བཙུགས་པ་དང་། ལས་ཁུངས་དང་སྡེ་ཁག་གི་ཏང་རྩ་འཛུགས་ཀྱིས་སྲིད་ཇུས་སྒྲོག་འགྲེལ་དང་རྩལ་ནུས་གསོ་སྦྱོང་། ངལ་རྩོལ་པ་ཕྱིར་གཏོང་།  ཉེན་ཁ་ཡོད་པ་དང་དཀའ་ཁག་ཅན་ལ་རོགས་སྐྱོར་སོགས་ཀྱི་ཐད་ནས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ། རིག་གནས་དང་སློབ་གསོ། འཕྲོད་བསྟེན་སོགས་ལས་དོན་སྡེ་ཁག་གི་ཏང་རྩ་འཛུགས་ཀྱིས་སློབ་ཞུགས་དང་ལས་ཞུགས། སྨན་བཅོས་སོགས་གཙོ་གནད་དུ་བཟུང་ནས་དམངས་ཚིས་གནད་དོན་ཐག་གཅོད་བྱས། རྒྱལ་དབང་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་སྤུས་ཚད་མཐོ་བའི་ཐོན་རྫས་ཞབས་ཞུ་དང་ལས་བཟོ་པའི་ཁེ་དབང་འགན་སྲུང་། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ་བཅས་ལ་ཕན་འབྲས་དངོས་ཐོབ་པ་གཙོ་གནད་དུ་བཟུང་བ།  སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱིས་སྤུས་ཚད་མཐོ་བའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཐད་དོན་དངོས་སྒྲུབ་པ་གཙོ་གནད་དུ་བཟུང་བ། མཁར་གྲོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྔར་ལས་བདེ་ཐང་དང་སྔར་ལས་བདེ་འཇགས།   སྔར་ལས་ལྗང་མདོག་བཅས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་གཙོ་གནད་དུ་བཟུང་བ།  རོང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བ་དང་།  རོང་འབྲོག་ཁུལ་གྱི་འཚོ་སྡོད་ལ་འཚམ་པ་དང་ལས་ཀར་འཚམ་པ།  རོང་འབྲོག་མང་ཚོགས་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་གཙོ་གནད་དུ་བཟུང་བར་མ་ཟད།  སྡེ་བའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་སྡེ་སྡོད་ལས་བྱེད་རུ་ཁག་ལ་བརྟེན་ནས་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱས་ཏེ།  མི་ཚང་མ་ཟབ་ཞུགས་བྱེད་པ་དང་། མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པ། མི་ཚང་མས་མཉམ་སྤྱོད་བྱེད་པ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྨ་ལྷོའི་དཔེ་དབྱིབས་གྲུབ་པར་བྱས་ཡོད།

དེའི་ནང་རྩེ་ཁོག་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཁྲོད།  སློབ་སྦྱོང་གི་ཕན་འབྲས་དེ་དོན་དངོས་སྒྲུབ་པའི་ཕན་འབྲས་ཀྱི་ཐོག་ནས་མངོན་པར་བྱས།   རྫོང་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དག་རྫོང་དེའི་ཁྲག་རིལ་དཀར་པོའི་ནད་བྱུང་བའི་སློབ་མའི་ཁྱིམ་དུ་བསྐྱོད་དེ།  གནས་སྐབས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི་ལྔ་བྱིན་པ་མ་ཟད།  རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་གཅེས་སེམས་མཚོན་པའི་གྲོས་འགོའི་ཡི་གེ་བཏོན་ཏེ། རིམ་བསགས་ཀྱིས་མ་དངུལ་སྒོར་འབུམ་གཅིག་ཁྲི་གཉིས་སྟོང་བཞི་ལྷག་གི་ཞལ་འདེབས་ཕུལ་ནས། རྫོང་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་ལས་བྱེད་པ་དང་མང་ཚོགས་ཀྱི་བརྩེ་སེམས་མཚོན་པར་བྱས།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་བའི་ཚུན་ལ།  ཁུལ་ཡོངས་སུ་དྲ་དམངས་ཀྱིས་བཀོད་པའི་དྲན་འཆར་ཁག49ཐག་གཅོད་བྱས་ཤིང་། དེའི་ནང་དྲ་དམངས་ལ་ཆད་པའི་གླ་ཆ་སྒོར་ས་ཡ་གཅིག་འབུམ་དྲུག་ཁྲི་བཞི་ལེན་རོགས་བྱས་པས། དྲན་འཆར་འགོད་ས་དེ་ཏང་དང་མང་ཚོགས་བར་གྱི་སེམས་པའི་སྦྲེལ་ཐག་ཞིག་ཏུ་འགྱུར་བར་བྱས།

ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སེམས་ཤུགས་གཅིག་སྒྲིལ་དང་། མང་ཚོགས་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་པ་བཅས་བྱས་ཏེ་མང་ཚོགས་ཆེས་བྲེལ་བ་དང་དཀའ་བ། སེམས་ཁྲལ་དང་རེ་སྒུག་བཅས་ཀྱི་གནད་དོན་མང་པོ་ཐག་གཅོད་བྱས་པར་མ་ཟད་ལམ་ལུགས་དང་སྟེགས་བུ་མང་པོ་བཙུགས་པས། མང་ཚོགས་ཀྱི་ཐོབ་སྣང་མངོན་གསལ་སྒོས་ཆེ་རུ་ཕྱིན་པ་དང་། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་འཆམ་མཐུན་བྱུང་ཡོད།

སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྨ་ལྷོའི་ས་གཞི་ཆེན་པོའི་སྟེང་།  རྒྱ་ཆེའི་ལས་བྱེད་པས་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་། སྤྱི་ཞབས་པའི་འདུ་ཤེས་དང་དམངས་ལ་བཅངས་བའི་བརྩེ་སེམས་རྒྱུན་མི་ཆད་པར་ཇེ་ཟབ་ཏུ་གཏོང་བ།    ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་བྱེ་བྲག་གི་བྱ་སྤྱོད་དུ་སྒྱུར་བ།   བྱས་རྗེས་ང་ལ་ཐོབ་མི་དགོས་པའི་བསམ་པའི་གོ་རྟོགས་དང་བྱས་རྗེས་འཇོག་པར་ང་ཡོད་ངེས་ཞེས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིས་ཕྱོགས་དེའི་བསམ་པའི་མཐོ་ས་ནས་བྱས་རྗེས་འཇོག་བཞིན་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།