མི་དམངས་སེམས་ཁོང་གི་སྨན་པ་བཟང་བོ་ཝུའུ་ཐེན་དབྱི།
2021.07.28 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 8

 འཛམ་གླིང་ཡང་རྩེ་རུ་དགུང་ལོ80ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ཞིག་གིས་གསོ་རིག་ཚོགས་པའི་སྣེ་ཁྲིད་དེ་མི་ཚེ་གང་བོར་ནམ་མཁའ་དང་བར་ཐག་ཉེ་ཤོས་ཀྱི་མཚོ་བོད་ལྕགས་ལམ་རྒྱུད་དུ་ཕྱག་ལས་གནང་གི་ཡོད། ཁོང་གིས་ལོ50ལྷག་ཙམ་རིང་རང་རྒྱལ་གྱི་ས་མཐོའི་གསོ་རིག་མེད་པ་ནས་ཡོད་པའི་བར་དང་ཉམས་ཞན་ནས་སྟོབས་ཆེར་གྱུར་པའི་བར་སྐུལ་འདེད་བཏང་སྟེ། དཀའ་ཚེགས་ཆེ་བའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཐོག་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བས། ཁོང་ཉིད་ མདོ་དབུས་མཐོ་སྒང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་བརྟན་པོར་ངེས་ཡོད།

ཁོང་ནི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་ཡིན་པ་དང་།   མཐོ་སྒང་གི་གསོ་རིག་བྱ་གཞག་གི་གསར་གཏོད་པ་དང་གསོ་རླུང་མི་འདང་བའི་ལུས་ཁམས་རིག་པ་དང་མཐོ་སྒང་གསོ་རིག་གི་རིགས་གཅིག་མཁས་ཅན་ཞིག་ཡིན།  ད་ལོའི་ཟླ6ཚེས29ཉིན་ཁོང་ཉིད་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་གྱི་བྱ་དགའ་ལེན་སའི་སྟེགས་བུར་ལངས་ནས་ཏང་ནང་ཁུལ་གྱི་མཚན་སྙན་མཐོ་ཤོས་མཚོན་པའི་བདུན་གཅིག་བྱས་རྗེས་གཟེངས་རྟགས་བཏགས་པ་རེད།

དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བའི་ནང་ཝུའུ་ཐེན་དབྱི་ཞིན་ཅང་དབྱི་ལིའི་ཐ་ཅི་ཁེ་རིགས་ཀྱི་ཤེས་ཡོན་ཅན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཁོང་ལོ་དགུ་ལ་སོན་པའི་སྐབས་ཕ་མ་དང་མཉམ་དུ་ནན་ཅིན་དུ་སློབ་སྦྱོང་བྱེད་པར་བསྐྱོད། 1950ལོའི་ཟླ་10པར་ཀྲུང་གོ་མི་དམངས་དང་བླངས་དམག་ཡར་ལུང་གཙང་པོ་བརྒལ་ནས་མེ་འགོག་ཁྲའོ་རོགས་དམག་འཁྲུག་དངོས་སུ་འགོ་ཚུགས་པ་དང་། ནན་ཅིན་དུ་ཝུའུ་ཐེན་དབྱི་དམག་བསྡུའི་ལུས་པོའི་བརྟག་དཔྱད་བདེ་བླག་ངང་ཚད་ལོན་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འཐབ་མོ་བ་ཞིག་ཏུ་གྱུར།

“ང་ལུས་སྟོབས་ཆུང་ཡང་བདེ་ཐང་ཡིན། སྐབས་དེར་ང་ལ་རེ་འདུན་གཅིག་མ་གཏོགས་མེད། དེ་ནི་དམག་དཔུང་ལ་ཞུགས་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་རྒྱུ་དེ་ཡིན”ཞེས་ཝུའུ་ཐེན་དབྱིས་དེ་ལྟར་བཤད་བྱུང་། རིག་གནས་ཀྱི་རྨང་གཞི་བཟང་བོ་ཡོད་པའི་དབང་གིས་དམག་དཔུང་ནང་ཞུགས་མ་ཐག་ཁོང་ཀྲུང་གོའི་གསོ་རིག་སློབ་ཆེན་གྱིས་གསོ་སྐྱོང་བྱས། ལོ་དྲུག་རིང་གི་རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་མཇུག་འགྲིལ་སྐབས། མེ་འགོག་ཁྲའོ་རོགས་དམག་འཁྲུག་མཚམས་འཇོག་པའི་ཆིངས་ཡིག་བཞག་ཟིན།  འོན་ཀྱང་དེ་དུས་དམག་དཔུང་ད་དུང་ཕྱིར་འཐེན་བྱས་མེད་པས་ངས་གཡུལ་སར་བསྐྱོད་རྒྱུའི་རེ་འདུན་ཞུས་པ་ཡིན།

1957ལོར་ཝུའུ་ཐེན་དབྱིས་རང་གི་ཆུང་མ་དང་མཉམ་དུ་དང་བླངས་དམག་གི་གྱོན་ཆས་བརྗེས་ནས་ཕོང་དབྱང་དུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྨན་ཁང་ཨང512པར་བསྐྱོད་པ་རེད། གནས་དེར་རིམས་ནད་འགོག་སེལ་ལ་བྱས་རྗེས་བཞག་པའི་དབང་གིས་ཁོང་ལ་ཐེངས་དང་པོར་བྱས་རྗེས་རིམ་པ་གསུམ་པ་ཐོབ།

1958ལོར་དམག་དཔུང་དང་མཉམ་དུ་མཚོ་སྔོན་དུ་ཕྱིར་ལོག་རྗེས། སྐབས་དེའི་དམག་སྦྱོང་ཆེན་པོའི་འབོད་སྐུལ་དང་ལེན་བྱ་ཆེད། ཝུའུ་ཐེན་དབྱི་རྟ་དམག་ལེན་ཞིག་ལ་ལས་བགོས་བྱས།   “ང་དམག་མི་དཀྱུས་མ་ཞིག་བྱ་རྒྱུ་ཡིན”ཞེས་བཤད་པ་དང་།  རྟ་དམག་ལེན་དུ་ཁོང་ལ“ཡག་པོ་ལྔའི་འཐབ་མོ་བའི”གཟི་བརྗིད་མཚན་སྙན་ཐོབ་པ་དང་། རྟ་དམག་ལེན་དུ་བསྡད་པ་དེས་རྗེས་སུ་ཁོང་མཐོ་སྒང་དུ་རྟ་ཞོན་ནས་བརྟག་དཔྱད་སྨན་བཅོས་བྱེད་དུ་འགྲོ་བར་རྨང་གཞི་ལེགས་པོ་བཏིང་ཡོད་པ་རེད།

1978ལོར་ཝུའུ་ཐེན་དབྱི་དང་ལས་རོགས་ཚོས་མཉམ་དུ་རྒྱལ་ཡོངས་ཀྱི་ས་མཐོའི་གསོ་རིག་ཞིབ་འཇུག་སའོ་དང་པོ་དེ་བཙུགས་པ་རེད།  ས་མཐོའི་ནད་རིགས་སྣ་ཚོགས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱ་ཆེད། 1979ལོ་ནས1992ལོའི་བར་ཝུའུ་ཐེན་དབྱིས་དུས་ཡུན་ལོ10ལྷག་ཙམ་སྤྱད་དེ་མི་འབུམ་གཅིག་གི་ས་མཐོའི་ནད་རིགས་བརྟག་དཔྱད་ཆེན་མོར་གཙོ་སྐྱོང་གནང་བ་རེད།  “ས་ཆ་ཞིག་ཏུ་ཐོན་ཚེ་ངས་ཐོག་མར་ས་བབ་མཐོ་ཤོས་གང་དུ་ཡིན་མིན་འདྲི་བ་ཡིན”།  ཁོང་གིས་ས་མཐོའི་གསོ་རིག་ཞིབ་འཇུག་བྱེད་སྐབས་ངེས་པར་དུ་མཐོ་ས་དང་རྒྱང་རིང་ལུང་ཁུག་ཏུ་བསྐྱོད་ནས་ཁྱིམ་ཚང་གཅིག་ཀྱང་མ་ལུས་པ་བྱེད་ཐུབ་ཚེ་གཞི་ནས་ནད་གཞི་ཁྱབ་ཚུལ་དང་ནད་གཞི་ཕོག་པའི་རྒྱུ་རྐྱེན་ཁོང་དུ་ཆུད་པར་བྱ་ཐུབ་ཅེས་བཤད།

བོད་རིགས་མང་ཚོགས་ཀྱི“ས་མཐོའི་གསོ་རླུང་མི་འདང་བར་འཕྲོད་པའི་ལུས་ཁམས་ཀྱི་ཁྱད་ཆོས”ཞེས་པའི་གཙོ་གནད་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱ་ཆེད།  ཝུའུ་ཐེན་དབྱི་ཡིས་བོད་ཡིག་སྦྱང་འགོ་བརྩམས། ལོ་བཅུ་ཕྲག་ཁ་ཤས་རིང་གི་ཚན་ཞིབ་ལས་དོན་ཁྲོད། ཁོང་མདོ་དབུས་མཐོ་སྒང་གི་ས་བབ་མཐོ་བའི་ས་ཁུལ་མང་ཆེ་བར་བསྐྱོད་དེ་འབྲོག་པ་མང་ཚོགས་ཁྲི་ཁ་ཤས་ཀྱི་ནད་གཞི་བརྟག་དཔྱད་བྱས་པ་དང་ནད་ཐོག་སྨན་བཅོས་ཀྱི་དཔྱད་གཞི་འབོར་ཆེན་ལེགས་སྒྲིག་བྱས་པས་འབྲོག་པ་མང་ཚོགས་ཀྱིས་ཁོང་ལ“རྟ་ཐོག་གི་སྨན་པ་བཟང་པོ”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།

ཝུའུ་ཐེན་དབྱི་ཡིས་མཐོ་སྒང་དུ་བྱུང་བའི་ནད་རིགས་སྣ་ཚོགས་ལ་ནད་ཡམས་རིག་པ་དང་། ནད་རྐྱེན་ལུས་ཁམས་རིག་པ། ནད་ཐོག་གསོ་རིག་པ་བཅས་ཀྱི་ཐད་ནས་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་གནང་ཡོད། ཁོང་གིས་གཅོང་ནད་རང་བཞིན་གྱི་མཐོ་སྒང་ནད་རིགས་ཀྱི་བརྟག་དཔྱད་ཚད་གཞི་བཏོན་པར་རྒྱལ་སྤྱིའི་ས་མཐོའི་གསོ་རིག་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་ཚད་གཞིར་བརྩིས་པ་དང་ཆབས་ཅིག་མཚོ་སྔོན་གྱི་ཚད་གཞི་ཞེས་མིང་བཏགས་ཡོད། ཚད་གཞི་དེ2005ལོར་རྒྱལ་སྤྱིའི་ཐོག་གཅིག་གྱུར་བེད་སྤྱོད་བྱས་པ་དང་། ས་མཐོའི་ནད་རིགས་འགོག་བཅོས་བྱེད་པར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

དུས་རབས20པའི་ལོ་རབས50པའི་དུས་མཇུག་ཏུ་ན་གཞོན་མང་པོ་ཞིག་གིས་ཕུགས་འདུན་བཅངས་ནས་མཚོ་སྔོན་དུ་མཐོ་སྒང་འཛུགས་སྐྲུན་བྱེད་པར་ཡོང་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་མཚོ་སྔོན་དུ་ཐོག་མར་སླེབས་སྐབས་ནང་ལོག་གི་འཛུགས་སྐྲུན་པ་མང་པོ་ཞིག་ལ་སྙིང་མི་བདེ་བ་དང་། དབུགས་ལེན་དཀའ་བ། མགོ་ན་བ་སོགས་ས་མཐོར་མི་འཕྲོད་པའི་སྣང་ཚུལ་བྱུང་། ས་མཐོའི་ནད་རིགས་ཀྱི་གཞི་རྩའི་ཤེས་བྱ་མི་འདང་བས་ས་མཐོའི་ནད་རིགས་མང་པོ་ཞིག་སྤྱིར་བཏང་གི་གློ་ཚད་ལ་ངོས་བཟུང་ནས་སྨན་བཅོས་བྱས་པས་འཛུགས་སྐྲུན་པ་མང་པོ་ཞིག་སྔ་རྗེས་སུ་ནད་གཞི་ཇེ་སྡུག་ཏུ་ཕྱིན་པ་དང་ཐ་ན་ཚེ་སྲོག་ཀྱང་ཤོར་བ་རེད།

ཝུའུ་ཐེན་དབྱི་ཡིས་སྐབས་དེར་ས་མཐོའི་ནད་ནི་རང་རྒྱལ་གྱི་གསོ་རིག་ཞིབ་འཇུག་ཁྱབ་ཁོངས་ནང་སྟོང་པ་ཡིན་ལ། རྒྱལ་ནང་དུ་དེའི་ཐད་ངོས་འཛིན་གསལ་པོ་མེད་པ་དང་རྒྱལ་སྤྱིའི་ས་མཐོའི་གསོ་རིག་ཁྱབ་ཁོངས་སུ་ཕྱི་རྒྱལ་བས་མ་གཏོགས་སྐད་ཆ་བཤད་མཁན་མེད་ཅེས་གསུངས་པ་དང་། “ངས་ས་མཐོའི་ནད་ཀྱི་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་སྐོང་རྒྱུ་ཡིན”ཞེས་པའི་ཆོད་སེམས་ལས་ཁོང་གིས་མི་ཚེ་གང་པོར་ས་མཐོའི་གསོ་རིག་ཞིབ་འཇུག་གི་ལས་དོན་ལ་འབད་འབུངས་ལྷོད་མེད་བྱས་པ་དེ་མཚོན་ཐུབ།

“མདོ་དབུས་མཐོ་སྒང་དུ་གསོ་རླུང་མི་འདང་བ་དང་རང་བྱུང་ཁོར་ཡུག་ཞན་པ་དེས་མི་རྣམས་ཀྱིས་མཐོ་སྒང་དུ་བྱ་བ་སྒྲུབ་པར་འགོག་རྐྱེན་བཟོས་པ་མ་ཟད། ཡུལ་དེའི་མང་ཚོགས་དང་དཔོན་དམག་ཚོའི་བདེ་ཐང་དང་བདེ་འཇགས་ལའང་ཉེན་ཁ་བཟོས་ཡོད་པས་ངེས་པར་དུ་ས་མཐོའི་ནད་འབྱུང་རྐྱེན་བཙལ་ཏེ་ཞིབ་འཇུག་ཟམ་མི་ཆད་པར་བྱེད་དགོས”།  འདི་ལྟར་ཝུའུ་ཐེན་དབྱི་ཡིས་རང་ཉིད་ཀྱིས་སྦྱངས་པའི་གསོ་རིག་ཤེས་བྱར་བརྟེན་ནས་མཐོ་སྒང་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་འགན་ལེན་བྱེད་ཀྱི་ཡོད།

མཐོ་ཞིང་གྲང་ལ་གསོ་རླུང་མི་འདང་བ་ནི་ལྕགས་ལམ་འཛུགས་སྐྲུན་པ་རྣམས་ཀྱི་ལུས་པོ་བདེ་ཐང་ལ་འཕྲད་པའི་ཉམས་སད་ཆེན་པོ་ཞིག་དང་མཐོ་སྒང་ལྕགས་ལམ་འཛུགས་སྐྲུན་གྱི་འཛམ་གླིང་རང་བཞིན་གྱི་དཀའ་ཁག་ཆེན་པོ་ཞིག་ཡིན་ཞིང་།   མཐོ་སྒང་གསོ་རིག་ལ་འཕྲད་པའི་འགྲན་སློང་གསར་པ་ཞིག་ཀྱང་ཡིན་པ་རེད།

མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ལོ་ལྔའི་ནང་དུ། དེ་སྔའི་ལྕགས་ལམ་པུའུ་མཐོ་སྒང་གསོ་རིག་རིགས་གཅིག་མཁས་ཅན་ཚན་ཆུང་གི་ཚན་གཙོ་ཡིན་པའི་ཆ་ནས། ཝུའུ་ཐེན་དབྱི་ཡིས་ཚང་མའི་སྣེ་ཁྲིད་དེ་རྩོལ་བཅག་ཟུང་འབྲེལ་དང་མཐོ་སྒང་ནད་རིགས་འགོག་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་དང་། ཚན་རིག་དང་མཐུན་པའི་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་འགན་སྲུང་བྱེད་ཐབས་དང་མྱུར་སྐྱོབ་ཇུས་གཞི་བཅས་བཟོས་པ་མ་ཟད། ད་དུང་མཐོ་སྒང་ནད་རིགས་ཀྱི་རང་ཉིད་ཀྱི་ངོས་འཛིན་བྱེད་ཐབས་ཟིན་བྲིས་སུ་བཀོད་དེ་ལྕགས་ལམ་ལས་བཟོ་པ་ཚང་མར་སྤྲད་པ་རེད།

“མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ས་ཁུལ80%ཡི་མཚོ་འཕང་སྨི4500ཡན་ཟིན་པས་དེ་གར་དབུགས་ཇི་ལྟར་རྔུབ་ཀྱང་རྒྱ་མཚོའི་ངོས་དང་མཉམ་པའི་ས་ཁུལ་གྱི་གསོ་རླུང་རྔུབ་ཚད་ཀྱི་ཕྱེད་ཀ་ལས་ཟིན་གྱི་མེད”ཅེས་ཝུའུ་ཐེན་དབྱི་ཡིས་དེ་ལྟར་བཤད་བྱུང་།

ཁོང་གིས་དངོས་སུ་ཚན་ཞིབ་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ་ལས་ཀར་མཛུབ་ཁྲིད་བྱས་ནས་སྲོ་ལོ་དམར་པོ་སོགས་མཐོ་སྒང་ལ་འཕྲོད་པའི་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་། “མཐོ་གསུམ་དམའ་གསུམ”གྱི་མྱུར་སྐྱོབ་བྱེད་ཐབས་བཏོན་པས།    མཐོ་སྒང་གི་ནད་རིགས་ཚབས་ཆེན་འབྱུང་ཚད་དེ་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་དུས་འགོའི9.8%ནས1%བར་ཇེ་དམའ་རུ་ཕྱིན་པ་རེད།

ཝུའུ་ཐེན་དབྱིའི་ཞིབ་འཇུག་འབྲས་བུ་ཡིས་མཚོ་བོད་ལྕགས་ལམ་བདེ་བླག་ངང་འཛུགས་སྐྲུན་བྱེད་པར་འགན་ལེན་བྱས་པ་མ་ཟད། ད་དུང་ངལ་རྩོལ་པ་འབུམ་གཅིག་ཁྲི་བཞི་ཡིས་མཚོ་འཕང་སྨི4000ཡན་ཟིན་པའི་ས་ཁུལ་དུ་ལོ་བཞིར་ལས་ཀ་བྱས་ཀྱང་མཐོ་སྒང་ནད་གཞིའི་རྐྱེན་གྱིས་ཚེ་ལས་འདས་མཁན་གཅིག་ཀྱང་མ་བྱུང་བའི་འཛམ་གླིང་གི་གསོ་རིག་ངོ་མཚར་ཡང་བཏོད་ཡོད་པ་རེད།

“ང་སྨན་པ་ཡིན་ལ་ཏང་ཡོན་ཡང་ཡིན། ད་དུང་མཐོ་སྒང་ནད་རིགས་ལ་རྒྱུས་མངའ་ཡང་ཟབ་མོ་ཡོད་པས་ང་ངེས་པར་དུ་འགྲོ་དགོས”།    2010ལོའི་ཟླ10ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་ཚད་རིམ7.1གི་ས་ཡོམ་བྱུང་བ་ཐོས་རྗེས། ལོ70ལྷག་ལ་སོན་པའི་ཝུའུ་ཐེན་དབྱི་ལ་མཚན་གང་པོར་གཉིད་མ་ཁུགས་པ་རེད། ཕྱི་ཉིན་ཁོང་གིས་ལས་རོགས་དང་ཁྱིམ་མི་ཚོའི་ཁ་ཏར་མ་ཉན་པར་རང་འགུལ་ངང་རེ་འདུན་ཞུས་ནས་དེ་མ་ཐག་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ་གནོད་ཁུལ་དུ་བསྐྱོད་པ་རེད།

གནོད་ཁུལ་དུ་འབྱོར་རྗེས། ཁོང་གིས་གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཡུལ་དང་པོར་ཉིན་མཚན་དབྱེར་མེད་དུ་ཕྱག་ལས་གནང་། ཉིན་མོར་རོགས་སྐྱོབ་ས་ཚིགས་ཆེ་གྲས་ཁག་ལ་བསྐྱོད་དེ་གློ་བར་ཆུ་བསགས་པའི་ནད་པ་མྱུར་སྐྱོབ་བྱེད་རོགས་བྱས་པ་དང་། མཚན་མོར་སྨན་བཅོས་རུ་ཁག་སོ་སོར་མཐོ་སྒང་ནད་རིགས་འགོག་བཅོས་རོགས་སྐྱོབ་ཀྱི་ཤེས་བྱ་འགྲེལ་བཤད་བྱས་ཏེ།  ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཚེ་སྲོག་མྱུར་སྐྱོབ་དང་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱས་པ་རེད། ཁོང་གིས་ད་དུང་བོད་སྐད་ཤེས་པའི་ལེགས་ཆ་འདོན་སྤེལ་བྱས་ནས། གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཤེས་བྱ་འགྲེལ་བཤད་དང་སེམས་གསོ་གནང་བ་རེད།

“འདི་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་གྱི་ས་ཡོམ་ཡིན། ང་ཚོས་གུང་ཁྲན་ཏང་མིའི་སྙིང་སྟོབས་ལ་བརྟེན་ནས་ས་མཐོའི་ས་ཡོམ་གྱི་གནོད་འཚེ་ལས་རྣམ་པར་རྒྱལ་དགོས”ཞེས་ཝུའུ་ཐེན་དབྱི་ཡིས་དེ་ལྟར་བཤད་པ་དང་། ས་ཡོམ་རྗེས་སུ་ཁོང་གིས་ཚོགས་འདུ་མང་པོར་གཙོ་སྐྱོང་གནང་ནས། ཡུས་ཧྲུའུ་ས་ཡོམ་གྱི་རོགས་སྐྱོབ་ཉམས་མྱོང་ཕྱོགས་སྡོམ་ལེགས་པོ་བྱས་པ་མ་ཟད། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱོགས་ནས་ཀྲུང་གོས་ས་མཐོའི་ནད་རིགས་ཚབས་ཆེན་མྱུར་སྐྱོབ་བྱས་པའི་ཉམས་མྱོང་ཡང་ངོ་སྤྲོད་བྱས་པ་རེད།

རང་ཉིད་ཀྱི་ལུས་པོ་བདེ་ཐང་མིན་ནའང་ཝུའུ་ཐེན་དབྱིའི་ཐུགས་སེམས་ནམ་ཡང་མཐོ་སྒང་མི་དམངས་ལ་འཕྲེང་ཞིང་། མཐོ་སྒང་དུ་ནད་བརྟག་སྨན་བཅོས་ཀྱི་བྱ་བ་སྒྲུབ་ནས་ལོ་50ལྷག་ཙམ་གྱི་རིང་ལ་ཁོང་གིས་ལྷག་བསམ་རྣམ་དག་གིས་མང་ཚོགས་ཁྲི་སྟོང་མང་པོའི་ཚེ་སྲོག་སྲུང་སྐྱོབ་བྱས།

ཝུའུ་ཐེན་དབྱི་གཞི་རིམ་དུ་སྐྱོད་པའི་ལམ་བར་དུ་རླངས་འཁོར་གྱི་ཆག་སྒོ་བྱུང་ནས་རྩིབ་རུས་དང་པུས་མོའི་འཕང་ལོ་སོགས་ལ་བརྡབས་སྐྱོན་ཤོར་ནས་ད་ལྟའི་བར་དུ་སངས་དྲག་བྱུང་མེད་པ་རེད།  དུས་ཡུན་རིང་བོར་མཐོ་སྒང་དུ་བྱ་བ་སྒྲུབ་པར་བརྟེན་ཝུའུ་ཐེན་དབྱི་ལ་མིག་ནད་སྐྱ་འགྲིབ་ཀྱི་ནད་བྱུང་བ་དང་བཤགས་བཅོས་བྱས་རྗེས་ཁོང་གིས་ངལ་གསོ་མ་བྱས་པར་མྱུར་དུ་ཚོད་ལྟ་ཁང་དུ་སོང་ནས་བྱ་བ་སྒྲུབ་པ་རེད།

གནོན་ཤུགས་མཐོ་དམའི་ཚོད་ལྟའི་གསོ་རླུང་མཛོད་ཀྱི་ལད་ཟློས་ཚོད་ལྟ་བྱེད་པའི་ཁྲོད། ཝུའུ་ཐེན་དབྱིས་རང་འགུལ་ངང་ཚོད་ལྟ་བྱེད་ཐེངས་དང་པོའི་ཉེན་ཁ་དང་དུ་བླངས་ནས་འཛེམ་དོགས་ཅི་ཡང་མེད་པར་གསོ་རླུང་མཛོད་ནང་འཛུལ་བ་དང་། ཉམས་མྱོང་མེད་པའི་རྐྱེན་གྱིས་གསོ་རླུང་མཛོད་ནང་གི་གནོན་ཤུགས་མྱུར་དུ་མར་ཆག་ནས་ཁོང་གི་རྣ་བའི་བར་སྐྱི་ལ་སྐྱོན་ཆེན་པོ་ཐེབས། ཡིན་ན་ཡང་ཁོང་གིས་གསོ་རླུང་མཛོད་འཁོར་སྐྱོད་ཀྱི་བདེ་འཇགས་བཏགས་གྲངས་གསལ་པོར་ཤེས་བ་རེད།

ཝུའུ་ཐེན་དབྱིས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་སུ་མི་ཚེ་གང་བོར་འབད་འཐབ་བྱས་པར་གཟི་བརྗིད་མཚན་སྙན་གྲངས་མེད་ཐོབ་ཡོད། “མདོ་དབུས་མཐོ་སྒང་ནི་ངས་ཚན་རིག་ཞིབ་འཇུག་བྱེད་པའི་རྨང་གཞི་དང་ངའི་ཚེ་སྲོག་གི་རྩ་བ་ཡིན་ལ།  མཐོ་སྒང་གི་གསོ་རིག་ཞིབ་འཇུག་ནི་ངའི་མི་ཚེ་གང་བོའི་དོན་གཉེར་བྱ་ཡུལ་ཡིན། ‘བདུན་གཅིག་བྱས་རྗེས་གཟེངས་རྟགས’ནི་ཏང་ནང་ཁུལ་གྱི་གཟི་བརྗིད་ཆེ་ཤོས་ཡིན་ལ་དེ་ནི་གཟི་བརྗིད་ཅིག་ཡིན་ལ་ཉམས་སད་ཞིག་ཀྱང་ཡིན།  རྗེས་ཕྱོགས་ངས་ཚོགས་པའི་སྣེ་ཁྲིད་ཡག་པོ་བྱེད་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཡག་པོ་བྱས་ནས།  མཐོ་སྒང་མི་དམངས་དང་དཔོན་དམག་གི་བདེ་ཐང་འགན་ལེན་བྱེད་པའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།